【第296期】儿女(摘抄)

文章摘要:我结婚那一年,才十九岁。二十一岁,有了阿九


儿女(摘抄)
བུ་རྒྱུད།

朱自清

       我结婚那一年,才十九岁。二十一岁,有了阿九;二十三岁,又有了阿菜。那时我正像一匹野马,那能容忍这些累赘的鞍鞯,辔头,和缰绳?摆脱也知是不行的,但不自觉地时时在摆脱着。

      ཁོ་བོས་གཉེན་སྒྲིག་བྱས་དུས། ལོ་བཅུ་དགུ་ལས་ལོན་མེད་ལ། ལོ་ཉེ་གཅིག་གི་སྐབས་ལ། ཨ་ཅའོ་སྐྱེས་པ། ཡང་ལོ་ཉེ་གསུམ་གྱི་ལོ་དེར། ཨ་ཚའེ་སྐྱེས་བྱུང་། སྐབས་དེའི་ཁོ་བོ་ནི་རྟ་རྒོད་ཞིག་དང་འདྲ་ལ། སྒ་སྟན་སྲབ་ཀྱི་རྡོག་ཁྲེས་འདི་ཚོ་ག་ན་བཟོད་མི་ཐུབ་མོད། ཐར་མི་ཐུབ་པ་ཡང་ཤེས་གསལ་ཡིན། འོན་ཀྱང་རྟག་པར་རང་བྱུང་གིས་ཐར་ཨེ་ཐུབ་བྱས། 


      现在回想起来,那些日子,真苦了这两个孩子;真是难以宽宥的种种暴行呢!阿九才两岁半的样子,我们住在杭州的学校里。不知怎地,这孩子特别爱哭,又特别怕生人。一不见了母亲,或来了客,就哇哇地哭起来了。学校里住着许多人,我不能让他扰着他们,而客人也总是常有的;我懊恼极了。有一回,特地骗出了妻,关了门,将他按在地下打了一顿。这件事,妻到现在说起来,还觉得有些不忍;她说我的手太辣了,到底还是两岁半的孩子!我近年常想着那时的光景,也觉黯然。

     དེང་སང་ཕྱིར་དྲན་བྱེད་སྐབས། དེ་དུས་ཀྱི་འཚོ་བས་གཅེས་ཕྲུག་གཉིས་ལ་དཀའ་སྡུག་གྲང་མེད་སྤྲོད་སོང་། དངོས་གནས་དགོངས་པ་དཀའ་བས་སྤྱོད་ངན་ཁོ་བོས་བསྒྲུབས་སོང་། སྐབས་དེར་ཨ་ཅའོ་ལོ་གཉིས་དང་ཕྱེད་ཙམ་ལས་མེད་པ། ངེད་རྣམས་ཧང་ཀྲོང་གི་སློབ་གྲྭ་ན་སྡོད་འདུག ཅི་ཡིན་མི་ཤེས་པ་ནི། བྱིས་ཆུང་འདི་འོ་དོད་ལ་ཤིན་ཏུ་དགའ་ཤིང་མི་རྒྱུས་མེད་ལའང་ཧ་ཅང་སྐྲག་བ། ཨ་མ་མི་མཐོང་བ་ཙམ་གྱིས་ཡང་ན་མགྲོན་པོ་སླེབས་ཡོང་བ་ཙམ་གྱིས་འོ་དོད་ཆེན་པོ་བྱེད་ཡོང་། སློབ་གྲྭར་མི་མང་པོ་སྡོད་ཡོད་པས། གཞན་རྣམས་ལ་སུན་པོ་བྱེད་མི་རུང་བ། མགྲོན་པོའང་རྒྱུན་དུ་ཡོད་ངེས་རེད། ཁོ་བོར་ཅི་བྱེད་འདི་བྱེད་མེད་སོང་། ཐེངས་ཤིག་ལ། ངས་ཆུང་མ་ཕྱི་རུ་གཡོ་སྟེ་ནང་ནས་སྒོ་རྒྱག་ལ་ཁོ་རྐུན་ཇག་གིས་བརྡུངས་བ་ཡིན། དོན་དེ་ཆུང་མས་ད་བར་ལའང་བཤད་འདུག ཁོས་བཤད་པར་ངའི་སེམས་པ་དེ་འདྲའི་རྡོ་ལྟ་བུ། བྱིས་ཆུང་ལོ་གཉིས་དང་ཕྱེད་ལས་མེད་པ་རེད། གཏམ་འདི་ལྟར་ཐོས་པ་དང་ཉེ་བའི་ལོ་འགར་སྐབས་དེ་དུས་ཀྱི་རྣམ་པ་ཕྱིར་དྲན་བས། སེམས་སྐྱོ་ནས་མཆི་མ་འཁོར། 
 

      阿菜在台州,那是更小了;才过了周岁,还不大会走路。也是为了缠着母亲的缘故吧,我将她紧紧地按在墙角里,直哭喊了三四分钟;因此生了好几天病。妻说,那时真寒心呢!但我的苦痛也是真的。我曾给圣陶写信,说孩子们折磨,实在无法奈何;有时竟觉着还是自杀的好。这虽是气愤的话,但这样的心情,确也有过的。

      ཨ་ཚའེ་ཐེན་ཀྲོང་དུ་ཡོད་སྐབས། དེ་བས་ཀྱང་ཆུང་བ་རེད། ལོ་ཧྲིལ་པོ་གཅིག་ལོན་མེད་པས་ལམ་ལའང་ཡག་པོ་འགྲོ་ཤེས་དཀའ། ཕལ་ཆེར་ཁོའི་ཨ་མ་དེད་པས་ཡིན་ས་རེད། ངས་མོ་གྱང་ཟུར་དུ་དམ་པོས་མནན་བས། མོ་ཧ་ལམ་སྐར་མ་གསུམ་བཞི་ཙམ་འོ་དོད་བྱས་པ་མ་གཏོང་། དེ་བརྟེན་ཉིན་འགའ་ཤས་ལ་ནད་ཕོག་སོང་། ཆུང་མས་བཤད་རྒྱུར། སྐབས་དེ་དུས་དངོས་གནས་བློ་ཕམ་ལ་ཡིད་ཆད་དགོས་པ་བྱུང་། འོན་ཀྱང་ཁོ་བོའི་དཀའ་སྡུག་ཀྱང་ངོ་མ་ཡིན། ཁོ་བོས་ཧྲེན་ཐོར་འཕྲིན་ཡིག་བཏང་སྟེ་བྱིས་ཆུང་རྣམས་ཀྱིས་མནར་བའི་མྱ་ངན་ནི་དེ་འདྲའི་ཅི་བྱ་གཏོལ་མེད་ཡིན་ལ། སྐབས་སྐབས་སུ་རང་སྲོག་རང་ལྕེབ་བྱེད་ན་དགའ་བའི་བསམ་པ་སྐྱེ་ཡོང་། ཞེས་བསྐུར་ཟིན། གཏམ་འདི་ཁོང་ཁྲོའི་སྐད་ཆ་ཡིན་མོད། དེ་ལྟའི་སེམས་པ་ནི་དངོས་སུ་སྐྱེ་མྱོང་། 
 

      后来孩子是多起来了,磨折也磨折得久了,少年的锋棱渐渐地钝起来了;加以增长的年岁增长了理性的裁制力,我能够忍耐了——觉得从前真是一个“不成材的父亲”,如我给另一个朋友信里所说。但我的孩子们在幼小时,确比别人的特别不安静,我至今还觉如此。我想这大约还是由于我们抚育不得法;从前只一味地责备孩子,让他们代我们负起责任,却未免是可耻的残酷了!

      ཕྱིས་སུ་བུ་ཕྲུག་ཇེ་མང་ནས་ཇེ་མང་དུ་གྱུར་ལ། མྱ་ངན་ཡང་ཡུན་རིང་ནས་ཡུན་རིང་དུ་བྱས་པས། ན་གཞོན་གྱི་གྲི་རྩེ་་རིམ་བཞིན་རྟུལ་ལ། ལོ་ངོ་ཡང་ཆེ་རུ་ཕྱིན་པས་བློ་རིག་རང་ཚོད་ཟིན་པའི་ནུས་པ་ཡོད་པས། ཁོ་བོས་བཟོད་བསྲན་ཐུབ་པ། གྲོགས་པོར་བསྐུར་བའི་འཕྲིན་ཡིག་ནང་དུ་བྲིས་པ་ལྟར། སྔོན་དུས་ཀྱི་རང་ནི་བཟོ་མེད་ཀྱི་ཨ་ཕ་ཞེས་རེད་འདུག ཅེས་ཚོར་བ། འོན་ཏེ་ཁོ་བོའི་བྱིས་ཆུང་རྣམས་གཞོན་དུས་གཞན་གྱི་བྱིས་པ་ལས་ཅ་ཟིང་དང་རྙོག་དྲ་ཆེ། ཁོ་བོས་དུང་ད་ལྟར་ཡང་དེ་འདྲ་ཡིན་པ་སྙམ། ཧ་ལམ་རང་གིས་བྱམས་སྐྱོང་བྱེད་ཐབས་ནོར་བས་ཡིན་པ་རེད། སྔོན་དུས་བྱིས་ཆུང་རྣམས་ལ་ཀ་རྡུང་དང་བཀའ་བཀོན་རྐྱང་རྐྱང་གཏོང་བར། ཁོ་ཚོར་ངེད་རྣམས་ཀྱི་འགན་དེ་ཁུར་བར་བསྐུལ། ཇི་འདྲའི་ཁྲེལ་མེད་ལ་གདུག་རྩུབ་ཆེ་བ་ཞིག་རེད་ཨང་། 


 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4