【第272期】繁星

文章摘要:我爱月夜,但我也爱星天 从前在家乡七、八月的夜晚在庭院里纳凉的时候,我最爱看天上密密麻麻的繁星 望着星天,我就会忘记一切,仿佛回到了母亲的怀里似的

སྐར་ཚོགས།

繁星(节选)

巴金

 

     ང་རང་ཟླ་འོད་གསལ་བའི་མཚན་མོར་དགའ་ཞིང་།སྐར་ཚོགས་ཁྱབ་པའི་མཚན་མོར་དེ་བས་ཀྱང་དུངས།སྔོན་ཆད་ཕ་ཡུལ་གྱི་ཟླ་བདུན་པ་དང་བརྒྱད་པའི་མཚན་གཞུང་དུ་ཁྱམས་རར་བསིལ་གྲིབ་འདུག་སྐབས།ང་རང་ཆེས་བལྟ་བར་སྤྲོ་བ་ནི་གནམ་མཁའི་ཟམ་ཟིམ་གྱི་སྐར་ཚོགས་དེར་ཡིན་ལ།སྐར་ཚོགས་ལ་བལྟས་བ་ཙམ་གྱིས་ངས་ཡོད་ཚད་བརྗེད་འགྲོ་ལ།ཕྱིར་ཨ་མའི་པང་དུ་ལོག་པ་དང་ཀུན་ནས་མཚུངས།

   我爱月夜,但我也爱星天。从前在家乡七、八月的夜晚在庭院里纳凉的时候,我最爱看天上密密麻麻的繁星。望着星天,我就会忘记一切,仿佛回到了母亲的怀里似的。
 

     ལོ་གསུམ་གྱི་ཡར་སྔོན་དུ་ང་རང་ནན་ཅིན་ཏུ་གནས་སྐབས།ངའི་འདུག་སའི་ཁང་པ་ལ་ལྟག་སྒོ་ཅིག་འདུག་པ་དང་།ནམ་རྒྱུན་མཚན་གཞུང་དུ་ངས་ལྟག་སྒོ་ནས་ཕྱིའི་ཐང་གི་ཚལ་ཞིང་དང་།ནམ་མཁའི་སྐར་ཚོགས་བཀྲ་བའི་ལྷིང་འཇགས་ཀྱི་མཚན་ལྗོངས་དེར་མྱོང་རོལ་བྱས་པ་ཡིན།མིག་དབང་འོག་མདངས་ཉག་ཕྲ་བ་ཞིག་མངོན་པའི་སྐར་ཆེན་གྱི་འོད་དེར་ཚོར་འཚོལ་དཀའ་རུང་།དེས་འོད་མདངས་གང་སར་ཁྱབ་པའི་སྣང་བ་ཅིག་ང་ཚོར་སྦྱིན་ཐུབ།སྐབས་དེ་དུས་ངས་སྐར་རྩིས་རིག་པ་དང་འབྲེལ་ཡོད་ཀྱི་དཔེ་ཆ་འགའ་ཀློག་བཞིན་པའི་སྒང་ཡིན་ལ།སྐར་ཚོམ་འགའ་ཡང་ངོས་ཟིན་ལ་ཁོ་ཚོས་ངའི་གྲོགས་པོ་ཇི་བཞིན་རྟག་པར་ང་ལ་ཁ་བརྡ་བཤད་གྱིན་པ་དང་འདྲ།

    三年前在南京我住的地方有一道后门,每晚我打开后门,便看见一个静寂的夜。下面是一片菜园,上面是星群密布的蓝天。星光在我们的肉眼里虽然微小,然而它使我们觉得光明无处不在。那时候我正在读一些关于天文学的书,也认得一些星星,好像它们就是我的朋友,它们常常在和我谈话一样。
 

    ད་ལྟ་མཚོ་ཐོག་ཏུ་གནས་སྐབས།མཚན་གཞུང་དུ་མགོ་ཡར་བགྱགས་བ་ཙམ་གྱིས་སྐར་ཚོགས་མཐོང་ཐུབ་པས།སྐར་ཚོམ་ཕལ་ཆེར་བ་ཞིག་ངོས་ཟིན་ལ་རྒྱུས་ལོན་ཙམ་ཡང་བྱུང་འདུག།ངས་གྲུ་ཐོག་ནས་གནམ་མཁར་བལྟས་ཚེ།སྔོ་ནག་གེར་གནས་པའི་མཁའ་མཐའ་རུ་གསལ་ལ་མི་གསལ་བའི་སྐར་ཚོགས་འགའ་དཔྱང་ནས།གྲུ་འགུལ་བ་ཙམ་གྱིས་སྐར་ཚོགས་ཀྱང་འགུལ་ཙམ་འགུལ་ཙམ་མཆིས་ཤིང་།སྐར་ཚོགས་དེ་ལྟར་དམའ་ལ།འགྱེལ་ལ་ཉེ་བའི་གནས་སུ་འདུག

    如今在海上,每晚和繁星相对,我把它们认得很熟了。我躺在舱面上,仰望天空。深蓝色的天空里悬着无数半明半昧的星。船在动,星也在动,它们是这样低,真是摇摇欲坠呢!
 

     ངའི་མིག་ཟུང་དལ་བུར་རབ་རིབ་ཏུ་གྱུར་ཅིང།འབུ་མེ་འཁྱེར་མང་བོ་ཅིག་ངའི་མཐའ་འཁོར་དུ་འཕུར་ལྡིང་བྱེད་བཞིན་པ་མཐོང་བ་འདྲ།མཚོ་ཐོག་གི་མཚན་མོ་ནི་མཉེན་འཇམ་ལྡན་ཏེ།ཞོད་འཇགས་ཅིག་ཡིན་ལ།རྨི་ལམ་གྱི་འཕྲུལ་སྣང་ཅིག་ཏུ་མངོན།ངས་ངོས་ཟིན་པའི་སྐར་ཚོགས་དེ་ཚོར་བལྟས་ཚེ་ཁོ་ཚོས་མིག་ལྡེབ་ཙམ་བྱས་ལ།ད་དུང་སྐད་གདངས་དམའ་ཤོས་ཀྱིས་ང་ལ་ཁ་བརྡ་བཤད་བཞིན་པ་དང་འདྲ་སྟེ།དེ་དུས་ངས་ཡོད་ཚད་བརྗེད་དེ།ངས་སྐར་མའི་པང་ནས་གདོང་ལ་འཛུམ་སྤྲས་ནས།གཉིད་ཁུག་་པ་དང།ཨ་མའི་པང་དུ་གཉིད་དུ་ཡུར་བའི་བྱིས་པ་ཞིག་དང་དབྱེར་མ་མཆིས།

     渐渐地我的眼睛模糊了,我好像看见无数萤火虫在我的周围飞舞。海上的夜是柔和的,是静寂的,是梦幻的。我望着那许多认识的星,我仿佛看见它们在对我霎眼,我仿佛听见它们在小声说话。这时我忘记了一切,在星的怀抱中我微笑着,我沉睡着,我觉得自己是一个小孩子,现在睡在母亲的怀里了。

 

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4