【第304期】河流的馈赠

文章摘要: 世上的河流中,离我最近的当然是家乡的大清河了。而大清河中,令我最亲的是流过母亲家附近的一段。

ཆུ་བོའི་ལེགས་སྐྱེས། 

河流的馈赠

肖怀勇

 

      འཇིག་རྟེན་ཐོག་གི་ཆུ་བོའི་ནང་། ང་དང་བར་ཐག་ཉེ་ཤོས་ནི་ཕ་ཡུལ་གྱི་ཏའ་ཆིང་ཆུ་བོ་ཡིན་དང་ཡིན། རེད་དེ་ཏའ་ཆིང་ཆུ་བོའི་ཡན་ལག་ནང་། ང་དང་བརྩེ་དུང་ཟབ་ཤོས་ནི་ཕ་ཡུལ་གྱི་ཁང་པའི་ཉེ་འགྲམ་གྱི་ཆུ་རྒྱུན་དེ་ཡིན།

     世上的河流中,离我最近的当然是家乡的大清河了。而大清河中,令我最亲的是流过母亲家附近的一段。  

     
     བྱིས་པའི་དུས་ཀྱི་ནམ་ཟླ་ལ། ང་དང་ནུ་བོ་གཉིས་རྒྱུན་དུ་ཕ་རྒན་དང་མཉམ་དུ་ཆུ་བོ་རྩེད་མོའི་དགའ་སྤྲོ་རོལ་འགྲོ། མཚར་ལོངས་ཀྱི་བྱིས་པ་ཆུ་ལ་དགའ། ཆུའི་རླབས་ཕྲེང་གཡོ་བའི་ནང་དམིགས་བསལ་གྱི་སྤྲོ་སྣང་རབ་དུ་འཁོར། འདི་ནི་ཆུ་བོའི་ང་ལ་སྦྱིན་པའི་འབྱོར་བ་དང་པོ་དེ་ཡིན།

         童年的时光中,我与弟弟常随同父亲一起,去体验与水相嬉的快乐。幼小的孩童天性近水。在浪花的激荡与欢腾中得享独特的乐趣,这是河流送给我的第一笔财富。  

     

     དེ་ནས་ལོ་ན་ཅུང་ཙམ་ལོངས་རྗེས། རོགས་པ་ཆུང་ཆུང་གསུམ་ལྔ་ཙམ་དང་མཉམ་དུ་ཆུ་འགྲམ་གྱི་ལྕང་གསེབ་ཆུང་ཆུང་ནང་ཤ་མོ་འཐུ་བ་དང་། སྔོ་ཚོད་བརྐོས་པ། སྟོན་རླུང་ནང་གཡོ་ལ་རྙིད་ནས་ལྷུང་བའི་ལྕང་ལོ་འཐུ་སྟེ། དེ་ཚོ་རང་རང་གི་སློབ་དེབ་ནང་ལ་འཚིར་ནས་རྟག་བརྟན་གྱི་དྲན་གསོ་བྱས། བྱིས་པའི་དུས་ཀྱི་ནམ་ཟླ་སྔར་ནས་གཉིད་ལམ་འདྲ་ག་སོང་ཆ་མེད་ཡལ་ཀྱང་། གཡོ་མེད་འཆར་ཡན་གྱི་བརྩེ་དུང་དེ་ནི་ངས་མི་ཚེ་གཅིག་ལ་རྒྱུན་འཁྱོངས་བྱེད་པའི་བརྩོན་ལེན་ཡིན་ལ། སྙན་ངག་གི་ཉམས་དང་ལྡན་པའི་ཚིག་གིས་བཟེད་པ། འདི་ནི་ཆུ་བོའི་ང་ལ་སྦྱིན་པའི་འབྱོར་བ་གཉིས་པོ་དེ་ཡིན།

           及至长大了些,便同三五个小伙伴一起,去河边的小树林里采蘑菇、挖野菜、捡拾秋风中飘零而下的落叶,将它们夹在彼此的书页中,留作永恒的纪念。虽然那些少年的时光早已如梦幻般消逝不见,可那份纯真而浪漫的情怀,却化为我一生坚持的追求,以一些诗意的字句承接。这是河流送给我的第二笔财富。  

    

      ད་དུང་སེམས་ལ་ངེས་འདུག མཛེས་སྡུག་གི་མཚམས་སྤྲིན་ཞིག་གིས་འོག་ཏུ། ང་དང་ཁྱིམ་མཚེས་ཚང་གི་ནུ་མོ་ཆུང་ཆུང་གཉིས་ཆུ་འགྲམ་ལ་ཉ་ཕྱེས་འཐུ་འགྲོ་བའི་ཁ་ཆད། ནག་ཐིང་ཐིང་གི་ཉ་ཕྱེས་གང་ས་ཐོར་ཡོད། ནག་མདོག་གི་མུ་ཏིག་རེ་རེས་འཇམ་ཐིང་ངེའི་ཆུ་འགྲམ་ཕྲ་རྒྱན་པ་དང་འདྲ། ལ་ཁའི་ཉི་མའི་འོད་ཟེར་ནང་། ཐང་ཆད་པའི་ང་ཆུ་རགས་མཐོན་པོའི་ཐོག་ལ་བསྡད་དེ་བག་ཕེབས་ཀྱིས་གྲམ་ཁར་ད་རུང་ཉ་ཕྱེས་འཐུ་བའི་ཁྱིམ་མཚེས་ཚང་གི་ནུ་མོ་ལ་བལྟས། དེ་སྔར་ངའི་མིག་ནང་དུ་ཧ་ཅང་སྤྱིར་བཏང་ཡིན་པའི་ལུས་གྲིབ་དེ། སྐབས་འདིར་ཉི་འོད་ཀྱི་བརྒྱན་པའི་འོག་ཏུ་དེ་འདྲའི་ཞི་བ་དང་མཆོར་སྒེག་ཡིན་ལ། ཁོའི་འཛུམ་མདངས་མཚལ་ཁའི་མེ་ཏོག་ལྟར། མཛེས་སྡུག་གྱི་སྨད་གཡོགས་རླུང་དང་བསྟུན་ནས་གཡོ་སྟེ། ང་ལ་རབ་རིབ་དང་དཔོག་དཀའ་བའི་རྣམ་པ་ཞིག་སྐྱེ་བྱུང་། དེ་རྗེས། ཁྱིམ་མཚེས་ཚང་གྲོང་པའི་ཤར་ཕྱོགས་ལ་སྤོས། ངེད་ཚང་དང་ཁྲོམ་ཆུང་མང་ཙམ་བར་ཆོད་ཡོད་པས། དེ་ནས་བཟུང་བྱིས་པའི་དུས་ཀྱི་རྩ་ཆེ་བའི་མཛའ་བཤེས་དང་ཚེ་གཅིག་གོ་ཐོས་ཀྱི་འབྲེལ་ལམ་ཆོད་སོང་། དེ་ནས་བཟུང་ངེད་གཉིས་དེ་འདྲ་མཛེས་ལྡན་གྱི་མཉམ་འཛོམས་ཡོད་མ་སྲིད། འདི་ནི་ཆུ་བོའི་ང་ལ་སྦྱིན་པའི་འབྱོར་བ་གསུམ་པ་ཡིན།

           犹记得,一片绚丽的晚霞中,我与邻家的小妹相约一起去河边拾河蚌,黑黑的河蚌散落一地,犹如一颗颗黑色的珍珠镶嵌在平静的河滩上,夕阳的辉光里,拾得累了的我坐于高高的堤坝上,悠闲地看着远处河滩上仍在捡拾河蚌的邻家小妹,曾经我眼中极其平凡的身影,此时在辉光的映衬下竟显得如此柔、妩媚——只见她微笑如粉红的花儿,美丽的裙裾随风飘起,给我一种隐隐的朦胧与神秘。后来,邻居一家搬至村东,与我家隔了几条胡同,却从此隔断了我们童年时珍贵的友谊与一生的音讯,从此我们再没能有过一次那样美丽的相约。这是河流送给我的第三笔财富。  

    

      མི་ཚང་མའི་མི་ཚེའི་ཁྲོད་རང་རང་གི་ཆུ་བོ་ཞིག་བརྒྱུད་ངེས། གཅིག་བྱས་ན་ཆུ་བོའི་མིང་ལ་ཏའ་ཆིང་ཆུ་བོ་འབོད་རྒྱུ་མ་རེད། གཅིག་བྱས་ན་ཁྱོད་དང་བརྩེ་དུང་ཡོད་པའི་ཉེ་འགྲམ་ལས་མི་བརྒྱུད། ཡིན་ཡང་ཆུ་བོ་གང་ཞིག་ཡིན་ཡང་འདྲ། ཁོ་ལ་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་ལ། གལ་ཏེ་ཁྱོད་རང་ཁོ་དང་ཐག་ཉེ་འགྲོ་བའང་། ཁོའི་འགྲམ་དུ་འགྲོ་བ། ཁོའི་བླ་སྲོག་དང་ཆ་རྒྱུས་ཞིབ་ཕྲ་ཚང་མ་རེ་རེ་བཞིན་མྱོང་ན། ཁྱོད་ཀྱིས་ཐོབ་སྲིད་པ་ནི་ལེགས་སྐྱེས་རྩ་ཆེན་ཞིག་དང་། དུས་ཡུན་རིང་བའི་རྒྱུ་ནོར་ཞིག་ཡིན་པ་ངེས།། 

         每个人的一生中都会经过一条自己的河流,也许它不叫大清河,也许它不在你亲切的近旁流过,但无论哪一条河,它都拥有着自己独特的魅力,只要你靠近它、走进它,体会它的每一处灵魂与细节,你将会得到的,必定是一份珍贵的馈赠,一份永久的财富。 



 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4