【第294期】令人魂牵梦萦的塔公

文章摘要:年迈的老人们因早已心生悔悟,手里拄着拐杖来到石板前磕头

སེམས་ནང་རུམ་པའི་གནས་མཆོག་དཔལ་ལྷ་སྒང་།

魂牵梦萦的圣地塔公

གངས་དབང་གིས། 

贡拥著 

     年迈的老人们因早已心生悔悟,手里拄着拐杖来到石板前磕头。青年们在为往后做诚心的忏戒,在大门前把高傲的头颅与心口相贴。从历史深处流淌而来的河流流进一代又一代人的心底,空幽之中圣地旁的一百二十个佛塔已有久远的历史。每每到达此地我的心便可以随着佛灯一起燃烧,每每路过此地我便可以昂起头追忆雄鹰的飞翔。深深印在藏人魂里六字真言的温度将山水河流变得潮湿,从烟雾的熏苦中逃出来的旅人可以将阳光当作美食,将虚伪与荣华抛于脑后衣食简陋的行乞人将月光当做衣被。

     རྒན་འཁོགས་རྣམས་སྔར་བྱས་ལ་འགྱོད་ནོངས་སྐྱེས་པས། ལག་ན་འཁར་བ་ཐོགས་ཏེ་རྡོ་གཅལ་ལ་ཐོད་པ་གཏུགས། ན་གཞོན་ཚོས་ཕྱི་འབྱུང་ལ་བཤགས་སྡོམ་དམ་པོར་བཅངས་ཏེ། སྒོ་ཆེན་གྱི་དྲུང་དུ་ངའོ་ཞེས་པའི་ང་རྒྱལ་གྱི་མགོ་འཕང་བྲང་ཁའི་སྙིང་ཁམས་དང་གཏད། ལོ་རྒྱུས་ཀྱི་ཕུགས་ནས་ཡོང་བའི་ལྟག་རྒྱབ་ཀྱི་གངས་ཆུ་ནི་མི་ཚེ་མི་རབས་ལ་སེམས་ཀྱི་ཡུར་བར་བཞུར་ཞིང་། དབེན་འཇགས་ཀྱི་དབྱིངས་ནས་འཕགས་པའི་འགྲམ་ལོགས་ཀྱི་མཆོད་རྟེན་བརྒྱ་དང་རྩ་བརྒྱད་ནི་བསྐལ་བ་ནས་བསྐལ་བར་མགོ་ཐོག་ཏུ་བཞེངས་ཡོད། གནས་འདིར་འབྱོར་ཐེངས་རེ་རེར་ངས་པུས་མོ་ས་ལ་བཙུགས་ནས་སེམས་པ་མཆོད་མེ་དང་ལྷན་ཅིག་ཏུ་འབར་ཆོག ཡུལ་འདི་ནས་བརྒྱུད་ཐེངས་རེ་རེར་ངས་མགོ་བོ་གནམ་ལ་བཀྱགས་ཏེ་བྱ་རྒོད་ཚོའི་འཕུར་སྟངས་ལ་རྗེས་དྲན་ཐེངས་རེ་བྱེད། བོད་མིའི་རྣམ་ཤེས་སུ་རུམ་པའི་འབྲུ་དྲུག་གི་བྱིན་རླབས་དྲོན་མོས་རི་ཆུ་ཀླུང་གསུམ་བརླན་ཞིང་བཤེར་པས། དུད་སྨུག་གི་མནར་སྡུག་ལས་བྲོས་ནས་ཡོང་བའི་འགྲུལ་བཞུད་པས་ཉི་འོད་ཟས་སུ་སྒོམ་ཆོག གཡོ་ཟོལ་དང་གསོག་གསོབ་རྒྱབ་ལ་བསྐྱུར་ཏེ་ལྟོ་སྐྱ་གོས

 ཧྲུལ་ཙམ་གྱིས་མི་ཚེ་བསྐྱལ་བའི་སློང་མོ་བས་ཟླ་འོད་གོས་སུ་གྱོན་ཆོག 

 

      圣地塔公,佛喜爱的地方,人快乐的地方。

     དཔལ་ལྷ་སྒང་།     ལྷ་ཞེན་བའི་གནས།   མི་སྤྲོ་བའི་ཡུལ། 

 

      依旧在先辈们的身旁忏悔,后代们为了缅怀将继续前行。屋顶或帐篷的烟囱里升起清晨的青烟中,月亮携着清凉带着哈达请太阳做客。黄昏寺庙里銮铃及碰铃忽高忽低和“班咋各日”的高呼声,那定是太阳燃着光辉在喊着月亮来作伴。贤父之子的见道如雄鹰飞翔般高而远,贤母之女的心灵如雪狮掠过般白而静。

     མེས་པོ་ཚོའི་དྲུང་དུ་འགྱོད་བཤགས་ཀྱི་སླད་དུ་ཡོང་ཡོད། ཕྱི་རབས་པ་ཚོའི་ལམ་དུ་དྲན་སློང་གི་དོན་དུ་འགྲོ་དགོས། ཁང་ཐོག་གི་དུད་ཁུང་དང་སྦྲ་ནག་གི་ཁ་ཚུབ་ལས་འཕྱུར་བའི་ཞོགས་པའི་དུད་སྤྲིན་སྔོན་མོ་ནི། ཟླ་བའི་བསིལ་ཟེར་འཁྱིལ་བའི་ཉི་མ་མགྲོན་དུ་འབོད་པའི་དར་དཀར་དང་། དགོང་ཁར་དགོན་པའི་གཡེར་དྲིལ་དང་བསྡེབས་པའི་རེས་མཐོ་རེས་དམའ་ཡི་བཛྲ་གུ་རུའི་རྒྱང་འབོད་ནི། ཉི་མའི་གཟི་བྱིན་འབར་བའི་ཟླ་བ་རོགས་སུ་འགུགས་པའི་འབོད་པ་ཡིན་པར་ངེས། ཕ་བཟང་གི་བུའི་མཐོང་ལམ་དུ་བྱ་རྒོད་འཕུར་མྱོང་བའི་ནམ་མཁའ་མཐོ་ཞིང་ཆེ་ལ། མ་བཟང་གི་བུ་མོའི་སེམས་ནང་ན་གངས་སེང་བསྐྱོད་མྱོང་བའི་གངས་རི་དཀར་ཞིང་བརྗིད། 

 

        少年高飞于天的塔公,少女绽放于此的塔公。

      ཕོ་རྒོད་མཁའ་ལ་ལྡིང་བའི་ལྷ་སྒང་།    མོ་གསར་སྤང་ལ་བཞད་པའི་ལྷ་སྒང་།

 

        先辈无私的心灵寄于“答觉”而走,同胞有爱的愿望寄于“龙达”而归。在一处草地上一个伟人墓前金色的佛塔代替着石碑,一种悼念先父的方式,在边疆一座高高的山及草原和帐篷,石碓和炉灶清稀闪现,为了什么竟敢于为何事为何人献身。我看见在青年们真诚的眼神中女孩们害羞的脸颊边浮现出笑容,看见在少女们迷人的微笑中青年们的宝剑落在地上。当马群的蹄声踏响在高原的心口,香奶汇成大海流淌时,孩童们便可以在白云中成长,酥油和干酪堆积成山少年们便可以在花丛中远行。这是幸运牧民的运气,这是幸福农民的福气。

      མེས་པོའི་ལྷག་བསམ་དཀར་པོ་དར་ཅོག་ལ་བཏགས་ནས་བྱོན་སོང་། སྤུན་ཟླ་ཚོའི་རེ་བ་སྣུམ་པོ་རླུང་རྟར་བསྐུར་ནས་ཡོང་ཡོད། སྤང་ཁུད་ཅིག་ན་སྐྱེས་ཆེན་ཞིག་གི་ཤུལ་རིས་སུ་གསེར་གྱི་མཆོད་རྟེན་ཞིག་རྡོ་རིང་གི་དོད་དུ་བསླངས་པ་ནི། ཕ་དམ་པ་ཞིག་དྲན་སྟངས་ཤིག་དང་། མཐའ་མཚམས་ཤིག་ན་རི་བོ་མཐོན་པོ་ཞིག་རྩྭ་ཐང་དང་སྦྲ་ནག  ལ་བཙས་དང་བསང་ཁྲིའི་རྒྱབ་རྩར་ལྷང་ངེར་འགྱིང་པ་ནི། ཅི་ཞིག་གི་དོན་དུ་གང་ཞིག་བློས་གཏོང་མི་ཕོད་པའི་རྟགས་སུ་འདོད་ན། ངས་སྟག་ཤར་ཚོའི་བདེན་སྤོབས་ཀྱི་མིག་མདངས་ལས་བུད་མེད་ཚོའི་བག་འཁུམ་གྱི་སྨུག་པ་མཐའ་ནས་དྭངས་པ་རྨིས་བྱུང་། སྨན་ཤར་ཚོའི་ལྷུག་ལྷུག་གི་འཛུམ་མདངས་ཀྱིས་སྐྱེས་པ་ཚོའི་ནང་དམེའི་རལ་གྲི་ས་ལ་ལྷུང་བ་མཐོང་བྱུང་། རྟ་ཁྱུའི་རྨིག་སྒྲས་མཐོ་སྒང་གི་བྲང་ཁ་རྡུང་དུས། འོ་མ་རྒྱ་མཚོར་འཁྱིལ་ནས་བཞུར་ན། བྱིས་པ་རྣམས་སྤྲིན་དཀར་ནང་འཚར་ལོངས་འབྱུང་ཆོག མར་ཕྱུར་རི་བོར་སྤུངས་ནས་ལངས་ན་དར་གཞོན་རྣམས་མེ་ཏོག་ནང་རྒྱང་དུ་བསྐྱོད་འོས། འདི་ནི་འབྲོག་མི་བསོད་བདེ་ཅན་གྱི་ལས་རེད། འདི་ནི་རོང་མི་ལས་སྐལ་ཅན་གྱི་དབང་ཡིན།

 

    牧歌悠扬而起的塔公,山歌随风飘荡的塔公。

   འབྲོག་གླུ་ཡིས་གཤོག་པ་དཀྲུགས་པའི་ལྷ་སྒང་།  བཞོ་གླུ་ཡིས་སྲབ་མདའ་གློད་པའི་ལྷ་སྒང་།



 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4