【第274期】雨中对童年的回忆

文章摘要: 又下雨了,望着窗外淅淅沥沥的小雨,心里有种说不出来的感觉。有人说,雨是自然的精灵;我却说,雨是天使的眼泪。

雨中对童年的回忆
ཆར་དུས་ལ་བྱིས་པའི་སྐབས་ཀྱི་དྲན་གསོ།

  又下雨了,望着窗外淅淅沥沥的小雨,心里有种说不出来的感觉。有人说,雨是自然的精灵;我却说,雨是天使的眼泪。

  ཡང་དུ་ཆར་པ་འབབ་བྱུང་།སྐར་ཁུང་ཕྱི་རོལ་གྱི་ཐག་ཐག་ཏུ་ཟག་པའི་ཆར་ཟིམ་ལ་ལྟ་ཞིང་སེམས་ནང་བཤད་ཐབས་བྲལ་བའི་ཚོར་སྣང་ཞིག་ཡོད་འདུག མི་ལ་ལས་ཟེར་ན།ཆར་ཟིལ་ནི་རང་བྱུང་ཁམས་ཀྱི་སྤྱང་པོ་རེད།ངས་ཟེར་ན།ཆར་ཟིམ་ནི་ལྷ་ཕོ་ཉའི་མིག་ཆུ་རེད།

  正如天空有自己的色彩或阴沉或晴朗一样,心灵的天使也有自己的欢悲,或微笑,或流泪。而灵动的雨正是天使晶莹的泪。

  ནམ་མཁར་དེ་ཉིད་ཀྱི་འཇའ་ཚོན་ནམ་གནམ་དམུས་པ།གནམ་དྭངས་པ་སོགས་ཡོད་པ་ནང་བཞིན།སེམས་ཉིད་ཀྱི་ཕོ་ཉ་ལའང་དེ་ཉིད་ཀྱི་དགའ་སྐྱོ་དང་འཛུམ་བཞད།མཆི་མ་ལྷུང་བ་སོགས་ཡོད་ཀྱི་ཡོད།དེ་ནས་འཁྱུག་འགྱུར་བདེ་བའི་ཆར་ཟིམ་ནི་ལྷ་ཕོ་ཉའི་འོད་འཆིལ་འཆིལ་དུ་བཀྲ་བའི་མིག་ཆུ་རེད།

  淡淡的风轻轻地吹散了夏天的热气,绵绵的雨静静地潮湿了夏天的热情。轻风细雨,使得这个夏天多了几分淑女般的温柔,更使得这个夏天的雨变得灵动,变得柔情似水,因为万物干涸的心灵都得到了久违的问候。是雨滋润她们成长;是雨带给她们生机;更是雨洗涤了她们的灵魂。于是,就有了涌动的绿意,就有了乘凉的大伞,更有了奉献的美丽。而雨后的天空,是那样的蓝,蓝得像宝石;雨后的云朵,是那样的白,白得似雪莲。

  དལ་འཇམ་འཇམ་གྱི་རླུང་བུས་དབྱར་ཁའི་དྲོད་རླངས་རིམ་བཞིན་དེད་སོང་།ཆར་ཟམ་ཟིམ་འཇམ་དལ་མེད་ཀྱིས་དབྱར་ཁའི་སྤྲོ་སེམས་གྲང་བརླན་དུ་འགྱུར་སོང་།དལ་རླུང་ཆར་ཟིམ་གྱིས་དབྱར་ཁ་འདིར་མཛེས་བཟང་མའི་ཞི་འཇམ་མང་ཙམ་ལྡན་པས་ན།དབྱར་ཁ་འདིའི་ཆར་ཟིམ་དེ་འཁྱུག་འགྱུར་བདེ་ལ་ཞི་བརྩེ་དལ་འཇམ་མང་ནས་ཡུན་རིང་སྐོམ་པས་ཆུ་འདོད་ཀྱི་སྐྱེ་དངོས་ཡོད་དགུའི་སེམས་ཉིད་ལ་འཚམས་འདྲི་ཐོབ་སོང་།ཆར་ཟིམ་གྱིས་སྐྱེ་དངོས་ཡོད་དགུ་གསོ་བ་དང་ཆར་ཟིམ་གྱིས་སྐྱེ་དངོས་ཡོད་དགུར་སྐྱེ་སྟོབས་ཁྱེར་ཡོང་བ།དེ་ལས་ཆར་ཟིམ་གྱིས་དེ་དག་གི་སྲོག་རྩ་གཙང་དག་བཀྲུས་པ།དེ་ནས་སྔོ་ལྗང་གི་ལོ་འདབ་རྒྱས་ཤིང་བསིལ་གཡབ་བྱེད་སའི་གདུགས་ཆེན་ཡོད་ལ།ཡོད་རྒུ་འབུལ་བའི་མཛེས་ཉམས་ཀྱང་ཡོད་དོ།དེ་ལས་ཆར་ཤུལ་གྱི་ནམ་མཁའ་ནི་སྔར་ལས་སྔོན་མཐིང་ཡིན་ཞིང་རིན་ཆེན་སྔོན་པོ་དང་འདྲ།ཆར་ཤུལ་གྱི་སྤྲིན་ཕུང་ནི་སྔར་ལས་དཀར་ཞིང་གངས་ལྷ་མེ་ཏོག་ལྟར་མཛེས་པ།

  灵动的雨,不仅是自然的天使在流泪,更是心灵的天使在流泪。

  འཁྱུག་འགྱུར་བདེ་བའི་ཆར་ཟིམ་དེ་རང་བྱུང་ཁམས་ཀྱི་ལྷ་ཕོ་ཉའི་མིག་ཆུ་ཡིན་པ་མ་ཟད།དེ་ལས་སེམས་ཉིད་ཀྱི་ལྷའི་ཕོ་ཉས་མིག་ཆུ་ལྷུང་བ་ཡིན།

  小时候的我就喜欢雨,直到现在的我还是那么喜欢雨,喜欢踩着雨水在院坝里到处跑,喜欢淋着小雨在雨中漫步,我喜欢雨,它承载着太多太多的回忆。总有一些记忆,纵使滂沱大雨也淋洗不掉,纵使惊涛骇浪也冲刷不尽。恰似一株千年老藤,紧紧缠绕在心上,将那蟠龙虬错的老根深深扎入心底,任凭岁月的流逝,也丝毫未曾放松过。

  ཆུང་དུས་ནས་ངས་ཆར་པར་དགའ།མཐའ་ད་རུང་ངས་སྔར་བཞིན་ཆར་པར་དགའ་བ་ཡོད།ཆར་པ་འབབ་ཞོར་སྒོ་རའི་ནང་ཆར་པར་བརྫིས་ནས་རྒྱུག་རྒྱུར་དགའ་བ།ཆར་ཟིམ་ཁྲོད་དུ་དལ་པོར་འགྲོ་རྒྱུར་དགའ་བ།ངས་ཆར་པར་དགའ་བའི་རྒྱུ་མཚན་ནི།དེ་ལས་དྲན་གསོ་ཧ་ཅང་མང་པོ་ཉར་ཡོད་པའི་དབང་གིས་རེད།དྲན་ཤེས་འགའ་ཞིག་ནི་ཆར་དྲག་གིས་ཀྱང་མེད་པར་བཟོ་ཐུབ་ཀྱི་མ་རེད་ལ།རྦ་རླབས་འཇིགས་སུ་རུང་བས་ཀྱང་གཙང་བཤལ་བྱེད་ཐུབ་ཀྱི་མ་རེད།དེ་ལོ་ངོ་སྟོང་གི་འཁྲི་ཤིང་རྒས་པོ་ཞིག་དང་འདྲ་བར།སེམས་ཉིད་ལ་དམ་པོར་དཀྲིས་ནས་རྩ་འཁྱུད་ཡལ་སྦྲེལ་གྱི་རྩ་བ་དེ་སེམས་གཏིང་ལ་ཟུག་པས།ལོ་ཟླ་ག་ཚོད་འདས་རུང་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཐུབ་ཀྱི་མ་རེད།

  我的童年是在欢乐里度过的,每每想起童年,我都会面带微笑。那时的我顽皮、淘气,但是时时被父亲的爱紧紧笼罩,我是幸福、快乐的。很多年之后,我依然喜欢依偎着窗户,望着窗外的小雨,凝思已在天国的您是否睡得安然、甜美。想你的时候,我的心里下着雨,每一滴眼泪都会浸进我潮湿、孤独的心里。父亲,你的世界有没有雨?

  ངའི་བྱིས་པའི་དུས་ནི་དགའ་སྤྲོའི་ནང་མི་ཚེ་སྐྱེལ་བ་ཡིན།བྱིས་པའི་དུས་སུ་ནམ་དྲན་ན།ངའི་ངོ་ལ་འཛུམ་གྱིས་ཁེངས་ཡོད།དེ་དུས་ཀྱི་ང་ནི་སྤྱོད་པ་རྩུབ་ལ་བསྟན་བཤིག་ཡིན་རུང་།ནམ་དུས་ཨ་ཕས་དགའ་གཅེས་ཆེན་པོ་བྱས་པས།བྱིས་པའི་དུས་ཀྱི་ང་ནི་བདེ་སྐྱིད་དང་དགའ་སྤྲོས་ཁེངས་པ་ཞིག་ཡིན།ལོ་མང་འདས་རྗེས།ངས་སྔར་བཞིན་སྐར་ཁུང་ལ་སྙེ་རྒྱུར་དགའ།སྐར་ཁུང་ཕྱི་རོལ་གྱི་ཆར་ཟིམ་ལ་བལྟས་ནས།ལྷ་ཡུལ་དུ་ཕྱིན་པའི་ཕ་ལགས་ཁྱེད་གཟིམས་པ་བདེ་མོ་དང་སྐྱིད་པོ་ཨ་ཡོད་བསམ་གྱི་ཡོད།ཁྱེད་དྲན་པའི་དུས་ལ།ངའི་སེམས་ཁོང་ནང་ཆར་པ་འབབ་ཀྱི་ཡོད།མིག་ཆུ་རེ་རེ་ཚང་མ་ངའི་བཞའ་ཚན་ཆེ་ཞིང་ཁེར་རྐྱང་གི་སེམས་ཉིད་ནང་སིམ་གྱི་ཡོད།ཨ་ཕ་ལགས།ཁྱེད་ཀྱི་འཇིག་རྟེན་ལ་ཆར་པ་ཡོད་དམ།

  灵动的雨,是自然的精灵,更是天使的泪。今天,又一次看到了美丽的天使在流泪。你尽可不必悲伤,也不必为它难过。因为是雨,让心灵的天使感情丰富;是心灵的天使,让雨灵动自然。“人有悲欢离合,月有阴晴圆缺”,笑也好,泪也罢,都是属于我们每一个人的情感,又何必用虚伪和无所谓去掩饰人性的真善美呢!我相信,简简单单的真永远胜过虚伪待人的盛情,真真切切的美永远优于敷衍处事的好意。

  འཁྱུག་འགྱུར་བདེ་བའི་ཆར་ཟིམ་དེ་རང་བྱུང་ཁམས་ཀྱི་སྤྱང་པོ་ཡིན་ལ།དེ་ལས་ལྷའི་ཕོ་ཉའི་མིག་ཆུ་རེད།དེ་རིང་།ཡང་དུ་མཛེས་སྡུག་ལྡན་པའི་ལྷའི་ཕོ་ཉས་མིག་ཆུ་གཏོང་བ་མཐོང་བྱུང་།ཁྱོད་ཀྱིས་དེ་ཙམ་སེམས་སྐྱོ་མི་དགོས་ལ།ཁོའི་དོན་དུ་སེམས་ན་མི་དགོས།དེ་ནི་ཆར་ཟིམ་གྱིས་སེམས་ཉིད་ཀྱི་ཕོ་ཉ་ལ་བརྩེ་དུང་ཕུན་གསུམ་ཚོགས་འཇུག་པ་དང་སེམས་ཉིད་ཀྱི་ཕོ་ཉ་ཡིས་ཆར་ཟིམ་གྱི་འཁྱུག་འགྱུར་བདེ་བ་དེ་རང་བྱུང་ཅན་དུ་འགྱུར་འཇུག་པའི་རྐྱེན་གྱིས་རེད།“མི་ལ་དགའ་སྐྱོ་འདུ་བྲལ་ཡོད་པ་དང་།ཟླ་བ་ལ་མུན་གསལ་དང་ཁ་གང་ཁ་ཤོ་ཡོད།”དགའ་ནའང་འདྲ།ངུ་ནའང་འདྲ།ཚང་མ་ནི་ང་ཚོ་སྐྱེ་བོ་རྣམས་ཀྱི་བརྩེ་སེམས་མཚོན་ཚུལ་ཞིག་ཡིན་པས་ན།ཕྱི་རྫུས་དང་སྣང་དག་མི་གཏོང་བའི་རྣམ་འགྱུར་གྱིས་མི་གཤིས་ཀྱི་ངོ་མ་དང་དགེ་སེམས།ཡག་པོ་བཅས་འགེབས་དགོས་པ་མི་འདུག སྟབས་བདེ་མོ་ངོ་མ་དེ་དུས་ནམ་ཡང་ཕྱི་རྫུས་ཀྱིས་མི་ལ་དགའ་སྤྲོ་བྱེད་པ་ལས་ལྷག་ཅིང་།ཟོལ་མེད་ཀྱི་ཡག་པོ་དེ་དུས་ནམ་ཡང་ཁྲལ་མངོན་སླ་བཅོས་ཀྱི་སེམས་བཟང་ལས་ཡག་པ་རེད།

  晶莹的雨,像一粒粒散落的珍珠,纷纷涌向大地的怀抱,更涌向我们每一个人的心田;像一双双渴望的眼睛,带着她特殊的使命来到人间,去寻找那份感动和善美;更像一颗颗成熟的种子,在世界的每个角落生根发芽,一年又一年将爱传递,更将心传递。

  འོད་འཆིལ་འཆིལ་དུ་བཀྲ་བའི་ཆར་ཟིམ་དེ་གང་སར་འཐོར་བའི་མུ་ཏིག་ལྟར་ས་གཞི་ཆེན་པོའི་པང་ཁར་སིམ་པ་དང་ང་ཚོ་མི་རེ་རེའི་སེམས་ཉིད་ཀྱི་ཞིང་ལ་འཇགས་པ།སྐོམ་པ་ཆུ་འདོད་ཀྱི་སྤྱན་ཟུང་རེ་རེས།ཁོང་གི་དམིགས་བསལ་གྱི་ལས་འགན་ཁུར་ཞིང་་མི་ཡུལ་དུ་ཕྱིན་ནས་སེམས་འགུལ་ཐེབས་པ་དང་དགེ་སེམས་ཡག་པོ་འཚོལ་བར་འདྲ།དེ་ལས་སྨིན་པའི་ས་བོན་འཛམ་བུ་གླིང་གི་ཁ་ཟུར་གང་སར་རྩྭ་བ་ཟུག་ཅིང་མྱུ་གུ་འབུས་པ།ལོ་རེ་བཞིན་དགའ་གཅེས་བརྒྱུད་སྤྲོད་བྱེད་པ་དང་སེམས་གསོ་བརྒྱུད་སྤྲོད་བྱེད་པར་འདྲ།།

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4