【第269期】失群的红叶

文章摘要:该有两个多月了,那时霜华初降,梧桐还未落净。一个孩子到我房里,手里握着一束红叶,临走时送了我两片,还告诉我这是从龙山上五中师范的后园里采来的。

འདུ་བྲལ་དུ་སོང་བའི་གཡའ་ལོ།
失群的红叶

柯灵

       ཟླ་གཉིས་ལྷག་ལོན་ཡོད་པར་སྙམ།དེ་ནི་སད་ཐོག་མར་བབས་ཤིང་ཤིང་ལྦུའུ་ཐུང་གི་ལོ་མ་ཡེ་ནས་ས་རུ་ཟགས་ཚར་མེད་པའི་དུས་ཤིག་ཡིན།བྱིིས་པ་ཞིག་ངའི་ཁང་བ་རུ་ཐོན་ལ་ལག་ཏུ་གཡའ་ལོ་སྦོམ་གཅིག་འཆང་ཡོད།འགྲོ་ཁར་ང་ལ་ལེབ་གཉིས་གནང་བྱུང་།ཞོར་དུ་ང་ལ་འདི་ནི་ལུང་ཧྲན་རི་བོའི་ལྔ་འབྲིང་དགེ་འོས་ཀྱི་ལྟག་རྒྱབ་ཀྱི་གཡུལ་ཁ་ནས་བཏུས་འོངས་པ་ཡིན་ཞེས་བརྗོད་བྱུང་།

  该有两个多月了,那时霜华初降,梧桐还未落净。一个孩子到我房里,手里握着一束红叶,临走时送了我两片,还告诉我这是从龙山上五中师范的后园里采来的。


        ངས་སྨོན་ཉམས་ཀྱིས་གཡའ་ལོ་ལག་མཐིལ་དུ་བཞག་ཅིང་ཞིབ་མོས་མྱོང་རོལ་བྱས།འདི་ནི་གཡའ་ཤིང་རིགས་ཀྱི་རྩི་ཤིང་ཞིག་སྟེ་ལོ་མ་ནི་སྙིང་རྗེ་བའི་ལག་མཐིལ་ཞིག་གི་རྗེས་སུ་རྐང་བ་འཇོག ལོ་མ་དེ་ནི་ལོ་འདབ་བདུན་གྱིས་གྲུབ་པ་ཞིག་རེད།ཤིན་ཏུ་ཕྲ་བའི་ལོ་སྒང་།སྙོམས་འགྲིག་པའི་ལོ་མའི་ཁྲག་རྩ།ལོ་མའི་མཐའ་ལ་གྲལ་མཉམ་གྱི་ལོ་རྐང་མཆིས་ལ།དེ་ནི་བི་ཤ་ཀརྨ་ཡིས་བྲིས་པའི་རི་མོ་དང་ཨ་ན་མ་ན་རེད།མདོག་ནི་ཅུང་ཟད་དམར་མདངས་དང་ལྡན་པ་ཞིག་ཡིན།ཤིན་ཏུ་དམར་བས་ཡིད་སེམས་འདྲེན་པར་བྱས།ངས་ཡུན་རིང་ཞིག་ལ་རྩེ་རྗེས།གཟབ་ནན་གྱིས་དཔེ་ཅོག་ཏུ་ཡོད་པའི་རྫ་དཀར་སྡེར་ཆུང་དུ་བཞག་པ་ཡིན།དེ་ནི་ངས་ལབ་གླེང་གི་ཚུལ་གྱིས་རང་ཉིད་ལྷོད་སེམས་ཡོང་བར་བྱེད་པའི་རྫས་ཤིག་ཏུ་བཞག་པའོ།།

  我欣然,把红叶托在手心,细细地鉴赏。这是一种枫类植物,叶子像玲珑的手掌,分成七瓣。纤细的叶茎,匀称的脉络,叶缘有整齐的叶龄,精致得像最细致的工笔画。颜色似殷似赭,红得惹人怜爱。我把玩许久,珍重地放在书桌上的白瓷小盘里,聊当案头清供。


        ཉིན་འགའ་མ་འགོར་བར།གཡའ་ལོའི་མདོག་ཡལ་སོང་།དྲན་ཞོར་ཞིག་གི་མཚམས་ནས་རྙིད་པར་གྱུར་སོང་།ང་སྐྱོ་ཉམས་ཀྱིས།འདི་ལྟར་མཛེས་ཉམས་ཀྱིས་ཁེངས་པའི་ཤིང་ལོའི་ཚེ་སྲོག་ཐུང་བ་ལ་བློ་མི་བདེ།དངོས་གནས་མི་ཡུལ་དངོས་པོ་མི་རྟག་པ།ཤེལ་སྒོ་ཆག་སླ་སྤྲིན་ཐོར་མྱུར།ང་རང་སེམས་ཤོར་གྱི་གནས་སུ་གྱར།སེམས་དོགས་མི་བདེ་བའི་ཁར་བདེ་རུ་འབབ་མི་ཐུབ་པ་ཞིག་ཏུ་བཏང་།དེ་ནས་ལུང་ཧྲན་རི་བོར་འཛེགས།ལྔ་འབྲིང་དགེ་འོས་ཀྱི་ལྟག་རྒྱབ་ཀྱི་གཡུལ་ཁ་རུ་རྒྱུག་པ་ཡིན།གཡུལ་ཁ་དེ་རི་ཕྱེད་དུ་གནས་ཤིང་མིག་གི་མཐོང་ལམ་ཡངས།གཡུལ་ཁ་རུ་ཟེའུ་འབྲུ་ས་རུ་ཟགས་ཤིང་སྟོན་གྱི་ལྗོངས་རྣམ་གྱིས་ཡིད་སེམས་གཡོས་པར་བྱས།རི་གཟར་གྱི་མཐོ་ས་ནས་གཡའ་ཤིང་གི་སྡོང་བོ་དེ་རྙེད་བྱུང་ལ།ཁོ་ཁེར་ཚུགས་ཀྱིས་ནམ་མཁར་བསྲིངས་ཡོད།སྡོང་བོ་ཧྲིལ་བོ་ཐར་ཐོར་དུ་གནས་ཤིང་མཚལ་གཏོར་དམར་བསྒྱུར་བྱེད།རི་ལུང་ཧྲིལ་བོ་མེ་ཡིས་སྲེག་པར་བྱེད་པ་དང་མཚུངས།མིག་གིས་བལྟས་པ་དག་ལས་ཆེས་མི་རྣམས་ཀྱི་ཡིད་སེམས་འཕྲོག་ནུས་པ་ཞིག་ཏུ་འདུགའོན་ཀྱང་།སྡོང་རྩའི་ཕྱོགས་བཞིར་ལོ་མ་མི་ཉུང་ཞིག་ཟགས་འདུགང་རང་སྡོང་འོག་ནས་ཕར་ཚུར་བསྐྱོད་དུས་དེ་རུ་གཡེང་བས།ཕྱིར་ལོག་རྒྱུའང་བརྗེད་སོང་།མཐའ་མར་ངས་ས་རུ་ཟགས་པའི་ལོ་མ་མི་ཉུང་ཞིག་བཏུས་ནས་ཕྱིར་ལོགཞིབ་མོས་དཔེ་དེབ་ཀྱི་བར་དུ་བཅུག་ནས་སྐྱུར།

  过不了几天,红叶褪了色,不经意地萎谢了。我怅然,这么美的东西,不想生命这样短促,真的是世间好物不坚牢,琉璃易破彩云散?我若有所失,心里虚飘飘地没能着落。于是我爬上龙山,跑到五中师范后园。园在半山,视野宽旷,园里百卉零落,秋意沁人。在山坡高处,找到了那棵红树,只见它独立擎天,满树离离,喷朱喧赤,似要烧起漫山的野火,在满眼萧索中,特别引人注目。但树根四周,也落了不少叶子。我徘徊树下,流连忘返,最后拾了许多落叶回来,仔细地夹在书本里。


        ཉིན་གསུམ་གྱི་རྗེས་སུ་ངས་དཔེ་དེབ་ཀྱི་ཁ་ཕྱེ་ཞིང་བཤེར་དུས།ལོ་མ་སྔར་ལྟར་རྙིད་ལ་ཁ་དོག་ཀྱང་ཡལ་འདུགའོན་ཀྱང་།སྔུན་གྱི་གཉེར་མས་བསྡུས་པ་དེ་འདྲ་ཞིག་མིན་པར་སྣང་།རྫ་དཀར་སྡེར་མ་རུ་ཚེ་སྲོག་གི་གསོན་ཤུགས་ཡལ་བའི་ལོ་མ་དག་ལས་དགའ་བོ་འདུགངས་རྟོག་པ་ལུང་བརྡོལ་ལས་མིའི་ཐབས་ཀྱིས་རང་བྱུང་གི་རྣམ་པ་ཕྱིར་སླར་གསོན་དུ་འཇུག་པར་བྱས།མཚོན་ལྡན་ཚོས་ཆུ་འགའ་བཙལ་ཡོང་སྟེ་མདངས་ཤོར་བའི་ཁག་ཏུ་ཧ་ཅང་སྣུམ་པའི་དམར་རྩི་རིམ་པ་ཞིག་བྱུགས།བལྟས་ཚོད་ཀྱིས་སྔོན་གྱི་མདོག་ལྟར་དམར་མདངས་རྒྱས།ཕལ་ཆེར་རྫུན་མ་ངོ་མར་བཅོས་ཐུབ་པ་འདྲ།ངས་འོལ་ཚོད་ཀྱིས་ལྷ་བཟོའི་ལག་རྩལ་ལ་བརྟེན་ཞིང་ཤེལ་སྒོ་དྲ་མའི་སྟེང་དུ་སྔོ་སྲབ་དྭངས་གསལ་གྱི་པར་ཤོག་ཞིབ་རིས་སྦྱར་བའི་ཐོག་ལོ་མ་དག་རང་དགར་པར་ཤོག་སྟེང་དུ་སྦྱར།དེ་ནི་ཤེལ་སྒོ་དྲ་མས་རླུང་བུ་བསུ་བ་བྱེད་པའི་མཚར་ལྗོངས་ཤིག་སྐྲུན་པར་བྱེད།ང་དགའ་ཉམས་ཀྱིས་དྲ་མའི་མདུན་དུ་བཙོག་པར་བྱས།མཚམས་རེར་རང་ཉིད་སྐྱིད་ཉམས་ཀྱིས་ཁེངས་པའང་མི་ཚོར།

  三天以后,我翻书检点,叶子还是枯了,失去了光泽,但不曾皱缩,比那白瓷盘里憔悴支离的一双好得多。我忽发遐想,试图以人力挽回自然,找来水彩颜料,在失色的红叶上涂抹了一层浓浓的胭脂。乍一看去,居然红艳如生,能够以假乱真了。我索性妄想巧夺天工,在玻璃窗上贴上淡青透明的绸纹纸,再把落叶参差错落地粘在纸上,构成一幅当窗迎风纷披的幻境。我怡然,坐在窗前,不觉一时莞尔自得。


       དེ་ནས་བཟུང་།དྲ་མའི་སྟེང་གི་གཡའ་ལོ་དེ་ངའི་ཞོགས་སྲོད་གཉིས་ཀྱིས་འདུག་གྲོགས་སུ་གྱུར་སོང་།ཉིན་རེའི་ཞོགས་པར་གཉིད་ལས་སད་ཅིང་དྲ་ཡོལ་འཐེན་དུས།ཞོགས་པའི་ཉི་ཟེར་ཕྲ་མོ་དེ་ཁོ་ན་མཐོང་།གཡའ་ལོ་དེ་དག་གི་གྲིབ་གཟུགས་ངས་ཕྱེ་མ་ཐག་པའི་མིག་ཟུང་དུ་སྐྱེལ་འོངས།ང་ལ་ཞོགས་པའི་འཚམས་འདྲི་བྱས།མཚམས་རེར་མཚན་གཞུང་སྟོང་འཇགས་སེ་འདུགཕྱི་ནས་འདུར་རྒྱུག་ལས་ལོག་སྟེ།ཁང་བ་རུ་འུར་ཟིང་ཕྲན་ཙམ་ཡང་མེད།འོན་ཀྱང་།སེར་ཞད་འདྲེས་པའི་གློག་འོད་མཆིས།གཡའ་ལོའི་གྲིབ་མ་དེ་དྲ་མའི་ཕྱི་རུ་འཕྲོ་བར་བྱས།ཕལ་ཆེར་ང་ལ་སྤྲོོ་འཛུམ་གྱིས་བསུ་བ་དང་ཨ་ན་མ་ན་རེད།ང་རང་འཛུམ་དམུལ་དམུལ་གྱིས་ཁང་མིག་ཏུ་འཛུལ།དེ་ནི་ཐང་ཆད་པའི་བྱེའུ་ཞིག་དང་འདྲ།རྦ་རླབས་བཞིན་འཕྱོ་བའི་སེམས་པ་འཇགས་པར་བྱས་ཤིང་དགའ་ཉམས་ཀྱིས་ཉལ་ཁྲིར་འགོས།དེ་ནས་རྨི་ལམ་འཚོལ་བར་སོང་།

  从此窗上的红叶,成了我朝夕相亲的伴侣。每天清晨,醒来撩开帐子,只见晨光熹微,这些红叶的剪影,就会投入我惺松的双眼,向我道早安。有时深夜凄清,从外面奔波回来,满屋静悄无声,却有那昏黄的灯光,把红叶的素影投射窗外,似对我含笑相迎。我亲切地进了屋,如倦鸟归林,打叠起浮浪的心情,怡然上床寻梦。


        འོན་ཏེ་ད་ནི་འདི་རུ་རླུང་གིས་ལྡང་ཞིང་ཉིན་དུ་མར་ཁ་བ་ནི་གཡུགསྔ་མོ་ནས་འཁྱག་སོབ་སོབ་ཀྱི་དགུན་ཁར་སླེབས།ཉིན་ཞིག་གི་ས་སྲོད་ལ་ང་རང་དྲ་མའི་མདུན་དུ་བཙོགགྲགས་མེད་ཀྱིས་འདུག་གྲོགས་གཡའ་ལོར་གདོང་གཏད་པ་ཡིན།གློ་བུར་དུ།ལྟག་རྒྱབ་ཀྱི་གཡུལ་ཁ་དེ་དྲན་པས།རྐང་ཐང་གིས་གནས་དེར་འཆམ་འཆམ་དུ་ཆས་པ་ཡིན།དེ་ནི་སྤྲོ་རྒྱས་ཀྱི་འཚམས་འདྲི་ཞིག་གི་ཚུལ་དུ་བརྩིས་པ་ཡིན།སུ་ཞིག་གིས་མེ་ལྟར་དམར་ཞིང་སྐད་ཅིག་ཉིད་དུ་རྒྱས་པའི་གཡའ་ཤིང་གི་སྡོང་བོའི་གཡའ་ལོ་ཟགས་ཚར་ཞིང་ཤུལ་དུ་ལུས་ཡོད་པ་ནི་ཡལ་ག་སྟོང་བ་དེ་མ་གཏོགས་མེད་ཅིང་འཕྲེད་ཀྱིས་གཡུག་ཅིག་ཏུ་གྲང་ལྷགས་ཀྱི་ནམ་མཁར་བསྲིངས་འདུགསྡོང་བོའི་མཐའ་འཁོར་དུ་སྐམ་སེར་དུ་གྱུར་བའི་རྙིད་རྩྭ་མ་གཏོགས་མི་སྣང་།ལོ་མ་སོར་གང་ཡང་མི་གནས།ཉེ་སར་ཁ་བ་ལྟར་དཀར་བའི་འཁྱགས་ཐལ་ཕུང་བོ་ཞིག་ཆགས་འདུགདེའི་ཁྲོད་དུ་མེ་སྐྱོན་དུ་ཤོར་བའི་གཡའ་ལོ་ཐར་ཐོར་ལུས་འདུགའབར་མ་ཚར་ཞིང་འཚིག་རོ་རུ་གྱུར་བའི་གཡའ་ལོ་ཁ་ཤས་ཡིན།དེ་ནི་མེ་ཏོག་སྐྱོང་མཁན་གྱིས་གཞོགས་ཤིག་ཏུ་སྤུངས་ཏེ་མེ་རུ་སྒྲོན་པར་འདོད།སང་ལོའི་དཔྱིད་ཀར་ལུད་རྫས་སུ་གྱུར་ཏེ་ཀྲོང་ངེར་འགྱིང་བའི་གཡའ་ཤིང་སྐྱེས་ངེས་སོ།།

  而今风雪连天,早到了凛冽的严冬。有一天黄昏,我兀坐窗前,面对伴我岑寂的红叶,忽然想起那后园的红树,便信步走去,作即兴的拜访。谁知那如火如荼、盛极一时的树冠,已经凋零殆尽,只剩得空枝濯濯,横斜地对着沉闷的寒空。树根四周,都是萎黄的枯草,落叶已片影无存。只是近处有一堆雪白的寒灰,其中留着残红点点,是些未烬的碎叶。想是园丁把落叶扫到一处,点把火烧了,好待来年化作春泥,给那峥嵘的老红树添点肥料。


        ཁང་ཁྱིམ་དུ་ལོག སྔར་བཞིན་དྲ་མའི་མདུན་དུ་བཙོག་ཅིང་དྲ་མའི་སྟེང་གི་གཡའ་ལོར་ཅེར།སྐྱོ་ཉམས་ཀྱིས།གལ་ཏེ་གཡའ་ལོར་མཁྱེན་པ་ཡོད་ཅིང་རང་ཉིད་ཀྱི་གྲོགས་པོའི་གནས་ཚུལ་ཐོས་ཤིང་རང་ཉིད་ཀྱི་འཕྲད་པའི་རྐྱེན་ངན་དྲན་དུས།ཁོ་ཚོས་ང་ལ་འཁང་ར་བྱེད་དམ་ཡང་ན་དྲིན་གཟོ་བྱེད་སྲིད།ཁོ་ཚོ་ནི་ས་འོག་ནས་ཐོན་པས།ས་འོག་ཏུ་འཛུལ་འོས་པ་ཡིན།ཁོ་ཚོའི་སྟེས་དབང་གི་འདུ་བྲལ་འདིས་ངའི་ཐབས་ཆག་གི་ཁང་ཁྱིམ་ལ་རྒྱན་གྱིས་སྤྲས་མོད།འདི་ནི་ཁོ་ཚེའི་རྐྱེན་ངན་དང་བར་ཆད་ཅིག་ཡིན་སྲིད།མ་མཐའ་ཡང་མ་ཉེས་ཁ་གཡོག་ཅིག་ཡིན་སྲིད།ང་དངོས་གནས་འགྱོད་ཉམས་ཤིག་སྐྱེས་བྱུང་།

  回到屋里,依然在窗前兀坐,对着窗上的红叶,我怅然,如果红叶有知,听到同伴的消息,想到自己的遭遇,它们对我是抱怨,还是感激?它们既从土里来,自应回到土里去,它们偶然的失群,装饰了我这陋室的小窗,该是它们的不幸,至少是委屈。——我终于感到歉然。

 

 

 

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4