【第299期】应该阅读经典作品

文章摘要:经典作品对于我们意味着什么?我想就像父亲的经历对于儿子,母亲的经历对于女儿一样,经典作品对于我们并不是意味着完美,而是意味着忠诚。


应该阅读经典作品
余华

བརྩམས་ཆོས་ཚད་ཐུབ་བཀླག་དགོས།
ཡུའུ་ཧྭས་བརྩམས།

       经典作品对于我们意味着什么?我想就像父亲的经历对于儿子,母亲的经历对于女儿一样,经典作品对于我们并不是意味着完美,而是意味着忠诚。这里面或多或少地存在着种种偏见和缺点,但是这里面绝对没有欺骗,无论是它的荣耀还是它的耻辱,它都会和我们坦诚相见,让我们体验到了思维的美好和感受的亲切,我想经典作品应该是我们经历的榜样。
       བརྩམས་ཆོས་ཚད་ཐུབ་ཀྱིས་གང་ཞིག་མཚོན་ཡོད་དམ། ངས་བསམས་ན། ཕ་ཡི་མྱོང་བརྒྱུད་བུ་ལ་ཐེབས་པ་དང་མ་ཡི་མྱོང་བརྒྱུད་བུ་མོར་ཐེབས་པ་བཞིན། བསྟན་བཅོས་ཚད་ཐུབ་ཀྱིས་ཀྱང་གྲ་མ་ཉམས་གྲུ་མ་ཆག་པ་ཞིག་མཚོན་གྱི་མེད་པར་གཞུང་བཟང་པོ་ཞིག་མཚོན་གྱི་ཡོད། དེའི་ནང་མང་ན་ཉུང་ན་ཕྱོགས་འཛིན་དང་ཞན་ཆ་རེ་ཅིས་ཀྱང་གནས་སྲིད་མོད། མགོ་བསྐོར་གཏན་ནས་ཐེབས་མི་སྲིད། དེའི་ཁྲེལ་གྲགས་གང་ཡིན་ཀྱང་ང་ཚོ་དང་མཉམ་དུ་ཟོལ་མེད་གཞུང་བཟང་སྒོས་མཇལ་ཕྲད་བྱེད་ཅིང་། ང་ཚོར་བསམ་གཞིག་གི་མཛེས་པ་དང་མྱོང་སྟོབས་ཀྱི་བརྩེ་དྲོད་ཉམས་སུ་ལེན་དུ་འཇུག ངས་བསམས་ན་བརྩམས་ཆོས་ཚད་ཐུབ་ནི་ང་ཚོའི་མྱོང་བརྒྱུད་ཀྱི་མིག་ལྟོས་སུ་རུང་།

      我相信任何一位读者都是在用自己的经历阅读着这些作品,我们阅读它们是为了寻找自己曾经有过的忧伤和欢乐,失望和希望。当我们在这样的作品中发现了自己的思考时,当我们为别人的命运哭泣和欢笑时,我们就会惊喜地发现:别人的故事丰富了自己的经历。这就是为什么同样一部作品,我们不同时期阅读就会产生不同的感受。经典作品的优点是可以反复阅读,每一次的阅读都会使我们本来狭窄和贫乏的人生变得宽广和丰富,或者说使我们的心灵变得宽广和丰富。
       ཀློག་པ་པོ་སུ་ཞིག་ཡིན་ཡང་རང་གི་མྱོང་བརྒྱུད་ཀྱིས་བརྩམས་ཆོས་དེ་དག་ཀློག་གིན་པ་ངས་གདེང་རྙེད་ཡོད། ང་ཚོས་བརྩམས་ཆོས་དེ་དག་བཀླག་པ་ནི་རང་ཉིད་ལ་སྔན་ཆད་ཡོད་མྱོང་བའི་སྐྱོ་སུན་དང་སྤྲོ་དགའ། རེ་ཆད་དང་རེ་འདོད་བཙལ་ཅིང་འཚོལ་བའི་ཆེད་དུ་ཡིན། ང་ཚོས་བརྩམས་ཆོས་འདི་དག་གི་ཁྲོད་དུ་རང་ཉིད་ཀྱི་བསམ་གཞིག་རྙེད་དུས་སམ། ང་ཚོས་གཞན་གྱི་ལས་དབང་གི་ཆེད་དུ་སྤྲོ་བ་སྐྱེས་པའམ་མིག་ཆུ་འདོན་དུས། ཧ་ལས་ཧང་སངས་བཞིན་གཞན་གང་དེའི་གཏམ་རྒྱུད་ཀྱིས་རང་ཉིད་ཀྱི་མྱོང་བརྒྱུད་ཇེ་ཕྱུག་ཏུ་བཏང་བ་རྟོགས་ཐུབ། འདི་ནི་ང་ཚོས་བརྩམས་ཆོས་གཅིག་དེ་དུས་སྐབས་མི་མཐུན་པར་བཀླགས་ན་མྱོང་བ་མི་མཐུན་པ་འཐོབ་པའི་རྒྱུ་མཚན་ཡིན། བརྩམས་ཆོས་ཚད་ཐུབ་ཀྱི་དགེ་བའི་མཚན་མ་ཞིག་ནི་ཡང་དང་འོར་གྱིས་བཀླགས་ཆོག་པ་སྟེ། ཀློག་ཐེངས་རེས་ང་ཚོའི་མ་གཞིའི་གུ་དོག་དང་དབུལ་ཕོངས་པའི་མི་ཚེ་དེ་དཀྱེལ་ཡངས་དང་གྱ་ནོམ་པོར་གཏང་བའམ་ཡང་ན་ང་ཚོའི་སེམས་རྒྱ་དཀྱེལ་ཡངས་དང་གྱ་ནོམ་པོར་གཏང་བ་ཡིན།

      我们应该阅读经典作品,这样我们就会理解维克多·雨果和约翰·堂恩的精彩诗篇。维克多·雨果用简单的诗句向我们描述了心灵的面积究竟有多少,他说:

       ང་ཚོས་བརྩམས་ཆོས་ཚད་ཐུབ་བཀླགས་ན། གཞི་ནས་ཝེ་ཁུ་ཏི་ཧེས་ཀོ་དང་རྗོན་ཊོན་ལགས་ཀྱི་ཡིད་དབང་འཕྲོག་པའི་སྙན་རྩོམ་གྱི་ཧ་གོ་ཐུབ། ཝེ་ཁུ་ཏི་ཧེས་ཀོ་ལགས་ཀྱིས་ཚིག་སྦྱོར་བདེ་མོས་ང་ཚོར་སེམས་རྒྱ་ག་ཚོད་ཡོད་པ་ཞིབ་རྒྱས་སུ་བརྗོད་འདུག ཁོང་ན་རེ།
 

      世界上最宽阔的是海洋, 
      འཇིག་རྟེན་སྟེང་ཡངས་ཤིང་རྒྱ་ཆེ་བ་རྒྱ་མཚོ་ཡིན། 

     比海洋还要宽阔的是天空, 
      རྒྱ་མཚོ་ལས་རྒྱ་ཆེ་བ་ནམ་མཁའ་ཡིན། 

     比天空还要宽阔的是人的心灵。 
      ནམ་མཁའ་ལས་རྒྱ་ཆེ་བ་མི་སེམས་ཡིན་ནོ།། 

     约翰·堂恩的诗句为这宽阔的心灵又注入了同情和怜悯之心:
     རྗོན་ཊོན་ལགས་ཀྱི་སྙན་རྩོམ་ལས་ཡངས་ཤིང་རྒྱ་ཆེ་བའི་སེམས་པ་འདི་གདུང་སེམས་དང་སྙིང་རྗེའི་སེམས་པར་དྲངས་འདུག་སྟེ།    

     谁都不是一座岛屿,自成一体; 
      སུ་དང་གང་ཡང་གླིང་ཕྲན་ཞིག་མིན་པར་རང་འགྲུབ་ཡིན།

     每个人都是那广袤大陆的一部分。  
      མི་སུ་ཡིན་ཡང་མཐའ་ཡས་པའི་སྐམ་སའི་ཁག་ཅིག་ཡིན།

     如果海浪冲刷掉一个土块,欧洲就少了一点; 
      གལ་སྲིད་རླབས་ཀྱི་ཕྲེང་བས་སྤོ་ཐོ་གཅིག་བཤལ་ན། ཡོབ་གླིང་ཆུང་དུ་བྲི་ཡོད།

     如果你朋友或你自己的庄园被冲掉,也是如此。 
     གལ་སྲིད་ཁྱོད་ཀྱི་གྲོགས་པོའམ་ཁྱོད་རང་ཉིད་ཀྱི་ཡུལ་གཞིས་བཤལ་ནའང་། དེ་བཞིན་རེད།

      任何人的死亡使我受到损失,因为我包孕在人类之中。 
      མི་སུ་དང་གང་གི་འཆི་བས་ང་ལ་གྱོང་གུན་ཐེབས་ཡོང་། ང་ནི་འགྲོ་བ་མིའི་རིགས་ལ་ཚུད་པའི་ཕྱིར།

      所以别去打听丧钟为谁而鸣,它为你敲响。

      དེ་བས་ན། སྟོངས་བརྡ་སུ་ཡི་ཆེད་དུ་གཏོང་བ་མ་འདྲི་དང་། དེ་ནི་ཁྱོད་ཀྱི་ཆེད་དུའོ།། 

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4