十一世班禅:不要只顾修金身而忽视“肉身菩萨”的培养

文章摘要:班禅额尔德尼·确吉杰布深感这一时代的历史使命是:爱国爱教、护国利民,为人类谋福祉,为实现中华民族伟大复兴贡献力量。

  每个时期的宗教,都有适应所处时代发展要求的历史使命。作为宗教界委员,班禅额尔德尼·确吉杰布深感这一时代的历史使命是:爱国爱教、护国利民,为人类谋福祉,为实现中华民族伟大复兴贡献力量。3月11日下午,在全国政协十二届五次会议第四次全体会议上,全国政协委员、中国佛教协会副会长班禅额尔德尼·确吉杰布围绕“做好宗教工作”发言。

  དུས་སྐབས་རེའི་ཆོས་ལུགས་ཚང་མར་གནས་པའི་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཕྲོད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡོད་པ་རེད།ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དུས་རབས་འདིའི་ལོ་རྒྱུས་ཀྱི་ལས་འགན་ནི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་བྱས་ཏེ་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ནུས་ཤུགས་འབུལ་རྒྱུ་དེ་ཡིན་པར་མྱོང་ཚོར་ཟབ་པོ་ཡོད་པ་རེད།ཟླ་བ༣པའི་ཚེས༡༡ཉིན་གྱི་ཕྱི་དྲོར།རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གསུང་བཤད་གནང་བ་རེད།

  做好宗教工作为国家发展和人类福祉做出新时代的贡献

  ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་ཁབ་འཕེལ་རྒྱས་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་དུས་རབས་གསར་པའི་ནང་བྱས་རྗེས་འབུལ་དགོས།

 

 ———班禅额尔德尼·确吉杰布—

  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ།

  班禅额尔德尼·确吉杰布委员认为佛教自从创立以来,对提升人类精神素质和道德修养起到了积极的作用。中国佛教始终秉持慈悲为怀、和谐和平的教义理念。在中国共产党的宗教政策,特别是习近平主席在全国宗教工作会议上的讲话精神的指引下,通过佛教界和广大信众的努力,佛教可以在促进国家发展中发挥作用:可以增强信众对党的领导、对中国特色社会主义制度、对中华民族的认同感;可以有效调动信众,自觉维护国家统一和民族团结,积极参与经济社会建设;可以推进社会道德建设,增强敬畏之心,为实现中华民族伟大复兴的中国梦发挥出佛教界的特殊作用。

  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཨུ་ཡོན་གྱིས་བལྟས་ན།ནང་བསྟན་གསར་འཛུགས་མཛད་པ་ནས་བཟུང་།མིའི་རིགས་ཀྱི་བསམ་པའི་གཤིས་རྒྱུད་དང་ཀུན་སྤྱོད་བློ་སྦྱོང་མཐོར་འདེགས་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།ཀྲུང་གོའི་ནང་བསྟན་གྱིས་ཐོག་མཐའ་བར་གསུམ་དུ་བྱམས་སྙིང་རྗེ་དང་འཆམ་མཐུན།ཞི་བདེ་བཅས་ཆོས་ཀྱི་སྙིང་པོ་དང་ལྟ་བ་འཛིན་གྱི་ཡོད།ཀྲུང་གོ་གུང་ཁྲན་ཏང་གི་ཆོས་ལུགས་སྲིད་ཇུས་དང་སྒོས་སུ་ཞི་ཅིན་ཕིང་ཀྲུའུ་ཞི་ཡིས་རྒྱལ་ཡོངས་ཆོས་ལུགས་ལས་ཀའི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་སྙིང་དོན་གྱི་ཁྲིད་སྟོན་འོག།ནང་བསྟན་ལས་རིགས་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་འབད་བརྩོན་བྱས་ཏེ་ནང་བསྟན་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་གཏོང་རིང་ནུས་པ་ཐོན་ཐུབ་ཀྱི་རེད།ཆོས་དད་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས།ཀྲུང་ཧྭ་མི་རིགས་བཅས་ལ་ངོས་ལེན་བྱེད་ཚད་ཆེ་རུ་གཏོང་བ།ཆོས་དད་མང་ཚོགས་སྐུལ་སློང་ནུས་ལྡན་བྱས་ནས་རང་རིག་གིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བར་གྱི་མཐུན་སྒྲིལ་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ།སྤྱི་ཚོགས་ཀུན་སྤྱོད་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ་དང་གུས་སྲུང་གི་སེམས་ཆེར་ཕྱིན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ནང་བསྟན་ལས་རིགས་ཀྱི་ནུས་པ་དམིགས་བསལ་ཅན་ཐོན་ཐུབ་ཀྱི་རེད།

  内在因素制约着佛教健康发展

  ནང་རྐྱེན་གྱིས་ནང་བསྟན་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ཚོད་འཛིན་བྱེད་ཀྱི་ཡོད།

  然而,班禅额尔德尼·确吉杰布委员认为也有诸多内在因素制约着佛教健康发展和发挥作用。ཡིན་ནའང་།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཨུ་ཡོན་གྱིས་བལྟས་ན།ནང་རྐྱེན་མང་པོ་ཞིག་གིས་ནང་བསྟན་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་ནུས་པ་ཐོན་པར་ཚོད་འཛིན་ཀྱང་བྱེད་ཀྱི་ཡོད།

  一是道风建设不够扎实,监管机制有待加强。

  གཅིག་ནས་ཆོས་སྦྱོང་བའི་གོམས་སྲོལ་འཛུགས་སྐྲུན་དོ་དན་མིན་ཞིང་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ལ་ཤུགས་སྣོན་རྒྱག་དགོས་པ།

  随着商品经济的发展,佛教也受到了商业化的冲击。比如有些僧人不守清规,不务正业,追名逐利;一些地方把寺院当做“摇钱树”,变成“家庙”,变成“商场”;更有一些假活佛、假僧人用一些似是而非的理论“宣讲佛法”,骗取钱财。以上种种乱象虽不能代表佛教主流,却造成了极坏的影响,使庄严慈悲的佛教形象被唯利是图之人玷污,清净丛林的修行之地被利欲熏心之徒亵渎。

  ཚོང་ཟོག་དཔལ་འབྱོར་གོང་འཕེལ་བྱུང་བ་དང་ཆབས་ཅིག།ནང་བསྟན་ལའང་ཚོང་ལས་ཅན་གྱི་རྡབ་ཤུགས་ཐེབས་པ།དཔེར་ན།གྲྭ་བཙུན་འགའ་ཞིག་གིས་སྡོམ་པ་མི་སྲུང་བ་དང་ཚུལ་མཐུན་བྱ་བར་མི་ཞུགས་པ།ཁེ་འདོད་གྲགས་འདོད་གཉེར་བ།ས་གནས་འགའ་ཞིག་ལ་དགོན་པ་དེ་དཔག་བསམ་ཤིང་དུ་བརྩི་བ་དང་ཁྱིམ་རྒྱུད་ཀྱི་དགོན་པར་འགྱུར་བ།ཚོང་ར་ཅན་དུ་འགྱུར་བ་བཅས་རེད།དེ་ལས་སྤྲུལ་སྐུ་རྫུན་མ་དང་བཙུན་པ་རྫུན་མ་འགའ་ཞིག་གིས་ཡིན་ལ་མིན་གྱི་རིགས་གཞུང་ལ་བརྟེན་ནས་ཆོས་བཤད་དེ་ནོར་དངུལ་བསླུ་ལེན་བྱས་པ།གོང་གསལ་གྱི་ཚུལ་མིན་དེ་དག་གིས་ནང་བསྟན་གྱི་གཙོ་ཕྱོགས་མཚོན་མི་ཐུབ་མོད།ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ནས་རྔམ་བརྗིད་ལྡན་ཞིང་བྱམས་སྙིང་རྗེ་ལྡན་པའི་ནང་བསྟན་གྱི་རྣམ་པ་དེ་ཁེ་བཟང་ཁོ་ནར་རྔམ་པ་འགའ་ཞིག་གིས་བཙོག་པར་བཟོས་ཏེ་འདུ་འཛི་མེད་ཅིང་དབེན་གནས་སྒོམ་རྒྱག་བྱེད་ས་དེ་སྒེར་དོན་ལ་སེམས་བརྣགས་པ་འགའ་ཞིག་གིས་ཕོག་ཐུག་གཏོང་བ་རེད།

  二是人才培养仍有不足,僧人素质有待提高。

  གཉིས་ནས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་ད་དུང་མི་འདང་བས།བཙུན་པའི་བྱང་ཚད་མཐོ་རུ་གཏོང་དགོས་པ།

  赵朴初居士曾指出:“当前和今后相当时期内佛教工作最重要、最紧迫的事情,第一是培养人才,第二是培养人才,第三还是培养人才。”有些寺院只顾着修金身、建大佛,把殿堂修得金碧辉煌,却忽视了真正的“肉身菩萨”即优秀僧才的培养。有些寺院有僧无师、有经无教,僧团队伍素质明显不足,无法完成讲经传法的任务。

  དགེ་བསྙེན་ཀྲའོ་ཕུའུ་ཁྲུའུ་ཡིས་སྔོན་ཆད་བསྟན་མྱོང་བར།མིག་སྔར་དང་ཕྱིན་ཆད་དུས་རིམ་ཞིག་གི་ནང་ནང་བསྟན་ལས་ཀའི་ཆེས་གལ་ཆེ་བ་དང་ཆེས་མཁོ་དགོས་ཆེ་བའི་བྱ་བ་དང་པོ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད།གཉིས་པ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད།གསུམ་པ་དེའང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད།དགོན་སྡེ་འགའ་ཞིག་གིས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་དགོན་པ་དང་སྐུ་འདྲ་གང་ཆེ་བཞེང་རྒྱུ་ཁོ་ནར་མཐོང་ཆེན་བྱས་ཏེ་གྲྭ་བཙུན་བྱང་ཆུབ་སེམས་པ་ལྡན་པ་ཕུལ་བྱུང་ཅན་གསོ་སྐྱོང་བྱ་རྒྱུར་སྣང་ཆུང་བྱེད་པ་རེད།དགོན་སྡེ་འགའ་ཞིག་ལ་གྲྭ་བཙུན་ཡོད་རུང་སློབ་དཔོན་མེད་པ།གསུང་རབ་བཀའ་རྩོམ་ཡོད་རུང་སྦྱོང་མཁན་མེད་པ།སེར་ཚོགས་དཔུང་སྡེའི་བྱང་ཚད་མངོན་གནས་མི་འདང་བ་བཅས་ཀྱི་རྐྱེན་གྱིས།ཆོས་བཤད་པ་དང་སྤེལ་རྒྱུའི་ལས་འགན་སྒྲུབ་ཐབས་མེད་པ་རེད།

  三是理论研究挖掘不深,讲经缺少时代内容。

  གསུམ་ནས་རིགས་གཞུང་ཞིབ་འཇུག་སྔོག་འདོན་བྱ་རྒྱུ་ཟབ་པོ་མིན་ཞིང་ཆོས་བཤད་དུས་དུས་རབས་དང་འཕྲོད་པའི་ནང་དོན་བཤད་རྒྱུ་ཉུང་བ།

  在信息时代,如何把古老的佛经读懂、践行,并为信众讲出真经,是适应时代的必由之路。而在我国,佛教界人士只有讲出符合我国国情、符合社会进步要求的教义阐释,才能更好促进佛教与社会主义社会相适应,才能发挥出佛教在经济社会发展中的积极作用。目前,这一方面还缺乏系统深入的理论研究,讲经欠缺时代内涵,特别是缺少同社会主义核心价值观一致的宗教理论的深度挖掘,还无法充分满足信教群众的期待。

  འཆར་འཕྲིན་གྱི་དུས་རབས་སུ།གང་འདྲ་བྱས་ཏེ་གནའ་ཉམས་ལྡན་པའི་ནང་པའི་བསྟན་བཅོས་དག་བཀླགས་ནས་ཤེས་པ་དང་ལག་ལེན་བསྟར་བ་དང་ཆབས་ཅིག།ཆོས་དད་མང་ཚོགས་ལ་ཆོས་ཀྱིི་གསུང་རབ་ཡང་དག་བཤད་ཐུབ་པ་བྱ་རྒྱུ་དེ་ནི་དུས་རབས་དང་འཕྲོད་པའི་བརྒྱུད་དགོས་ངེས་ཀྱི་འགྲོ་ལམ་ཞིག་ཡིན།རང་རྒྱལ་ལ་བཤད་ན།ནང་བསྟན་ལས་རིགས་ཀྱི་མི་སྣས་རང་རྒྱལ་གྱི་གནས་ཚུལ་དང་འཕྲོད་ཅིིང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་བསྟན་དོན་དང་འཆད་འགྲེལ་བྱས་པ་ཁོ་ནས།ད་གཟོད་སྔར་ལྷག་གིས་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པ་བྱེད་ཐུབ་ཅིང་།ད་གཟོད་ནང་བསྟན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་རིང་གི་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ཀྱི་རེད།མིག་སྔར།ཕྱོགས་དེའི་ཐད་ད་དུང་གོ་རིམ་ལྡན་ཞིང་གཏིང་ཟབ་པོའི་རིགས་གཞུང་གི་ཞིབ་འཇུག་བྱ་རྒྱུ་མི་འདང་བ།ཆོས་བཤད་དུས་དུས་རབས་དང་མཐུན་པའི་ནང་དོན་བཤད་རྒྱུ་ཉུང་བ།ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་གཅིག་མཐུན་གྱི་ཆོས་ལུགས་རིགས་གཞུང་སྐོར་སྔོག་འདོན་གཏིང་ཟབ་བྱ་རྒྱུ་མི་འདང་བས།ཆོས་དད་མང་ཚོགས་ཀྱི་རེ་སྒུག་ད་དུང་གང་ལེགས་སྐོང་ཐབས་མེད་པ་རེད།

  综合上述,班禅额尔德尼·确吉杰布委员建议:

  གོང་གསལ་གྱི་གནད་དོན་ཕྱོགས་སྡོམ་བྱས་ཏེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཨུ་ཡོན་གྱིས་གྲོས་གཞི་བཏོན་པ་གཤམ་གསལ།

  一、加强依法依戒管理。不断加强道风建设,严管违戒违法问题,在寺院、僧团中重点宣讲遵纪守法、严守清规,同时严格寺规制度,对寺院、僧团内部人员中出现的道风问题予以整治。对于假僧假道现象,请有关部门建立长效监管机制,做到及时发现、及时查处,对目无法纪、借教敛财等乱象进行依法处理。寺院和僧团必须要以精勤修持为本务,以弘法利生为目标,引导宗教界和广大信众为国家发展稳定贡献力量。

  དང་པོ།བཅའ་ཁྲིམས་དང་སྡོམ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།རྒྱུན་ཆད་མེད་པར་ཆོས་སྦྱོང་བའི་གོམས་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྡོམ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་གནད་དོན་ལ་དོ་དམ་ནན་པོ་བྱེད་དགོས།དགོན་སྡེ་དང་སེར་ཚོགས་ནང་གཙོ་གནད་དུ་སྒྲིག་ཁྲིམས་སྲུང་བ་དང་ཆོས་ཁྲིམས་ནན་པོ་སྲུང་རྒྱུའི་དྲིལ་བསྒྲགས་བྱེད་པ་དང་མཉམ་དུ་དགོན་སྡེའི་སྒྲིག་ལམ་ལུགས་སྲོལ་ནན་པོ་བྱས་ནས་དགོན་སྡེ་དང་སེར་ཚོགས་མི་སྣ་ནང་བུད་པའི་སྒྲིག་སྲོལ་གྱི་གནད་དོན་ལ་དག་བཅོས་བྱེད་དགོས།གྲྭ་པ་རྫུན་མ་དང་ཏའོ་ཅའོ་ཆོས་ཀྱི་རབ་བྱུང་པ་རྫུན་མ་ཡོད་པའི་གནས་ཚུལ་རིགས་ལ།འབྲེལ་ཡོད་སྡེ་ཚན་གྱིས་ནུས་པ་ཡུན་རིང་ཐོན་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་བཙུགས་ཏེ་ལམ་སང་མཐོང་བ་དང་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་བྱེད་དགོས།བཅའ་ཁྲིམས་དང་ཆོས་ཁྲིམས་རྩིས་མེད་གཏོང་མཁན་དང་ཆོས་བཤད་ལ་ཁ་གཡར་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ་སོགས་ཁྲིམས་འགལ་ལུགས་འགལ་ལ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།དགོན་སྡེ་དང་སེར་ཚོགས་ཀྱིས་ངེས་པར་དུ་བརྩོན་འགྲུས་ཞིབ་ཚགས་ཀྱིས་རང་གཅུན་དགེ་སྒྲུབ་བྱ་རྒྱུ་རང་འགན་དུ་བརྩི་བ་དང་ཆོས་སྤེལ་ནས་སེམས་ཅན་ལ་ཕན་པ་བྱ་རྒྱུ་དེ་དམིགས་ཡུལ་བྱས་ཏེ་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བརྟན་བརླིང་ཡོང་བར་ནུས་ཤུགས་འབུལ་རྒྱུའི་ཁྲིད་སྟོན་བྱེད་དགོས།

  二、着力培养有用僧才。“终身之计,莫如树人。”佛教发展应注重培养和造就高素质的僧才,大力推进中青年僧才的培养教育。寺庙要减少不必要的建堂修佛,而将资金倾斜到培养人才上来。要结合寺院教育和学院教育的各自特点,逐步完善现代佛教学经体系,着力培养一批爱党爱国、清净修行、心念众生的优秀人才。

  གཉིས་པ།ནུས་ཤུགས་གང་ཡོད་ཀྱིས་སྤྱོད་སྒོ་ཆོད་པའི་ཤེས་ལྡན་བཙུན་པ་གསོ་སྐྱོང་བྱེད་དགོས།ཚེ་གང་གི་འཆར་གཞི་འགྲུབ་མིན་མི་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད།ནང་བསྟན་འཕེལ་རྒྱས་གཏང་རྒྱུའི་ཐད་སྤུས་ཚད་མཐོ་བའི་ཤེས་ལྡན་བཙུན་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་དར་གཞོན་ཤེས་ལྡན་བཙུན་པ་གསོ་སྐྱོང་དང་སློབ་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བྱེད་དགོས།དགོན་སྡེས་དགོས་ངེས་མེད་པའི་དགོན་པར་རྒྱན་སྤྲས་རིགས་ཀྱི་བྱ་བ་ཉུང་དུ་བཏང་ནས་མ་དངུལ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐོག་རྒྱག་དགོས།དགོན་སྡེའི་སློབ་གསོ་དང་སློབ་གླིང་གི་སློབ་གསོ་རང་རང་གི་ཁྱད་ཆོས་དང་བསྟུན་ནས་རིམ་བཞིན་དེང་རབས་ནང་བསྟན་སློབ་གསོའི་མ་ལག་འཐུས་ཚང་བཏང་ནས་ཏང་དགའ་རྒྱལ་གཅེས་དང་རང་གཅུན་དགེ་སྒྲུབ།བསམ་པ་རྣམ་དག་གིས་སེམས་ཅན་འཆང་བའི་ཕུལ་བྱུང་མི་སྣ་ཚོ་གཅིག་ནུས་ཤུགས་གང་ཡོད་ཀྱིས་གསོ་སྐྱོང་བྱེད་དགོས།

  三、倡导“应机说法”。法不应机则无生命。讲经说法不但要适应信众的根器,更要适应社会制度和时代发展。佛教要在观念、制度、组织和理论等方面进行调整,要更多从现实生活中吸收新鲜养分,丰富时代内容。高僧团体、专家学者要探索佛经中与社会主义核心价值观相符合的教义理念,不断做出符合社会进步要求的教义阐释,使广大信众听了佛教讲经而变得更加善良、更加勤奋、更加积极、更加智慧。

  གསུམ་པ།སྐབས་དང་བསྟུན་ནས་ཆོས་འཆད་པ་དར་སྤེལ་གཏོང་དགོས།ཆོས་དེ་སྐབས་དང་མ་བསྟུན་ན་ཚེ་སྲོག་མེད་པ་དང་འདྲ།ཆོས་འཆད་སྤེལ་བྱེད་དུས་དད་ལྡན་མང་ཚོགས་ཀྱི་སྣོད་དང་འཕྲོད་པ་བྱེད་དགོས་ལ།སྤྱི་ཚོགས་ཀྱི་ལམ་ལུགས་དང་དུས་རབས་འཕེལ་རྒྱས་དང་དེ་བས་འཕྲོད་པ་བྱེད་དགོས།ནང་བསྟན་གྱིས་ལྟ་བ་དང་ལམ་ལུགས།སྒྲིག་འཛུགས།རིགས་གཞུང་སོགས་ཀྱི་ཐད་ལ་ལེགས་སྒྲིག་བྱས་ཏེ་དེང་རབས་ཀྱི་འཚོ་བའི་ཁྲོད་ནས་འཚོ་བཅུད་གསར་པ་བསྡུས་ནས་དུས་རབས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་དགོས།བླ་མ་སྐྱེས་ཆེན་ཚོགས་པ་དང་ཆེད་ལས་མཁས་པ་ཚོས་བསྟན་བཅོས་ནང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་མཐུན་པའི་ཆོས་ཀྱི་སྙིང་པོ་དང་ལྟ་བ་འཚོལ་ཞིབ་བྱས་ཏེ་རྒྱུན་ཆད་མེད་པར་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་བསྟན་དོན་དང་འཆད་འགྲེལ་བྱས་ན།རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་ནང་བསྟན་གྱི་ཆོས་བཤད་པར་ཉན་ནས་དེ་བས་བྱམས་སེམས་ལྡན་པ་དང་དེ་བས་བརྩོན་འགྲུས་ཆེ་བ།དེ་བས་ཧུར་སྐྱེད་ཆེ་བ།དེ་བས་ཤེས་རབ་ལྡན་པ་བཅས་སུ་འགྱུར་བ་བྱེད་ཐུབ་ཀྱི་རེད།

  (ཆོས་འཛིན་གྱིས་བསྒྱུར།)

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4