【第301期】回家

文章摘要:早春的一场细雨把空气打湿,街道两旁沾满尘土的青绿被雨水冲刷的褪去了尘埃,湿漉漉的空气透着春的气息。

回家

ཁྱིམ་ལ་ལོག
 

       过年了,早就期待年后回去陪陪母亲。

  ལོ་གསར་གཏོང་གྲབས་ཡོད་པས།སྔར་མོ་ནས་ཁྱིམ་དུ་ལོག་ཏེ་ཨ་མ་དང་མཉམ་གཤིབས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
 

  早春的一场细雨把空气打湿,街道两旁沾满尘土的青绿被雨水冲刷的褪去了尘埃,湿漉漉的空气透着春的气息。提着简单的行李,只身轻快地走在温润,干净而清爽的街道,回家的心情有种说不出的舒怡。

  དཔྱིད་འགོའི་ཆར་ཟིམ་ཞིག་གིས་མཁའ་རླུང་བརླན་གཤེར་ཅན་དུ་གྱུར།ཁྲོམ་ལམ་འགྲམ་གཉིས་ཀྱི་ཐལ་མདོག་ཆགས་པའི་སྔོ་ལྗང་རིགས་ཆར་ཟིམ་གྱིས་བཀྲུས་ནས་ཐལ་རྡུལ་གཙང་མར་བཟོ་ཚར་བས།རློན་ཤིག་ཤིག་གི་མཁའ་རླུང་ནང་དཔྱིད་ཀའི་དྲི་མ་བྲོ་བ།སྟབས་བདེའི་ལམ་ཆས་ཁུར་ཞིང་གཅིག་པོ་ཡང་སིར་སིར་གྱིས་དྲོད་གཤེར་ལྡན་ལ་གཙང་མ་དང་ཁམས་དྭངས་ཡིད་སྤྲོའི་ཁྲོམ་ལམ་དུ་སྐྱོད་པས་ན།ཁྱིམ་དུ་ལོག་པའི་སེམས་ནང་བརྗོད་ཐབས་མེད་པའི་སྣང་བ་སྐྱིད་པོ་ཞིག་ཡོད་འདུག
 

  节日的气氛温暖了腊月的寒冷。弟弟开车到站台上接我,一路上聊:妈妈一早就忙着张罗饭菜,弟妹把铺盖都换了新的,牙牙学语的小侄女不停地叫姑姑,去年收入多少,今年的打算。眨眼间就到了家,多年不见的大嫂带着侄儿也回来了,一声问候,一个笑脸,一个拥抱,欢欢喜喜在一起真好。餐桌上大家互送祝福,畅谈未来,欢声笑语连连;美酒滋润着幸福的脸庞,把一年的劳累都挤出门外。母亲因没见到我丈夫和儿子有些失望,硬是要我连线对着电话那头的爷俩反复地说:“崽啊,新年要少喝酒,要身体好,工作好!有空就回来看看哈。”

  དུས་ཆེན་གྱིས་ངང་ཚུལ་གྱིས་དགུན་གྲང་ཤོས་ཀྱི་དུས་ཀྱང་དྲོད་པོར་འགྱུར་སོང་།གཅུང་པོས་རླངས་འཁོར་བཏང་ནས་འབབ་ཚུགས་སྟེགས་བུར་ང་བསུ་སར་སླེབས་བྱུང་།ཨ་མ་སྔོ་མོ་ནས་ཚལ་བཟོ་བར་བྲེལ་འཚུབ་བྱེད་པ་དང་གཅུང་པོའི་མནའ་མས་ཉལ་ཆས་གསར་པར་བརྗེ་བ།བྱིས་ཆུང་སྐད་སྦྱོང་བཞིན་ཡོད་པའི་ཚ་མོ་ཆུང་ཆུང་གིས་རྒྱུན་ཆད་མེད་པར་ཨ་ནེ་ཞེས་འབོད་ཤེས་པ།ན་ལོར་ཡོང་འབབ་ག་ཚོད་རག་པ།ད་ལོར་ཁོག་རྩིས་ཅི་ཡོད་སོགས་གཅུང་པོས་ལམ་རྒྱུད་དུ་དེ་དག་གླེང་བ།དེ་འདྲ་བཤད་བཞིན་ཡུད་ཙམ་ལ་ཁྱིམ་དུ་སླེབས་སོང་།ལོ་མང་མ་མཐོང་བའི་ཕུ་བོ་ཆེ་བའི་བཟའ་ཟླའང་ཚ་བོ་ཁྲིད་ནས་ལོག་ཡོང་བ།ཁམས་འདྲི་ཞུ་བའི་ཚིག་ཁ་གཅིག་དང་འཛུམ་མདངས་གཅིག།འཐམ་རེས་བྱེད་པ་གཅིག་བཅས་ལས་དགའ་དགའ་སྤྲོ་སྤྲོ་མཉམ་འཛོམས་བྱུང་བ་དེ་ཧ་ཅང་ཡག་པོ་ཡིན་པ་མཚོན་ཡོད།གསོལ་ལྕོག་ཐོག་ཚང་མས་བསོད་ནམས་ཀྱི་སྨོན་འདུན་ཞུ་རེས་བྱེད་ཅིང་འབྱུང་འགྱུར་གྱི་སྐོར་ལྷུག་པོར་བཤད་པ་དང་དགའ་སྤྲོའི་འབོད་སྒྲ་དང་དགོད་སྒྲ་རྫོགས་རྫོགས་མེད་པ།ཆང་རག་ཡག་པོས་བདེ་སྐྱིད་ཀྱི་ཞལ་རས་འཛུམ་མུལ་མུལ་དུ་གྱུར་ཅིང་ལོ་གཅིག་གི་ངལ་དུབ་ཚང་མ་སྒོ་ཕྱིར་འབུད་སོང་།ཨ་མས་ངའི་ཁྱོ་ག་དང་བུ་མ་རིག་པས་ཅུང་ཡིད་མུག་ཡོད་པས།ཨུ་ཚུགས་ཀྱིས་ང་ལ་ཁ་པར་བརྒྱབ་བཅུག་ནས་ཁ་པར་ཐོག་ནས་ཕ་བུ་གཉིས་ལ་ལོ་གསར་པའི་ནང་ཆང་རག་ཉུང་ཙམ་འཐུང་བ་དང་ལུས་པོ་བདེ་ཐང་སྲུང་བ།ལས་ཀ་ཡག་པོ་སྒྲུབ་པ།ཁོམ་དུས་ཕྱིར་ལོག་ནས་ལྟ་ས་ཤོག་ཅེས་ཨ་བཤད་ཡང་བཤད་བྱེད་པ།


  为了生计,在一起很多时候是一种奢望。母亲一生养育了4个子女,36岁守寡独自支撑着一个家。4个孩子都很努力读书,每到开学的时候,母亲总会为筹措学费发愁。大哥成绩最好,老师说他很有希望上大学,二哥主动放弃学业跪求母亲缴大哥上学,十四岁就补员安排到乡下工作。母亲用父亲留下的4大箱书籍领着孩子们糊成食品袋,卖了80元钱,缴清了学费。大哥没有辜负母亲,以优异的成绩顺利完成学业,1993年在珠海闯出了自己的事业,并在赣州给母亲买了房子,只要有空就会带着母亲外出旅游。过年不管再忙,也要带着妻儿回家,因为母亲说:孩子们回来,就是心安的理由。就在母亲安然地享受幸福的时候,大哥被检查出肺癌晚期,可他隐瞒病情,乐观的告诉我们再化疗一次就可以回家过年。回家的路走了很久,疲倦的身躯终经不起病痛的折磨,在大嫂的哽噎声中我们感觉不妙,纷纷放下手头的工作,奔赴珠海在医院与大哥团聚在一起,静静地陪伴大哥走完生命的最后一程。大哥在事业和人生本该处于最辉煌的时刻,匆匆地撒手人寰,离开了他深爱的家人、朋友和执着的事业。大哥走后,母亲刹那间苍老了许多,二哥和小弟也把家安在赣州,以便更好地照顾母亲。

  ལྟོ་གོས་འཚོ་ཐབས་ཀྱི་ཆེད་དུ།མཉམ་འཛོམ་བྱུང་རྒྱུ་དེ་ནི་དུས་ཡུད་མང་པོ་ཞིག་ལ་དཀོན་པོ་ཞིག་ཡིན་པ།ཨ་མས་ཚེ་གང་ལ་བུ་དང་བུ་མོ་བཞི་གསོ་སྐྱོང་བྱེད་ཡོད།ལོ་ན་སོ་དྲུག་ནས་ཡུགས་མོར་བསྡད་དེ་གཅིག་པོས་ཁྱིམ་དེ་སྐྱོང་བ།བུ་ཕྲུག་བཞི་པོ་ཚང་མ་སློབ་སྦྱོང་ལ་འབད་བརྩོན་ཆེ་བ།ནམ་སློབ་འགོ་ཚུགས་ན་ཨ་མས་སློབ་ཡོན་གྱི་དོན་དུ་སེམས་ཁྲལ་བྱེད་ཀྱི་ཡོད།ཕུ་བོ་སྦྱངས་འབྲས་ཆེས་ཡག་ཤོས་ཡིན་པ།དགེ་རྒན་གྱིས་ཁོ་སློབ་གྲྭ་ཆེན་པོར་ཞུགས་པར་རེ་བ་ཆེན་པོ་ཡོད་འདུག་ཟེར།དེ་ནས་ཕུ་བོ་གཉིས་པས་རང་འགུལ་གྱིས་སློབ་མཚམས་བཞག་སྟེ་སྤུས་མོ་བཙུགས་ཏེ་ཨ་མར་ཕུ་བོ་ཆེ་བ་སློབ་གྲྭར་མངགས་རོགས་ཞུས་པ་དང་ཁོ་རང་ལོ་ན་བཅུ་བཞི་ནས་ཁ་གསབ་མི་སྣ་བྱས་ཏེ་གྲོང་གསེབ་ཏུ་ལས་ཀ་སྒྲུབ་པར་ཕྱིན་པ།ཨ་མས་ཨ་ཕས་ཤུལ་དུ་བཞག་པའི་དཔེ་ཆ་སྒམ་ཆེན་པོ་བཞི་ཡིས་བྱིས་པ་རྣམས་དང་མཉམ་དུ་བཟའ་ཆས་ཁུག་མ་བཟོས་ཏེ་བཙོངས་ནས་སྒོར་མོ༨༠རག་པས་སློབ་ཡོན་ཚང་མ་སྤྲོད་ཐུབ་པ་བྱུང་བ།ཕུ་བོ་ཆེ་བས་ཨ་མའི་རེ་བ་སྟོང་ཟད་གཏོང་མེད་པ།ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་བདེ་བླག་ངང་སློབ་ཐོན་བྱུང་བ་དང༡༩༩༣ལོར་ཀྲུའུ་ཧའེ་ལ་རང་ཉིད་ཀྱི་ལས་དོན་ཞིག་སྤེལ་ཐུབ་པ་བྱུང་བ་དང་ཆབས་ཅིག།ཀན་ཀྲོའུ་རུ་ཨ་མ་ལ་ཁང་པ་ཞིག་ཉོས་པ།ཁོམ་པ་ཡོད་ན་ཨ་མ་ཁྲིད་དེ་ཕྱིར་ཡུལ་སྐོར་འགྲོ་བ།ལོ་གསར་གཏོང་དུས་བྲེལ་བ་ཅི་འདྲ་ཆེ་རུང་ཆུང་མ་དང་བུ་ཁྲིད་དེ་ཁྱིམ་དུ་ལོག་གི་ཡོད།དེ་ནི་ཨ་མས་བུ་རྒྱུད་རྣམས་ལོག་ཡོང་བ་ན་སེམས་བདེ་བློ་བདེ་བྱུང་སོང་ཟེར་བའི་རྐྱེན་གྱིས་རེད།ཨ་མས་བློ་བདེ་སེམས་བདེས་བདེ་སྐྱིད་མྱོང་བའི་དུས་སུ།ཕུ་བོ་ཆེ་བར་གློ་ཡི་འབྲས་སྐྲན་ཕོག་ནས་དུས་མཇུག་ཡིན་པ་ཤེས་པ།འོན་ཀྱང་ཁོས་ནད་ཀྱི་གནས་ཚུལ་དངོས་མི་བཤད་དེ་རེ་བ་ཡོད་པའི་ཚུལ་གྱིས་ང་ཚོར་ཡང་བསྐྱར་རྫས་འགྱུར་སྨན་བཅོས་ཐེངས་ཤིག་བྱས་ན་ཁྱིམ་དུ་ལོག་ནས་ལོ་གསར་གཏོང་ཆོག་གི་རེད་ཅེས་བཤད།ཁྱིམ་དུ་ལོག་པའི་ལམ་དུ་ཡུན་རིང་འགྲོ་དགོས་ཐུག་སོང་།ཐང་ཆད་པའི་ལུས་པོས་ན་ཟུག་གིས་མནར་བ་བཟོད་ཐབས་མེད་པ།ཕུ་བོ་ཆེ་བའི་བཟའ་ཟླའི་ངུ་སྐད་འགག་པ་ལས་ང་ཚོས་མི་ལེགས་པ་ཤེས་ནས་ཚང་མས་ལས་ཀ་བཞག་སྟེ་ཀྲོའུ་ཧའེ་ལ་ཕྱིན་ནས་སྨན་ཁང་དུ་ཕུ་བོ་ཆེ་བ་དང་མཉམ་འཛོམ་བྱས་ཤིང་འཇམ་ཐིང་ཐིང་གིས་ཕུ་བོ་ཆེ་བ་ཚེ་མཇུག་གི་ལམ་རིམ་དུ་སྐྱོད་པར་སྡེབ་པ་ཡིན།ཕུ་བོ་ཆེ་བ་ལས་དོན་དང་མི་ཚེའི་ཐད་མ་གཞི་ཆེས་འོད་སྟོང་འབར་བའི་དུས་སུ་གནས་ཡོད་དགོས་མོད།བྲེལ་བ་འཚུབ་འཚུབ་ཀྱིས་མི་ཡུལ་དང་ཁ་གྱེས་ནས་ཁོས་ཆེས་དགའ་བའི་ཁྱིམ་མི་དང་གྲོགས་པོ།དགའ་བའི་ལས་དོན་བཅས་དང་བྲལ་སོང་།ཕུ་བོ་ཆེ་བ་འདས་རྗེས།ཨ་མ་ཡུད་ཙམ་ལ་ཚ་རྒས་ཆེ་རུ་འགྱུར་འདུག།དེ་ནས་ཕུ་བོ་གཉིས་པ་དང་ནུ་བོ་གཉིས་ཀྱིས་ཀྱང་ཁྱིམ་ཀན་ཀྲོའུ་ལ་ཆགས་བྱས་ཏེ་སྔར་ལས་ཨ་མར་ལྟ་སྐྱོང་ཡག་པོ་བྱེད་ཐུབ་པ་བྱེད།


  “女儿,妈帮你调热水,坐车累了,洗个热水澡,早点休息哈”在母亲眼里,我永远是个孩子;夜幕降临,母亲来回的在房间里打转,不时地伸手摸摸被褥,“这两天昼夜温差大,要盖好被子不要着凉哈”;早上六点多,母亲就敲门说:“睡得惯吗?炖了酒酿蛋,我再热热?!”与其说是陪陪母亲,其实是在尽情地享受亲情。早饭后陪母亲上街买菜,母亲仔细地教我挑菜,见了熟人总爱恋的看我一眼说:这是我女儿。炒菜的时候,要我站在她身后,手把手的教我做菜,什么菜配什么料,油温要多高,什么时候下菜,什么时候放调料,说了一遍又一遍;母亲说是女人就要会下厨,学到手艺,才能照顾好家人。饭后,大家聚在一起听母亲不厌其烦地讲诉刻骨铭心的往事。

  བུ་མོ།ཨ་མས་ཁྱོད་ལ་ཆུ་ཚན་ཞིག་བཟོ།རླངས་འཁོར་ལ་བསྡད་དེ་དཀའ་ཚོད་ཡིན།ཆུ་ཚན་གྱིས་འཁྲུད་ཅིག་བྱས་ནས་སྔ་ཙམ་ངལ་གསོ་གྱིས།ཨ་མའི་མིག་ལམ་དུ་ང་ནི་དུས་ནམ་ཡང་བྱིས་པ་ཞིག་ཡིན་པ།མུན་རུབ་དུས།ཨ་མ་ཁང་པའི་ནང་ཡར་འགྲོ་མར་འགྲོ་བྱེད།དུས་ཚོད་ངེས་མེད་ཀྱིས་མལ་ཆས་ལ་ཐུག་རེ་བྱས་ཏེ་ཉིན་འདི་འགའ་ཤས་རིང་ཉིན་མཚན་ལ་དྲོད་གྲང་ཆེ་བས།མལ་ཆས་ཡག་པོ་བཀབ་ནས་གྲང་མ་བཅུག་ཅེས་ཟེར།ཞོགས་པ་ཆུ་ཚོད་དྲུག་པ་ལྷག་ཙམ་ལ།ཨ་མས་སྒོ་རྡུང་ཞིང་གཉིད་ཡག་པོ་ཁུག་ཨེ་བྱུང་།སྒོ་ང་འབྲས་ཆང་བཟོ་ཡོད།ངས་ཡང་བསྐྱར་ཚ་མོ་བཟོ་རྒྱུ་ཨེ་ཡིན་ནམ།ཨ་མ་ལ་མཉམ་སྡེབ་མཉམ་རོགས་བྱེད་པར་ཡོང་བ་ཡིན་ཟེར་བ་ལས།དོན་དངོས་སུ་བྱམས་སྐྱོང་གང་སྐྱིད་མྱོང་བར་ཡོང་བ་འདྲ།ཞོགས་ཟས་བཟས་རྗེས་ཨ་མ་དང་བསྡེབས་ནས་ཁྲོམ་ལ་ཚལ་ཉོ་སར་སོང་བ་ཡིན།ཨ་མས་ཞིབ་ཚགས་ཀྱིས་ང་ལ་ཚལ་ཅི་འདྲ་བདམས་ནས་ཉོ་དགོས་པ་སློབ་པ་དང་ངོ་ཤེས་འདྲ་ཐུག་ན།དགའ་ཞེན་གྱིས་ང་ལ་ལྟ་ཙམ་བྱས་ནས་འདི་ངའི་བུ་མོ་རེད་ཅེས་ངོ་སྤྲོད་བྱེད་ཀྱི་ཡོད།ཚལ་རྔོ་དུས་ང་ཁོང་གི་རྒྱབ་ལ་ལངས་བཅུག་ནས་ཚལ་རྔོ་སྟངས་སློབ་ཀྱི་ཡོད།ཚལ་གང་ལ་རྒྱུ་ཆ་གང་སྤྱོད་དགོས་པ་དང་སྣུམ་གྱི་དྲོད་ཚད་གང་ཙམ་ཡིན་ན་རན་པ།དུས་གང་ཙམ་ལ་ཚལ་ཁྲོ་ནང་བླུག་དགོས་པ།དུས་གང་ཙམ་ལ་སྤོད་རྫས་རྒྱག་དགོས་པ་སོགས་ཨ་བཤད་ཡང་བཤད་བྱས་པ།ཨ་མས་ཟེར་ན།བུ་མོ་ཡིན་ཕྱིན་ཐབ་ཚང་ནང་འགྲོ་བ་དང་དེའི་ལག་རྩལ་ཤེས་ན།ད་གཟོད་ཁྱིམ་མི་ཚོར་ལྟ་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་རེད།ཟ་མ་བཟས་རྗེས།ཚང་མ་མཉམ་འཛོམས་ཀྱིས་ཨ་མས་སུན་མེད་ངང་རིང་གིས་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ངེས་པའི་སྔོན་མའི་བྱ་བ་བཤད་པར་ཉན་གྱི་ཡོད།
 

  在一起总是匆匆,假期很快就过去了,母亲蹒跚的送到电梯口,哽咽着说到了就打电话;此时此刻,我只感到时间太短,亲情太长,覆盖在我心上的爱越来越痛!带着一股浓浓的家的味道,连同我对亲情的眷恋,向远处走去,走去......

  མཉམ་འཛོམས་ཀྱི་དུས་ཚོད་ནི་བྲེལ་བ་འཚུབ་འཚུབ་ཡིན་ཞིང་།གུང་གསེབ་དུས་ཚོད་མགྱོགས་པ་རྫོགས་སོང་།ཨ་མས་ཁྱ་རེ་ཁྱོ་རེ་གྱིས་ང་གློག་སྐས་སྒོ་ཁར་སྐྱེལ།ངུ་སྐད་འགག་བཞིན་སླེབས་ཚར་རྗེས་ཁ་པར་རྒྱག་ཤོག་ཟེར།དུས་དེ་ཉིད་དུ་ངས་དུས་ཚོད་ཐུང་དྲགས་པ་དང་བྱམས་བརྩེ་ཆེས་རིང་བ།ངའི་སེམས་སྟེང་ལ་ཆགས་པའི་བརྩེ་སེམས་དེ་རིམ་བཞིན་གཟན་ཟུག་ཏུ་འགྱུར་བའི་མྱོང་ཚོར་ཞིག་ཡོད་འདུག།དེ་ནས་ཁྱིམ་ལ་དགའ་འཛོམས་ཀྱི་བྲོ་བ་གར་པོ་ཞིག་དང་གཉེན་ཉེ་ལ་ཆགས་པའི་བརྩེ་སེམས་ཆེན་པོ་ཁུར་ནས་ཡང་དུ་ཐག་རིང་ལ་ཆས་པ་དང་ཐག་རིང་ལ་སྐྱོད་སོང་།

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4