【第289期】落叶

文章摘要: 见到落叶并不稀奇,但是这是在春天,四月的春天!春天见得最多的应是傲然怒放的鲜花和春风得意的杨柳,而不是这像蝴蝶一般在空中翩翩起舞,萦绕的落叶。

落叶

ལོ་མ་ལྷུང་པ།

徐志摩

       我又再次见到了那飘散着的一片片落叶。

       见到落叶并不稀奇,但是这是在春天,四月的春天!春天见得最多的应是傲然怒放的鲜花和春风得意的杨柳,而不是这像蝴蝶一般在空中翩翩起舞,萦绕的落叶。我看着地上的落叶,有三种不同的颜色:翡翠般绿的,金子般黄的,火一般红的,真可以说是色彩繁多了。今年似乎与往年不同,春天的落叶特别多,几乎在每一棵树旁,都会有一片片落叶静静地躺在那儿等着清洁工人来打扫。

        有些地方的叶子更多。我家附近的一个公园里,成堆的落叶铺散在石路上,没有什么人来打扫这里。一次,我放学来到这里,踩着已经没有水分的落叶,发出簌簌的响声,好像叶子碎了。但细心一点就会发现,这里的落叶竟一片也没有碎裂。

      落叶有很多种,按季节,可以分为春夏秋冬四个季节的叶子;按树木,可以分为梨树叶、桃树叶、樟树叶等形态各异的叶子;按颜色,可以分为红、绿、黄三种颜色。

      谁都知道,落叶是秋的使者,在秋天,会有许许多多的落叶像仙女一样飘落下来,但在春天,也会有许多落叶的。其实,每一个季节都会有落叶的包括在寒风凛冽的冬天,四季常青的樟树也会有落叶。

 

ལོ་མ་ལྷུང་པ།

ཞུས་ཀྲི་མོ་ཡིས་བརྩམས།

       ཡང་ངས་ལྷབ་ལྷུབ་ཏུ་སྐྱོད་ཅིང་འཐོར་བཞིན་པའི་ལོ་མ་དེ་དག་ཡང་བསྐྱར་མཐོང་བྱུང་།

       ལོ་མ་ལྷུང་པ་ལ་མཚར་སྣང་ཙམ་ཡང་མི་སྐྱེས་མོད། འོན་ཀྱང་། དུས་ཚིགས་འདི་ནི་དཔྱིད་ཀ་སྟེ་དཔྱིད་ཟླ་བཞི་པ་ཡིན། དཔྱིད་ཀར་མཐོང་མང་བ་ནི་ཞུམ་མེད་ངང་ལྷུག་པར་བཞད་པའི་མེ་ཏོག་དང་དཔྱིད་རླུང་གིས་དགའ་མགུ་ཚིམ་པའི་སྤྱང་མ་དག་ཡིན་འོས་པ་ལས། ཕྱེ་ལེབ་བཞིན་མཁའ་དབྱིངས་ནས་ལྡེམ་འཁྱུག་གིས་བྲོ་གར་འཁྲབ་ནས་ལྡིང་སྐོར་བྱེད་པའི་ལོ་མ་འདི་དག་ཡིན་ག་ལ་སྲིད་། ངས་སར་ལྷུང་པའི་ལོ་མ་ལྗང་ཁུ་མར་གད་ཀྱི་མདོག་ལྟ་བུ་དང་། སེར་པོ་གསེར་གྱི་མདོག་ལྟ་བུ། དམར་པོ་མེ་ལྟ་བུའི་ཁ་དོག་མི་འདྲ་བ་གསུམ་མཐོང་བྱུང་ལ། དངོས་ནས་ཚོས་མདོགས་རྣམ་པར་བཀྲ་བ་སྣ་མང་པོ་ཞིག་མཐོང་ཐུབ་ཅེས་བརྗོད་ཆོག །ད་ལོ་ནི་སྔོན་ཆད་དང་མི་འདྲ་བར་སར་ལྷུང་པའི་དཔྱིད་དུས་ཀྱི་ལོ་མ་ཤིན་ཏུ་མང་ཞིང་། ཧ་ལམ་སྡོང་པོ་རེ་རེའི་གམ་དུའང་ལོ་མ་ལྷབ་ལྷུབ་མང་པོ་སར་ལྷུང་ནས་ཁུ་སིམ་མེར་བག་ལ་ཞ་སྟེ་གཙང་སྦྲ་བས་ཕྱག་པར་སྒུག་ཡོད།

       ཁོར་ཡུག་ལ་ཤས་སུ་ལོ་འདབ་དེ་བས་ཀྱང་མང་སྟེ། ངའི་ཡུལ་གྱི་ཉེ་ལོགས་ཀྱི་སྤྱི་གླིང་ཞིག་ཏུ་ཕུང་པོར་སྤུངས་པའི་ལོ་མ་མང་པོ་རྡོ་ལམ་ཐོག་གཅལ་དུ་བཀྲམ་ཡོད་ཅིང་། གནས་འདི་གད་བདར་བྱེད་དུ་འོང་མཁན་ཀྱང་སུ་ཡང་མེད། ཐེངས་ཤིག་ལ། ང་རང་སློབ་གྲྭ་གྲོལ་རྗེས་རྡོ་ལམ་འདིར་འོངས་ཏེ་བརླན་གཤེར་ཡལ་ཟིན་པའི་ལོ་མ་དག་རྡོག་པས་བཅགས་པ་ན། ཧྲག་ཧྲག་གི་སྒྲ་ཞིག་གྲགས་འོངས་པས། རྡོག་འོག་གི་ལོ་མ་དག་ལ་གས་ཆག་ཤོར་སོང་བ་འདྲ་མོད། འོན་ཀྱང་། ཅུང་ཞིབ་མོས་བལྟས་ན། ལོ་མ་འདི་དག་ལས་གས་ཆག་ཏུ་གྱུར་ཡོད་པ་གཅིག་ཀྱང་མཐོང་མི་སྲིད།

       ལོ་མ་ལྷུང་པ་ལ་ཡང་རིགས་མང་སྟེ། དུས་ཚིགས་ལྟར་ན་དབྱར་དགུན་སྟོན་དཔྱིད་ཀྱི་ལོ་འདབ་དང་། ལྗོན་ཤིང་ལྟར་ན་ལི་ཤིང་གི་ལོ་མ་དང་། ཁམ་སྡོང་གི་ལོ་མ། ཤིང་ག་བུར་གྱི་ལོ་མ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་དང་། ཁ་དོག་ལྟར་ན་ཡང་། ལོ་མ་དམར་པོ་དང་། ལོ་མ་ལྗང་ཁུ། ལོ་མ་སེར་པོ་ཞེས་ཕྱེ་ཆོག་པ་ཡིན།

       སར་ལྷུང་པའི་ལོ་འདབ་དེ་དག་ནི་སྟོན་གྱི་ཕོ་ཉ་ཡིན་པ་སུ་ཡིས་ཤེས་ཏེ། སྟོན་ཀའི་དུས་སུ། ལོ་མ་བརྒྱ་འཐོར་སྟོང་འཐོར་མང་པོ་ནམ་མཁའི་ལྷ་མོ་བཞིན་མཁའ་ལས་དལ་བུར་ལྡིང་འོང་། འོན་ཀྱང་། དཔྱིད་ཀའི་དུས་སུའང་ལོ་མ་མང་པོ་ལྷུང་ངེས། དོན་གྱིས་དུས་ཚིགས་རེ་རེའི་དུས་སུ་སྟེ་གྲང་ངད་རུས་པར་ཟུག་པའི་དགུན་འཁྱག་གི་དུས་སུའང་ལོ་མ་ལྷུང་སྲིད་ལ། དུས་བཞིར་ནམ་ཡང་མཛེས་སྡུག་ལ་ཡལ་བ་མེད་པར་བཞད་པའི་ཤིང་ག་བུར་གྱི་ལོ་མ་ཡང་ལྷུང་མི་སྲིད་པ་མེད་དོ། །



 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4