【第295期】爱的险境

文章摘要:我爱一个姑娘,她也爱我,但我不得不离开她


爱的险境
བརྩེ་བའི་གཉན་ས།


卡夫卡

      我爱一个姑娘,她也爱我,但我不得不离开她。

      ང་རང་བུ་མོ་ཞིག་ལ་དགའ། མོ་ཡང་ང་ལ་དགའ་བོ་ཡོད། ཡིན་ཡང་ང་རང་མོ་དང་མི་འབྲལ་ཐབས་མེད་བྱུང་།

 

      为什么呢?

      རྒྱུ་མཚན་ཅིའི་ཕྱིར་ཞེ་ན། 

       我不知道。情况是这样的,好像她被一群全副武装的人围着,他们的矛尖是向外的。无论何时,只要我想要靠近,我就会撞在矛尖上,受了伤,不得不退回。我受了很多罪。 

       ངས་ཀྱང་ཤེས་པར་མ་གྱུར། གནས་ཚུལ་འདི་ལྟ་ཡིན་ཏེ། མོ་ནི་ལུས་ཡོངས་དྲག་ཆས་ཀྱིས་སྤྲས་པའི་མི་སྐོར་ཞིག་གིས་བསྐོར་ཡོད་པ་འདྲ་ལ། ཁོ་ཚོའི་མདའ་ཁ་ཕྱི་ལ་གཏད་འདུག་ཅིང་། དུས་ནམ་ཡིན་ཡང་ང་རང་ཉེ་བར་གཅར་བསམ་དུས་མདའ་ཁ་ནས་རྨས་སྐྱོན་ཕོག་སྲིད་པས། ཕྱིར་ལྡོག་པ་ལས་ཐབས་གཞན་མེད་པར་གྱུར། ངས་དཀའ་སྡུག་མང་པོ་མྱངས།
 

     这姑娘对此没有罪责吗?

      བུ་མོ་དེ་དོན་འདི་ལ་ཉེས་སྐྱོན་མེད་པ་ཡིན་ནམ།

 

       我相信是没有的,或不如说,我知道她是没有的。前面这个比喻并不完全,我也是被全副武装的人包围着的,而他们的矛尖是向内的,也就是说是对着我的。当我想要冲到那姑娘那里时,我首先会撞在我的武士们的矛尖上。在这就已是寸步难行。也许我永远到不了姑娘身边的武士那儿,即使我能够到达,将已是浑身是血,失去了知觉。

      ང་རང་མེད་པར་ཡིད་ཆེས་ཡོད། ཡང་ན་ངས་མོ་ལ་ཉེས་པ་མེད་པ་ཤེས་ཡོད་ཅེས་ཀྱང་བརྗོད་ཆོག གོང་གི་དཔེ་དེ་དེ་འདྲའི་འོས་ཤིང་འཚམ་པ་ཞིག་མིན། ང་ཡང་ལུས་ཡོངས་དྲག་ཆས་ཀྱིས་སྤྲས་པའི་མིས་བསྐོར་ཡོད་ལ། ཁོ་ཚོའི་མདའ་ཁ་ནང་ལ་གཏད་འདུག ནང་གི་ང་ལ་གཏད་འདུག ང་རང་བུ་མོ་དེའི་སར་རྒྱུག་འདོད་དུས། ང་རང་ཐོག་མར་ངའི་དཔའ་རྟུལ་དག་གི་མདའ་ཁར་བསྐྱོན་ངེས་པས། གནས་འདིར་གོམ་པ་གང་ཡང་སྤོ་ཐབས་བྲལ། ང་རང་ནམ་ཡང་བུ་མོ་དེའི་འགྲམ་གྱི་དཔའ་རྟུལ་དག་གི་སར་སླེབས་དཀའ་བར་ངེས། གལ་སྲིད་ང་རང་སླེབས་ཐུབ་ཀྱང་ལུས་ཡོངས་ཁྲག་གིས་བསྒྲེས་ཏེ་བླ་འཁྱམ་པར་འགྱུར་ངེས།
 

        那姑娘始终是一个人待在那里吗?
        བུ་མོ་དེ་སྔར་ནས་གནས་དེར་གཅིག་པུར་སྡོད་པ་ཡིན་ནམ།

 

        不,另一个人到了她的身边,轻而易举,毫无阻挠。由于艰苦的努力而精疲力尽,我竟然那么无所谓地看着他们,就好像我是他们俩进行第一次接吻时两张脸靠拢而穿过的空气。

        དེ་ཡང་མ་ཡིན་ཏེ། མི་གཞན་ཞིག་མོའི་སར་ལས་སླ་བོར་བཀག་འགོག་ཅི་ཡང་མེད་པར་སླེབས་འདུག དཀའ་སྤྱད་སྡུག་རུས་བྱས་པས་ལུས་ཟུངས་ཟད་འདུག ང་ནི་ཁོ་གཉིས་ཀྱིས་ཐོག་མར་མཆུ་སྦྱོར་བྱེད་དུས་གདོང་གཉིས་ཕྲད་པས་ལས་བརྒྱུད་པའི་མཁའ་དབུགས་ཇི་བཞིན། དེ་ལྟར་སྣང་དོགས་ཅི་ཡང་མེད་པར་ཁོ་གཉིས་ལ་བལྟས་ཏེ་བསྡད། 
 


 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4