【第271期】匆匆

文章摘要:燕子去了,有再来的时候;杨柳枯了,有再青的时候;桃花谢了,有再开的时候。但是,聪明的,你告诉我,我们的日子为什么一去不复返呢?

འཚབ་འཚུབ།
匆匆

 

       ཁུག་རྟ་འཕུར་སོང་རུང་།ཕྱིར་འཕུར་ཡོང་བའི་དུས་ཡོད་ལ།ལྕང་མ་སྐམ་སོང་རུང་།ནམ་ཞིག་ཕྱིར་ལྗང་གུར་ལོག་འགྲོ་ལ།ཨ་ཀར་སྙེད་སོང་རུང་།སླར་བཞད་པའི་དུས་ཡོད།ཡིན་ནའང་།ང་ཚོའི་དུས་ཚོད་ལ་ཕྱིར་ལྡོག་རྒྱུ་མེད་པ་ཅི་ཡིན།སྤྱང་གྲུང་ལྡ་ན་པའི་མི་ལགས།ཁྱེད་ཀྱིས་ང་ལ་ཤོད་དང་།དེ་ནི་མི་ཞིག་གིས་ཕལ་ཆེར་བརྐུས་སོང་བ་འདྲ།དེ་ན་མི་དེ་སུ་རེད།གནས་གང་ཞིག་དུ་སྦས་ཡོད་དམ།ཁོ་ཚོ་རང་ཉིད་བྲོས་སོང་བ་འདྲ།དེ་ན་ད་ལྟ་གནས་གང་དུ་ཐོན་ཡོད་དམ།

      燕子去了,有再来的时候;杨柳枯了,有再青的时候;桃花谢了,有再开的时候。但是,聪明的,你告诉我,我们的日子为什么一去不复返呢?——是有人偷了他 们罢:那是谁?又藏在何处呢?是他们自己逃走了罢——如今又到了哪里呢?


        ཁོ་ཚོས་ང་ལ་ཉི་མ་ག་ཚོད་བྱིན་པ་ངའི་མི་ཤེས་མོད།ཡིན་ནའང་།ངའི་ལག་པ་རིམ་བཞིན་སྟོང་བར་གྱུར་སོང་།ཞིབ་རྩིས་ཤིག་རྒྱབ་ན།ཉི་མ་བརྒྱད་སྟོང་ལྷག་ཁབ་རྩེའི་ཆུ་ཐིགས་གཅིག་རྒྱ་མཚོའི་ནང་ལྟུང་བ་དང་འདྲ་བར་ངའི་ལག་བར་ནས་བཞུར་སོང་།ངའི་འཚོ་བ་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ་ཟགས།སྒྲ་མེད་ལ།གྲིབ་མ་ཡང་མེད།ང་ལ་རང་དབང་མེད་པར་མགོ་གཡུག་གཡུག་དང་མིག་ཆུ་བར་མེད་དུ་བཞུར་སོང་།

  我不知道他们给了我多少日子,但我的手确乎是渐渐空虚了。在默默里算着,八千多日子已经从我手中溜去,像针尖上一滴水滴在大海里,我的日子滴在时间的流里,没有声音,也没有影子。我不禁头涔涔而泪潸潸了。 
 

       བཞུད་སོང་བ་ནི་བཞུད་སོང་ལ།སླེབས་བཞིན་པ་ནི་ཡང་སླེབས་བཞིན་ཡོད།བཞུད་སླེབས་ཀྱི་བར་ནས།ཡང་ཇི་ལྟར་བྲེལ་བ་ལངས་བཞིན་ཡོད།སྔ་མོར་ང་རང་མལ་ལས་ལངས་དུས།འཆར་ཀའི་ཉི་འོད་རེ་གཉིས་ཁང་ཆུང་ནང་དུ་འཕྲོས་འདུག་ལ་ཉི་མ་ལ་རྐང་བ་ཡོད་པ་དང་འདྲ་བར།ཁ་རོག་གེར་དལ་གྱིས་གནས་སྤོས་སོང་།ང་ཡང་ཤེས་མེད་ཚོར་མེད་ཀྱིས་རྗེས་འབྲངས་ནས་འཁྱིལ་འཁོར་ཞིག་རྒྱབ་སོང་།དེ་ནས་ལག་པ་བཀྲུ་བའི་སྐབས།དུས་ཚོད་ཆུ་སྣོད་ནང་ནས་བཞུད་སོང་ལ།ཟ་མ་བཟའ་བའི་སྐབས།དུས་ཚོད་དཀར་ཡོལ་ནང་ནས་བཞུད་སོང་།རང་འགར་སྡོད་སྐབས།ཡང་ཧྲིག་གེར་ལྟ་བཞིན་པའི་མིག་ཟུང་ལས་བཞུད་སོང་།ངས་ཁོ་བྲེལ་འཚུབ་ངང་བཞུད་སོང་པ་ཚོར་སོང་།ལག་པ་བསྲིངས་ནས་བཀག་འགོག་ཤིག་བྱེད་སྐབས།ཁོ་ཡང་འགོག་བཞིན་པའི་ལག་པའི་ནང་ནས་བཞུད་སོང་།མུན་རུབ་སྐབས།ང་མལ་ཁྲིའི་སྟེང་དུ་ལོག་རྗེས།ཁོ་ཡང་བདེ་མྱུར་ལྡན་པའི་སྒོ་ནས་ངའི་ལུས་སྟེང་དུ་བརྒལ་ནས་རྐང་འགྲམ་ནས་འཕུར་སོང་།ངས་མིག་ཕྱེས་ནས་ཉི་མ་དང་སླར་ཡང་མཇལ་དུས།དེ་ཡང་ཉིན་གཅིག་དེ་ལྟར་བཞུད་སོང་ངོ།།ངས་གདོང་གབ་སྟེ་སྐྱོ་བའི་དབུགས་རིང་ཞིག་འབྱིན།ཡིན་ནའང་།ཉིན་གསར་བའི་གྲིབ་མ་ཡང་སྐྱོ་བའི་དབུགས་རིང་ཁྲོད་ནས་ཡལ་མགོ་རྩོམ་བཞིན་ཡོད།

  去的尽管去了,来的尽管来着;去来的中间,又怎样地匆匆呢?早上我起来的时候,小屋里射进两三方斜斜的太阳。太阳他有脚啊,轻轻悄悄地挪移了;我也茫茫然跟着旋转。于是——洗手的时候,日子从水盆里过去;吃饭的时候,日子从饭碗里过去;默默时,便从凝然的双眼前过去。我觉察他去的匆匆了,伸出手遮挽时,他又从遮挽着的手边过去,天黑时,我躺在床上,他便伶伶俐俐地从我身上跨过,从我脚边飞去了。等我睁开眼和太阳再见,这算又溜走了一日。我掩着面叹息。但是新来的日子的影儿又开始在叹息里闪过了。
 

        འཕུར་ནས་བྲོས་པ་འདྲ་བའི་དུས་ཚོད་དང་།མི་ཚོགས་བརྒྱ་འདུས་སྟོང་འདུས་ཀྱི་འཚོ་བའི་ཁྲོད་ངའི་ཅི་ཞིག་བྱེད་ནུས།ཕར་འགྲོ་ཚུར་འོང་དང་བྲེལ་འཚུབ་ལས་ཅི་ཡང་མ་ནུས་སོ།།ཉི་མ་བརྒྱད་སྟོང་ལྷག་གི་བྲེལ་འཚུབ་ཀྱི་འཚོ་བའི་ཁྲོད།ཕར་འགྲོ་ཚུར་འོང་ལས་ཅི་ཡང་ལྷག་མེད་དོ།།འདས་ཟིན་པའི་ལོ་ཟླ་དུ་བ་ལྟར་ཡང་སྟེ།བསིལ་རླུང་ཡང་མོ་ཞིག་གཡུགས་ནས་གཏོར་སོང་ལ།ན་བུན་སྲབ་མོ་དང་འདྲ་སྟེ།འཆར་ཀའི་ཉི་འོད་ཀྱིས་རླངས་པ་དང་འདྲེས་སུ་བཅུག།ངའི་རྗེས་ཤུལ་གང་འདྲ་ཞིག་བཞག་སོང་།ངའི་དེ་སྔོན་དར་སྐུད་འདྲ་བའི་རྗེས་ཤུལ་ཞིག་ཀྱང་བཞག་མྱོང་ངམ།ང་སྒྲེན་པོར་འཇིག་རྟེན་འདིར་འོང་ལ།མིག་རྡེབ་དབང་ཙམ་གྱིས་ཡང་ཕྱིར་དམར་རྗེན་དུ་འགྲོ་དགོས་རྒྱུ་རེད།འོན་ཀྱང་དྲང་བདེན་མིན་པ་ཞིག་ནི།ཅི་ཞིག་ལ་ངེས་པར་དུ་དོན་མེད་ལ་མི་ཚེ་འདི་ཐེངས་གཅིག་ལ་འགྲོ་དགོས།

    在逃去如飞的日子里,在千门万户的世界里的我能做些什么呢?只有徘徊罢了,只有匆匆罢了;在八千多日的匆匆里,除徘徊外,又剩些什么呢?过去的日子如轻烟,被微风吹散了,如薄雾,被初阳蒸融了;我留着些什么痕迹呢?我何曾留着像游丝样的痕迹呢?我赤裸裸来到这世界,转眼间也将赤裸裸的回去罢?但不能平的,为什么偏要白白走这一遭啊?
 

        སྤྱང་གྲུང་ལྡན་པའི་མི་ལགས།ཁྱེད་ཀྱིས་ང་ལ་ཤོད་དང་།ང་ཚོའི་དུས་ཚོད་ལ་ཕྱིར་ལྡོག་རྒྱུ་མེད་པ་ཅི་ཡིན།

   你聪明的,告诉我,我们的日子为什么一去不复返呢?

       

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4