【第300期】给孩子一些美的熏陶

文章摘要:上一封信里,我谈到居住环境对儿童的影响,有些朋友说,在一个大城市里,无法多与大自然接触,是一种必然的现象


给孩子一些美的熏陶

བྱིས་པར་མཛེས་ཉམས་ལྡན་པའི་ཤུགས་རྐྱེན་ཅུང་མང་བ་ཐེབས་འཇུག་དགོས།

席慕蓉
 

  上一封信里,我谈到居住环境对儿童的影响,有些朋友说,在一个大城市里,无法多与大自然接触,是一种必然的现象。可是,也有些朋友认为,我们可以想办法改善这一种现象,例如,较远的我们可以力行家庭计划,切实地去减轻人口的压力,较近的,我们可以多增加一些社区公园,让孩子们有在户外活动的场地和机会。

  གོང་གི་ཡི་གེ་ནང་།ངས་སྡོད་ས་ཁོར་ཡུག་གིས་བྱིས་པར་ཤུགས་རྐྱེན་བཟོ་གི་ཡོད་པ་གླེང་ཡོད།གྲོགས་པོ་འགའ་ཞིག་གིས་བཤད་པར།གྲོང་ཁྱེར་ཆེན་པོའི་ནང་རང་བྱུང་ཁམས་དང་འཕྲོད་རྒྱུ་ཉུང་བ་ནི་ལྡོག་ཏུ་མེད་པའི་གནས་ཚུལ་ཞིག་རེད།འོན་ཀྱང་གྲོགས་པོ་འགའ་ཞིག་གིས་བལྟས་ན།ང་ཚོས་བྱེད་ཐབས་སྤྱད་དེ་གནས་ཚུལ་དེ་རིགས་ལེགས་བཅོས་གཏོང་ཆོག་གི་རེད།དཔེ་ན།ཅུང་ཐག་རིང་བའི་ང་ཚོས་ནུས་ཤུགས་གང་ཡོད་ཀྱིས་ཁྱིམ་ཚང་གི་འཆར་གཞི་ལག་བསྟར་བྱས་ཏེ་མི་གྲངས་ཀྱི་གནོན་ཤུགས་ཡང་དུ་གཏོང་བ་དང་ཅུང་ཐག་ཉེ་བའི་ང་ཚོས་སྡེ་ཁུལ་གྱི་སྤྱི་གླིང་འཕར་སྣོན་མང་ཙམ་བཏང་ནས་བྱིས་པ་ཚོར་ཕྱི་རོལ་ལ་བྱེད་སྒོ་སྤེལ་ས་དང་གོ་སྐབས་ཡོད་པ་བྱེད་དགོས།
 

  事在人为,只要有深谋远虑的政府,有肯合作肯维持的有公德心的市民,我们的居住环境应该可以逐步地改善。只要我们肯去做,而且做得得法。

  བྱ་བ་གང་ཡིན་རུང་མི་ལ་རག་ལས་པ།འཆར་གཞི་ཞིབ་ལ་ཕུགས་བསམ་རིང་བའི་སྲིད་གཞུང་ཡོད་པ་དང་།མཉམ་འབྲེལ་དང་འཚོ་སྲུང་བྱེད་འདོད་ཡོད་ལ་སྤྱི་པའི་སྤྱོད་བཟང་གི་སེམས་ཡོད་པའི་གྲོང་མི་ཡོད་པས།ང་ཚོས་ལས་འདོད་ཡོད་པ་དང་ལས་ལུགས་ལས་སྟངས་འགྲིག་ན།ང་ཚོའི་སྡོད་སའི་ཁོར་ཡུག་རིམ་བཞིན་ལེགས་བཅོས་བྱེད་ཐུབ་ཀྱི་རེད།
 

  我为什么要加上最后的这一句呢?那是因为我有一些感触,很深的感触。我们不是没有社区公园,可是,公园里有大多的铁栏杆、太多的水泥,除了地上铺满水泥以外,还用水泥做出各式各样的东西:水泥的亭子、水泥的柱子、水泥的假山、水泥的竹子,真正是“巧夺天工”!

  ངས་ཚིག་མཐའ་མ་དེ་སྣོན་དགོས་དོན་གང་ཡིན་ཟེར་ན།དེ་ནི་ང་ལ་མྱོང་ཚོར་འགའ་ཞིག་ཡོད་པ་དང་མྱུར་ཚོར་ཟབ་པོ་ཡོད་པའི་རྐྱེན་གྱིས་རེད།ང་ཚོར་སྡེ་ཁུལ་གྱི་སྤྱི་གླིང་མེད་པ་མ་རེད།འོན་ཀྱང་སྤྱི་གླིང་ནང་ལྕགས་ཀྱི་བཀག་དྲ་མང་པོ་ཡོད་པ་དང་ཨ་འདམ་ཅན་མང་པོ་ཡོད་ཅིང་ཨ་འདམ་གྱི་ལམ་ཕུད།ད་དུང་ཨ་འདམ་གྱི་བསིལ་ཁང་དང་ཨ་འདམ་གྱི་ཀ་བ།ཨ་འདམ་གྱི་རི།ཨ་འདམ་གྱི་སྨྱུག་མ་སོགས་དངོས་གནས་ལྷའི་བཟོ་རྩལ་ལས་ཀྱང་མཁས་པ་རེད།
 

  然而,它毕竟不是“天工”。

  འོན་ཀྱང་གང་ལྟར་དེ་དག་ནི་མིས་བཟོས་པ་ཤ་སྟག་རེད།
 

  公园设立的目的,既然是为了要让住在水泥房子里的人能有个休憩的处所,有个接近大自然的地方,那么,就应该有草地,有树,有真的石头,有真的竹子,哪怕只有小小的一点面积,可是,就应该是真的,自然的。

  སྤྱི་གླིང་བཟོ་བའི་དམིགས་ཡུལ་ནི་ཨ་འདམ་གྱི་ཁང་པའི་ནང་བསྡད་པའི་མི་རྣམས་ལ་ངལ་གསོ་བྱེད་ས་ཞིག་ཡོད་པའི་ཆེད་དུ་ཡིན་ན།རང་བྱུང་ཁམས་དང་འདྲ་པོའི་ས་ཞིག་ཡོད་དགོས་ཀྱི་རེད།དེ་ནས་སྤང་ལྗང་དང་ཤིང་སྡོང་ཡོད་ལ།རྡོ་ངོ་མ་དང་སྨྱུག་མ་ངོ་མ་ཡོད་དགོས་ཀྱི་རེད།རྒྱ་ཁྱོན་ཆུང་ཆུང་ཞིག་ལས་མེད་ནའང་ངོ་མ་དང་རང་བྱུང་ཁམས་དང་འདྲ་པོ་ཡིན་དགོས་ཀྱི་རེད།
 

  我不相信会有人对我这句话提出异议,可是,奇怪的是,所有的社区公园都在朝“巧夺天工”那条路上去走。同时,在全省各地只要有人发现了一个风景区,马上会有人在那个风景区里做规划和建设的安排,发展那个地方的观光事业就是充实那个地方的水泥设备:开路,装栏杆,在最漂亮的关口上盖一座红红绿绿的亭子,做了很多水泥凳子。不管是澄清湖也好,石门水库也好,好像观光局长身兼水泥厂厂长,恨不得把所有的名山胜水都糊上一层水泥。

  ངའི་ཚིག་དེར་འགའ་ཞིག་གིས་བསམ་འཆར་མི་འདྲ་བ་འདོན་ཡོང་བསམ་ཡིད་ཆེས་བྱེད་ཀྱི་མེད།འོན་ཀྱང་།ཡ་མཚན་ཆེ་བ་ནི་སྡེ་ཁུལ་གྱི་སྤྱི་གླིང་ཚང་མ་ལྷའི་བཟོ་རྩལ་ལས་ཀྱང་མཁས་པའི་ཕྱོགས་སུ་སྐྱོད་བཞིན་པ།དུས་མཚུངས་སུ།ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ལ་སུས་མཛེས་ལྗོངས་ས་ཁུལ་ཞིག་རྙེད་ན།དེ་མ་ཐག་ཏུ་ལ་ལས་མཛེས་ལྗོངས་ས་ཁུལ་དེར་འཆར་འགོད་དང་འཛུགས་སྐྲུན་གྱི་བཀོད་སྒྲིག་བྱེད་པ་དང་།ས་གནས་གང་གི་སྤྲོ་འཆམ་ལས་དོན་འཕེལ་རྒྱས་གཏོང་ན།ཡུལ་དེ་གའི་ཨ་འདམ་གྱི་སྒྲིག་ཆས་འཐུས་ཚང་གཏོང་བ།དེ་ནས་ལམ་ལས་པ་དང་སྒྲོམ་སྐྱོར་ལས་པ།ཆེས་མཛེས་ཉམས་ལྡན་པའི་འགག་སར་དམར་དམར་ལྗང་ལྗང་གི་བསིལ་ཁང་བཀབ་པ་དང་ཨ་འདམ་གྱི་རྐུབ་བཀྱག་མང་པོ་བཟོས་པ།དྭངས་གསལ་གྱི་མཚོའུ་ཡིན་ནའང་འདྲ།བྲག་སྒོ་ཅན་གྱི་ཆུ་མཛོད་ཡིན་ནའང་འདྲ།གང་ལྟར་ལྗོངས་རྒྱུ་ཅུས་ཀྱི་ཅུས་ཀྲང་གིས་ཨ་འདམ་བཟོ་གྲྭའི་ཁྲང་ཀྲང་གི་འགན་ཞོར་འཛིན་བྱེད་ཡོད་པ་བཞིན།མཛེས་ལྗོངས་ས་ཁུལ་ཚང་མར་ཨ་འདམ་རིམ་པ་གཅིག་བྱུག་ཐུབ་ན་ཅི་མ་རུང་བསམས་པ་འདྲ།
 

  为什么会这样呢?我们中国人不是一向很讲究情趣的吗?不是一向自命为清雅的民族吗?为什么会变成这个样子的呢?

  དེ་འདྲ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།ང་ཚོ་ཀྲུང་གོ་བས་སྤྲོ་སྣང་ལ་དང་འདོད་བྱེད་ཀྱི་ཡོད་པ་མ་རེད་དམ།ཡིད་འོང་འདྲ་ཆགས་ལ་སྣང་འཇོག་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ཟེར་བ་མ་རེད་དམ།འདི་འདྲ་རུ་གྱུར་པའི་རྒྱུ་མཚན་གང་ཡིན་ནམ།
 

  我想,这个问题谈到最后,仍然要回到我们年轻的母亲身上来了,幼儿的美的教育,是我们一定要重视的一个环节。这一代有很多事情我们已改不了了,但是,无论如何,对我们的下一代,我们一定要多给他们一些美的熏陶,而这些美丽的事物从何处能得来呢?

  ངས་བསམས་ན།གནད་དོན་དེའི་སྐོར་བཤད་པའི་མཐའ་མར་སྔར་བཞིན་ང་ཚོའི་ལོ་ན་ཆུང་བའི་མ་ཡུམ་ཐོག་ནས་གླེང་དགོས་ཀྱི་རེད།བྱིས་པའི་དུས་ལ་མཛེས་ཉམས་ཀྱི་སློབ་གསོ་བྱ་རྒྱུ་དེ་ནི་ང་ཚོས་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་ལྷུ་ཚིགས་ཤིག་རེད།མི་རབས་འདིའི་བྱ་བ་མང་པོ་ཞིག་ང་ཚོས་སྒྱུར་ཐབས་མེད་པ་རེད།འོན་ཀྱང་།ག་རེ་བྱས་ནའང་ང་ཚོའི་རྗེས་རབས་པར།ང་ཚོས་ངེས་པར་དུ་ཁོ་ཚོར་མཛེས་ཉམས་ལྡན་པའི་ཤུགས་རྐྱེན་ཅུང་མང་བ་ཐེབས་འཇུག་དགོས།འོ་ན་མཛེས་ཉམས་ལྡན་པའི་བྱ་བ་དེ་དག་གང་ནས་ཡོང་གི་རེད་ཟེར་ན།
 

  还是原来的老答案:“大块假我以文章。”从自然的环境里,我们有取之不尽,用之不竭的美的宝库,只要你肯用心去汲取。

  སྔར་བཞིན་སྔོན་མའི་དྲིས་ལན་རྙིང་པ་དེ་རེད།རང་བྱུང་ཁམས་ཀྱིས་ནམ་རྒྱུན་ང་ཚོར་གསར་བཟོའི་རིག་པ་ཐོལ་སྐྱེས་ཀྱི་བློ་སྒོ་འབྱེད་ཀྱི་རེད།ཁྱོད་ཀྱིས་བསམ་བློ་བཏང་ནས་བསྡུ་ལེན་བྱས་ན།རང་བྱུང་ཁམས་ཀྱི་ཁོར་ཡུག་ནས་ང་ཚོར་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པའི་མཛེས་ཉམས་ཀྱི་བང་མཛོད་འདོན་གྱི་རེད།

  假如不能常常出去看材,我们就想点办法在家里种几盆小花。假如公寓房子不能养猫狗,我们就想办法养只鸟,或者养几条鱼。天气好的假日,尽量多带孩子出去走一走,不用去很出名的风景区,因为一定人挤人,就好像挑个春天上阳明山一样,是存心跟自己过不去。所以,最好找个不出名的小山去爬一爬,或者找个不出名的海滩去走一走。别人都去白沙湾的时候,我们一定不去,这样,才能够好好地度过一个愉快的假日,不会搞得人仰马翻,而什么都没看到、也没享受到。

  གལ་ཏེ་ནམ་རྒྱུན་ཕྱིར་འགྲོ་མི་ཐུབ་ན།ང་ཚོས་བྱེད་ཐབས་སྤྱད་དེ་ཁྱིམ་ལ་མེ་ཏོག་རྫ་མ་འགའ་ཞིག་བཙུགས་ཆོག་གི་རེད།གལ་ཏེ་སྤྱི་པའི་ཁང་པའི་ནང་བྱི་ལ་དང་ཁྱི་སོགས་གསོ་མི་ཆོག་ན།ང་ཚོས་བྱ་བྱིའུ་གསོ་བའམ་ཉ་འགའ་ཞིག་གསོ་ཆོག་གི་རེད།གནམ་གཤིས་ཡག་པོའི་གུང་གསེང་དུས་སུ་བྱིས་པ་ཁྲིད་དེ་ཕྱི་ལ་མང་ཙམ་འགྲོ་བ་དང་ཡིན་གཅིག་མིན་གཅིག་མིང་གྲགས་ཡོད་པའི་མཛེས་ལྗོངས་ས་ཁུལ་ལ་འགྲོ་དགོས་ཀྱི་མ་རེད།དེ་རིགས་ལ་མིའི་འཚང་ཁ་ཆེན་པོ་ཡིན་གྱི་རེད།མིང་གྲགས་མེད་པའི་རི་བོ་ཆུང་ཆུང་ཞིག་ལ་འཛེགས་པའམ་མིང་གྲགས་མེད་པའི་རྒྱ་མཚོའི་གྲམ་ཁར་སྤྲོ་འཆམ་འགྲོ་ནའང་ཆོག་གི་རེད།དེ་འདྲ་བྱས་ན་ད་གཟོད་སྤྲོ་བས་ཁེངས་པའི་གུང་གསེང་ཡག་པོ་ཞིག་གཏོང་ཐུབ་ཅིང་མི་ཆད་རྟ་ཆད་བྱས་རུང་ལྟད་མོ་ཡག་པོ་མི་མཐོང་བ་བྱེད་དགོས་ཀྱི་མ་རེད།


  孩子们的心,是最敏感的一颗心,请给他们足够的飞翔的自由与空间。在旅游的途中,除了给他们果汁、汽水、干粮以外,请随时随地培养他们观察大自然的兴趣与习惯。常看《国语日报》上的儿童作品,有些孩子们写的游记是一套公式:坐车去自的地,到了目的地吃东西、玩游戏、然后坐车回家。当然,对孩子来说,换了个地方去游戏和吃东西已是很快乐很满意的事了,可是,我很担心,这里面会出来很多未来的水泥厂厂长,假如他将来不负责观光事业或社区公园的建设也就罢了,否则的话,二、三十年后,我们的风景区将剩不下多少自然的风景了。

  བྱིས་པ་ཚོའི་སེམས་ནི་ཚོར་བ་ཆེས་རྣོན་པོ་ཡིན་པས།ཁོ་ཚོར་རང་དགར་ལྡིང་བའི་རང་དབང་དང་བར་སྟོང་འདང་ངེས་ཤིག་སྤྲོད་རོགས་ལགས།ལྗོངས་རྒྱུའི་ལམ་རྒྱུད་དུ་ཁོ་ཚོར་ཤིང་ཏོག་གི་ཁུ་བ་དང་བཏུང་བྱ།ལམ་རྒྱགས་སོགས་སྤྲོད་པ་ཕུད།ཡུལ་དུས་གང་དུའང་ཁོ་ཚོས་རང་བྱང་ཁམས་ལ་ལྟ་ཞིབ་བྱེད་པའི་སྤྲོ་སྣང་དང་གོམས་གཤིས་གསོ་སྐྱོང་བྱེད་དགོས།ནམ་རྒྱུན་དུ《སྤྱི་སྐད་ཉིན་རེའི་ཚགས་པར།》ཐོག་གི་བྱིས་པའི་རྩོམ་ཡིག་ལ་ལྟ་དགོས།བྱིས་པ་འགའ་ཞིག་གིས་བྲིས་པའི་ཡུལ་སྐོར་བརྗེད་ཐོ་འབྲི་དུས་སྤྱི་འགྲོས་ཅན་དུ་འགྱུར་བ་སྟེ།རླངས་འཁོར་ཐོགབསྡད་དེ་དམིགས་ཡུལ་སར་འགྲོ་བ་དང་དམིགས་ཡུལ་སར་སླེབས་རྗེས།ཟས་ཟ་བ་དང་རྩེད་མོ་རྩེ་བ།དེ་ནས་རླངས་འཁོར་ཐོག་བསྡད་དེ་ཁྱིམ་དུ་ལོག་པ་ལ་སོགས་པ་རེད།བྱིས་པར་བཤད་ན།ཡུལ་དུས་ཤིག་བརྗེས་ནས་རྩེད་མོ་རྩེ་བ་དང་ཟས་ཟ་བ་ནི་སྤྲོ་བ་ཆེ་ཞིང་ཡིད་ཚིམ་པའི་བྱ་བ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད།འོན་ཀྱང་།དེ་དག་ནང་འབྱུང་འགྱུར་གྱི་ཨ་འདམ་བཟོ་གྲྭའི་ཁྲང་ཀྲང་ག་ཚོད་བུད་རྒྱུ་ཡིན་པར་ངས་སེམས་ཁྲལ་བྱེད་པ་ཡིན།གལ་ཏེ་འབྱུང་འགྱུར་ཁོས་སྤྲོ་འཆམ་ལས་དོན་ནམ་སྡེ་ཁུལ་སྤྱི་གླིང་འཛུགས་སྐྲུན་གྱི་འགན་ཁུར་མི་དགོས་ན་བསྐྱར་བཞག།དེ་ལྟར་མིན་ན།ལོ་ཉི་ཤུ་དང་སུམ་ཅུའི་རྗེས་སུ།ང་ཚོའི་མཛེས་ལྗོངས་ས་ཁུལ་ལ་རང་བྱུང་གི་མཛེས་ལྗོངས་ཅི་ལྷག་རྒྱུ་མ་རེད།
 

  就像淡水海边那一片孤独的水笔仔一样,大自然是一种不可以随意糟蹋的珍宝。我们要让我们的孩子认清楚这一个事实,让他们知道:所有美丽的事物都该用全心全意去维护与爱惜。

  ཚྭ་མེད་རྒྱ་མཚོའི་འགྲམ་དུ་ཁེར་རྐྱང་དུ་སྐྱེས་པའི་མཐོང་དཀོན་པོའི་སྡོང་ཆུང་ལྗོན་ཤིང་ཧྲུའེ་པི་ཙིའི་ཚལ་ནང་བཞིན།རང་བྱུང་ཁམས་ནི་རང་དགར་གྱིས་ཉམ་ཉེས་སུ་གཏོང་མི་རུང་བའི་ནོར་བུ་རྩ་ཆེན་ཞིག་ཡིན།ང་ཚོས་ང་ཚོའི་བྱིས་པ་ཚོར་དོན་དངོས་དེར་ངོས་འཛིན་གསལ་པོ་བྱེད་འཇུག་དགོས།མཛེས་སྡུག་ལྡན་པའི་བྱ་དངོས་ཡོད་ཚད་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་དང་གཅེས་སྤྲས་བྱེད་དགོས་པ་ཁོ་ཚོར་ཤེས་འཇུག་དགོས།



 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4