【第293期】野生的百合

文章摘要:那天,当我们四个有在那条山道上停下来的时候,原来只是想就近观察那一群黑色的飞鸟的,却没想到

野生的百合

席慕容

རི་སྐྱེས་ཀྱི་ལུག་མཉེ་མེ་ཏོག།

ཞི་མུའུ་རུང་གི་ཚིག་ལྷུག།
 

  那天,当我们四个有在那条山道上停下来的时候,原来只是想就近观察那一群黑色的飞鸟的,却没想到,下了车以后,却发现在这高高的清凉的山上,竟然四处盛开着野生的百合花!

  ཉིན་དེར་ང་ཚོ་བཞི་རི་ལམ་དུ་འགྲོ་མཚམས་བཞག་པ་ནི་མ་གཞི་ཉེ་སར་ལྡིང་འགྲོ་བའི་བྱ་ནག་ཁྱུ་གཅིག་ལ་ལྟ་ཞིབ་བྱེད་བསམས་པ་ཡིན།བསམ་ཡུལ་ལས་འདས་པ་ནི་རླངས་འཁོར་ནས་མར་བབ་རྗེས།དྭངས་བསིལ་གྱི་རི་མཐོན་པོ་འདིའི་གང་སར་རི་སྐྱེས་ཀྱི་ལུག་མཉེ་མེ་ཏོག་བཞད་འདུག

  山很高,很清凉,是黄昏的时刻,湿润的云雾在我们身边游走,带着一种淡淡的芬芳,这所有的一切竟然完全一样!

  རི་མཐོ་ལ་དྭངས་བསིལ་ཆེ་བ།མུན་རུབ་ཁའི་དུས་སུ།བཞའ་ཚན་ཆེ་བའི་སྨུག་སྤྲིན་ཅུང་དྲི་ཞིམ་ལྡན་པ་དང་བཅས་ང་ཚོའི་འགྲམ་ལ་འཁོར་བ།ཡོད་ཚད་ཀྱི་སྣང་ཚུལ་རྦད་དེ་འདྲ་མཉམ་གཅིག་པ་རེད།

  所有的一切竟然完全一样,而虽然那么多年已经过去了,为什么连我心里的感觉竟然也完全一样!

  ཡོད་ཚད་ཀྱི་སྣང་ཚུལ་རྦད་དེ་འདྲ་མཉམ་གཅིག་པ་རེད།ལོ་ངོ་དེ་འདྲ་མང་པོ་འདས་སོང་ནའང་།ངའི་སེམས་ནང་གི་མྱོར་ཚོར་ཡང་རྦད་དེ་འདྲ་མཉམ་གཅིག་པ་ཡིན་དོན་གང་ཡིན་ནམ།

  我迫不及待地想告诉同行的朋友,这眼前的一切和我十八岁那年的一个黄昏有着多少相似之处。一样的灰绿色的暮霭、一样的湿润和清凉的云雾、一样的满山盛开的洁白花朵;谁说时光不能重回?谁说世间充满着变幻的事物?谁说我不能与曾经错过的美丽再重新相遇?

  མིག་མདུན་གྱི་སྣང་ཚུལ་དེ་དག་ནི་ང་ལོ་ན་བཅོ་བརྒྱད་ལོན་དུས་ཀྱི་ལོ་དེའི་མུན་རུབ་ཁ་དུས་ཤིག་དང་ཧ་ཅང་འདྲ་པོ་རེད་ཅེས་ངས་ངང་སྒུག་བྱེད་ལོང་མེད་པར་མཉམ་དུ་སྐྱོད་མཁན་གྲོགས་པོ་རྣམས་ལ་བཤད་བསམ།གཅིག་འདྲའི་ལྗང་སྐྱ་མདོག་གི་སྨུག་སྤྲིན་དང་གཅིག་འདྲའི་བཞའ་ཚན་དང་དྭངས་བསིལ་ཅན་གྱི་སྨུག་སྤྲིན།གཅིག་འདྲའི་རི་གང་སར་མེ་ཏོག་དཀར་པོ་བཞད་ཡོད་པ།དུས་ཚོད་ལྡོག་ཏུ་ཤར་བ་མ་ཡིན་ནམ།འཇིག་རྟེན་ཁམས་ལ་ཡ་མཚན་ཆེ་བའི་བྱ་བ་མང་པོ་ཡོད་པ་མ་ཡིན་ནམ།སྔོན་ཆད་ཤོར་བའི་མཛེས་སྡུག་དེ་ང་ལ་བསླར་ཡང་འཕྲོད་རྒྱུའི་གོ་སྐབས་ཡོད་པ་མ་ཡིན་ནམ།

  我几乎有点语无伦次了,朋友们大概也感染到我的兴奋。陈开始攀下山岩,在深草丛里为我一朵一朵地采撷起来,宋也拿起相机一张又一张地拍摄着,我一面担心山岩的陡削,一面又暗暗希望陈能够多摘几朵。

  ང་ཧ་ལམ་ཚིག་མགོ་མཇུག་མེད་པར་འགྱུར་སོང་།གྲོགས་པོ་ཚོ་ལའང་ཕལ་ཆེར་ངའི་སྤྲོ་བའི་ཤུགས་རྐྱེན་ཐེབས་ཡོད་པ་འདྲ།ཁྲེན་ལགས་བྲག་འོག་ལ་འཛེགས་ནས་རྩྭ་སྟུག་པོའི་ནང་ནས་ང་ལ་མེ་ཏོག་རེ་རེ་བཞིན་འཐོག་པ།སུང་ལགས་ཀྱིས་ཀྱང་པར་ཆས་ཁུར་ནས་པར་རེ་རེ་བཞིན་རྒྱག་པ།ངས་བྲག་གཟར་པོ་ཡིན་པར་སེམས་ཁྲལ་བྱེད་ཞོར་ཁྲེན་ལགས་ཀྱིས་མེ་ཏོག་མང་ཙམ་འཐོག་ལོན་ན་བསམ།

  陈果然是深知我心的朋友,他给我采了满满的一大把,笑着递给了我。

  ཁྲེན་ལགས་དངོས་གནས་བདག་གི་སྙིང་ཉེ་གྲོགས་པོ་རེད།ཁོས་ང་ལ་མེ་ཏོག་སྤར་ཆུན་གང་བཏོགས་ཡོང་ནས་དགའ་བཞིན་ང་ལ་སྤྲོད།

  当我把百合抱在怀中的时候,真有一种无法形容的快乐和满足。

  ངས་ལུག་མཉེ་མེ་ཏོག་པང་ལ་ཁུར་དུས།དངོས་གནས་བརྗོད་ཐབས་བྲལ་བའི་དགའ་སྤྲོ་དང་ཆོག་ཤེས་ཤིག་ཡོད་འདུག

  一生能有几次,在高高的清凉的山上,怀抱着一整束又香又白的百合花?

  དྭངས་བསིལ་ཆེ་བའི་རི་མཐོན་པོའི་ཐོག་དྲི་ཞིམ་ལྡན་པའི་ལུག་མཉེ་མེ་ཏོག་དཀར་པོ་པང་ཁ་གང་ཁུར་བའི་རྣམ་པ་དེ་ཚེ་གང་ལ་ག་ཚོད་ཡོད་དམ།

  多少年前的事了!也不过就是那么一次而已。也是四个人结伴同行,也是同样的暮色,同样的开满了野百合的山巅,同样的微笑着的朋友把一整束花朵向我送了过来。

  ལོ་མང་པོ་སྔོན་གྱི་བྱ་བ་རེད།འདི་འདྲའི་ཐེངས་ཤིག་རེད།དེའང་མི་བཞི་མཉམ་གྲོགས་ཀྱིས་སྐྱོད་པ་དང་འདྲ་མཉམ་གཅིག་པའི་མུན་རུབ་ཁའང་ཡིན་པ།འདྲ་མཉམ་གྱི་རི་མགོའི་གང་སར་ལུག་མཉེ་མེ་ཏོག་བཞད་པ།འདྲ་མཉམ་གྱི་དགའ་འཛུམ་འཛུམ་གྱི་གྲོགས་པོ་ཚོས་མེ་ཏོག་སྤར་ཆུན་གང་རེ་ང་ལ་སྤྲོད་པ།

  也不过就是那么一次而已,却从来不会忘记。

  འདི་འདྲ་ཐེངས་མ་གཅིག་དེ་གཏན་ནས་བརྗེད་ཀྱི་མེད།

  令人安慰的就是不会忘记。原来那种感觉仍然一直深藏在心中,对大自然的惊羡与热爱仍然永远伴随着我,这么多年都已经过去了,经历过多少沧桑世事,可喜的是那一颗心却幸好没有改变。

  སེམས་གསོ་ཐེབས་འོས་པ་ནི་བརྗེད་མི་ཐུབ་པ་དེ་རེད།སྔོན་མའི་རང་བཞིན་གྱི་མྱོར་ཚོར་དེ་སྔར་བཞིན་སེམས་གཏིང་ལ་གནས་ཡོད་པ་དང་རང་བྱུང་ཁམས་ལ་ཧ་ལས་ཤིང་ཡིད་མོས་དང་དགའ་ཞེན་བྱེད་པ་དེ་སྔར་བཞིན་དུས་ནམ་ཡང་བདག་དང་འགྲོགས་ཀྱི་ཡོད་པས།ལོ་དེ་འདྲ་མང་པོ་འདས་ཤིང་འགྱུར་ལྡོག་མང་པོ་བརྒྱུད་ཡོད་ནའང་།དགའ་འོས་པ་ནི་སེམས་དེ་སྟབས་ལེགས་པར་འགྱུར་བ་བྱུང་མེད།

  更可喜的是,在二十年后能还再重新来印证这一种心情。因此,在那天,当我接过了那一束芬芳的百合花的时候,真的觉得这几乎是我一生中最奢侈的一刻了。

  དེ་བས་སྟབས་ལེགས་པ་ནི་ལོ་ངོ་ཉི་ཤུ་ཕྱིན་རྗེས་ད་དུང་བསྐྱར་དུ་འདི་འདྲའི་སྣང་ཚུལ་ཞིག་མྱུང་ཚོར་བྱེད་ཐུབ་པ་བྱུང་བ།དེར་བརྟེན།ཉིན་དེར་ངས་དྲི་ཞིམ་ལྡན་པའི་ལུག་མཉེ་མེ་ཏོག་གི་ཆུན་བུ་རེ་རེ་ཚུར་ལེན་དུས།འདི་ནི་ཧ་ལམ་བདག་གི་ཚེ་གང་ལ་ཆེས་དཀོན་པོའི་དུས་ཚོད་ཅིག་ཡིན་པ་དངོས་གནས་བསམ་གྱི་འདུག

  而这一切都要感激我的朋友们。

  དེ་དག་ཡོང་བ་ནི་བདག་གི་གྲོགས་པོ་རྣམས་ཀྱི་བཀའ་དྲིན་བསམ་འོས་པ་ཞིག་རེད།

  所以,你说我爱的是花吗?我爱的其实是伴随着花香而来的珍惜与感激的心情。

  དེར་བརྟེན།ཁྱོད་ཀྱིས་ཟེར་ན་ངས་མེ་ཏོག་ལ་དགའ་བ་ཨེ་རེད།དོན་དངོས་སུ་དགའ་བ་ནི་དྲི་ཞིམ་དང་མཉམ་པའི་གཅེས་འཛིན་དང་བཀའ་དྲིན་གྱི་བསམ་ཚུལ་དེ་རེད།

  就象我今天遇见的这位朋友,在他所说的短短一句话里,包含着多少动人的哲思呢?

  དེའང་ངས་དེ་རིང་ཐུག་པའི་གྲོགས་པོ་འདི་ནང་བཞིན།ཁོས་བཤད་པའི་ཚིག་ཐུང་ཞིག་གི་ནང་ལ་ཡིད་དབང་འཕྲོག་པའི་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་མང་པོ་འདུས་ཡོད་པ་མ་རེད་དམ།

  我说的“动人”,就如同几位真诚的朋友,总是在注意着你,关怀着你,在你快乐的时候欣赏你,在你悲伤的时候安慰你,甚至,在向你揭露种种人生真相的时候,还特意小心地选择一些温柔如“花香”那样的句子,来避免现实世界里的尖锐棱角会刺伤你;想一想,这样宽阔又细密的心思如何能不令人动容?

  ངས་བཤད་པའི་ཡིད་དབང་འཕྲོག་པ་ཞེས་པ་ནི་བསམ་པ་རྣམ་དག་གི་གྲོགས་པོ་འགའ་ཞིག་གིས་ནམ་རྒྱུན་ཁྱོད་ལ་དོ་སྣང་བྱེད་པ་དང་ཁྱོད་ལ་སེམས་ཁུར་བྱེད་པ།ཁྱོད་སྤྲོ་སྣང་སྐྱེ་དུས་ཁྱོད་ལ་ལྟ་བ།ཁྱོད་ཡིད་སེམས་སྐྱོ་དུས་ཁྱོད་ལ་སེམས་གསོ་གནང་བ།ཐ་ན།ཁྱོད་ལ་མི་ཚེའི་དངོས་གནས་དམར་རྗེན་དུ་འདོན་དུས་ཀྱང་ཆེད་དུ་སེམས་ཆུང་གིས་ངག་འཇམ་པོ་མེ་ཏོག་དྲི་ཞིམ་ལྟ་བུའི་ཚིག་སྤྱད་དེ་དངོས་ཡོད་འཇིག་རྟེན་ནང་གི་རྣོ་ངར་ལྡན་པའི་ཟུར་ཁས་ཁྱོད་ལ་ཚེར་བ་གཡོལ་ཐབས་བྱེད་པ་འདྲ་པོ་རེད།བསམ་བློ་ཞིག་ཐོང་དང་།འདི་འདྲ་ཡངས་ཤིང་ཞིབ་ཕྲའི་བསམ་ཚུལ་གྱིས་མི་ལ་སེམས་འགུལ་མི་ཐེབས་པ་གང་ཡིན།

  我实在爱极了这个世界。一直想不透的是,为什么这个世界对我总是特别仁慈?为什么我的朋友都对我特别偏袒与纵容?在我往前走的路上,为什么总是充塞着一种淡淡的花香?有时恍惚,有时清晰,却总是那样久久地不肯散去?

  ངས་དངོས་གནས་འཇིག་རྟེན་འདིར་དགའ་དྲག་པོ་ཡོད།བསམ་བློ་གསལ་པོ་འཁོར་མི་ཐུབ་པ་ཞིག་ནི་འཇིག་རྟེན་འདིས་ང་ལ་ཧ་ཅང་གིས་བྱམས་སྐྱོང་གནང་བ་ཅི་ཡིན་ནམ།བདག་གི་གྲོགས་པོ་ཚང་མས་ང་ལ་ལྷག་པར་དུ་ཕྱོགས་ཞེན་དང་རྒྱ་ཡན་དུ་གཏོང་བ་ཅི་ཡིན་ནམ།ང་མདུན་དུ་སྐྱོད་པའི་ལམ་དུ།རྟག་པར་མེ་ཏོག་གི་དྲི་ཞིམ་སླ་པོ་ཁྱབ་ཡོད་པ་ཅི་ཡིན་ནམ།སྐབས་འགར་དྲན་པ་མི་གསལ་ལ་སྐབས་འགར་དྲན་པ་གསལ་མོད།ཡིན་ནའང་འདི་འདྲ་ཡུན་རིང་པོར་ཐོར་འགྲོ་དཀའ་བ།

  我有着这么多这么好的朋友们陪我一起走这一条路,你说,我怎么能不希望这一段路途可以走得更长和更久一点呢?

  ང་ལ་གྲོགས་པོ་ཡག་པོ་འདི་འདྲ་མང་པོ་ང་དང་མཉམ་དུ་ལམ་འདིར་སྐྱོད་མཁན་ཡོད་པས།ཁྱོད་ཀྱིས་བཤད་དང་།ངས་ལམ་འགྲུལ་དུམ་བུ་འདི་དེ་བས་ལམ་ཐག་རིང་ཞིང་ཡུན་རིང་ན་མི་བསམ་པ་ཅི་ཡིན་ནམ།

  也就是因为这样,我竟然开始忧虑和害怕起来,在我的幸福与喜悦里,总无法不掺进一些淡淡的悲伤,就象那随着云雾袭来的,若有若无的花香一样。

  དེ་འདྲ་ཡིན་པའི་རྐྱེན་གྱིས།ཇི་མི་སྙམ་པར་ང་སེམས་ཁྲལ་དང་སྐྲག་འགོ་ཚུགས་པར་གྱུར།བདག་གི་བདེ་སྐྱིད་དང་དགའ་སྤྲོའི་ནང་།སྨུག་སྤྲིན་དང་མཉམ་དུ་འཁོར་བའི་ཡོད་ལ་མེད་ཀྱི་མེ་ཏོག་དྲི་ཞིམ་ནང་བཞིན་སེམས་སྐྱོ་བ་ཅུང་ཙམ་སིམ་ཡོང་བར་གཡོལ་ཐབས་མི་འདུག

  然而,生命也许就是这样的吧,无论是欢喜或是悲伤、总值得我们认认真真地来走上一趟。

  འོན་ཀྱང་།ཚེ་སྲོག་དེ་འདི་འདྲ་ཡིན་ཚོད་རེད།དགའ་སྤྲོ་ཡིན་ནའང་འདྲ་སེམས་སྐྱོ་བ་ཡིན་ནའང་འདྲ།གང་ལྟར་ང་ཚོས་ནན་ནན་ཏན་ཏན་གྱིས་ཐེངས་ཤིག་སྐྱོད་རིན་ཡོད་པ་ཞིག་རེད།

  我想,生命应该就是这样了。

  ངས་བསམ་ན།ཚེ་སྲོག་ཡིན་ཕྱིན་འདི་འདྲ་ཡིན་དགོས་ཀྱི་རེད།


 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4