【第268期】与父亲的夜谈

文章摘要:我和父亲觉得互相了解和亲近,是在我读高中二年级的时候

ཡབ་ཆེན་དང་མཚན་མོར་ཁ་བརྡ་དེ།

与父亲的夜谈

林清玄


        ཨ་ཕ་ངེད་གཉིས་ཕན་ཚུན་རྒྱུས་ལོན་པ་དང་བརྩེ་བའི་ཚོར་བ་ཡོད་དུས་ནི། ངས་མཐོ་འབྲིང་ལོ་རིམ་གཉིས་པ་འདོན་པའི་སྐབས།

       我和父亲觉得互相了解和亲近,是在我读高中二年级的时候。

  

        ཐེངས་ཤིག་ལ། ང་ཨ་ཕ་དང་མཉམ་དུ་ངེད་ཚང་གི་ནགས་རར་སྡོད་སོང་། ཨ་ཕ་དང་མཉམ་དུ་ཉལ་ལ། མཚན་མོར་སྒྲོན་མེ་སྦར་ཏེ་ཁ་བརྡ་བཤད་པ། ཨ་ཕས་ངར་ཁོང་ན་གཞོན་པའི་སྐབས་སུ་ཇི་ལྟར་ཕུགས་འདུན་གྱིས་ཁེངས་ལ། ད་དུང་རང་ཁེར་རྐྱང་རི་ཐོག་ཏུ་ཡོང་ནས་མུའུ་བཞི་བརྒྱ་བདུན་ཅུ་ལྷག་ཡོད་པའི་ས་ཞིང་གསར་འབྱེད་བྱས་པའི་ལོ་རྒྱུས་བཤད། 

  有一次,我随父亲到我们的林场去住,我和父亲睡在一起,秉烛夜谈。父亲对我谈起他青年时代如何充满理想,并且只身到山上来开辟四百七十甲的山地,

  

        ཁོང་གིས་བཤད་རྒྱུར། ངེད་གཉིས་ད་ལྟར་ཉལ་བའི་མལ་ཁྲི་འདིའི་འོག་ཏུ། དགུན་དུས་སྦྲུལ་མང་དུ་ཡོང་ནས་འཁྲིལ་ཏེ་དགུན་གཉིད་བྱས་པས། ནམ་ཕྱེད་གཅིན་གཏོང་འགྲོ་དགོས་ན་རྐང་འགོ་བཙུགས་ཏེ་གཟབ་གཟབ་བྱས་ནས་འགྲོ་བས་ན་ད་གཟོད་སྦྲུལ་མི་མནན་པ་རེད། 

  他说:“就在我们睡的这张床下,冬天有许多蛇爬进来盘着冬眠,半夜起来小便,都要踞着脚才不会踩到蛇。”

  

        ཨ་ཕས་ངར་བཤད་རྒྱུར། ན་གཞོན་པར་ཡོད་དགོས་པ་ནི་སྡུག་རུས་དང་བློ་སྟོབས་ཡིན།

  父亲告诉我:“年轻人最重要的就是打拼和勇气。”

  

        མཚན་མོ་དེར། ཨ་ཕ་ངེད་གཉིས་ཁ་བརྡ་ཡུན་རིང་ནས་ཡུན་རིང་བཤད་དེ་ད་གཟོད་གཉིད་ལ་ཡུར།

  那一夜,我和父亲谈了很久很久,才沉沉睡去。

  

        གཉིད་ལས་སད་རྗེས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། རྒྱུ་མཚན་ནི་ང་ཆུང་ནས་ཆེ་བར། ཨ་ཕ་དང་ཁེར་རྐྱང་ཆུ་ཚོད་གཅིག་ལས་རིང་བའི་སྐད་ཆ་བཤད་མ་མྱོང་། མཉམ་དུ་ཉལ་བ་ནི་དེ་བས་ཀྱང་བཤད་མི་དགོས།

  醒来后我非常感动,因为我从小到大,从来没有和父亲单独谈超过一小时的话,更不要说睡在一起了。

  

        ང་ཚོའི་ཕ་མ་རྣམས་ཀྱི་དུས་རབས་དེར། ཁོ་ཚོར་ཐོབ་པའི་སློབ་གསོ་ཉུང་ལ། ད་རུང་ཀྲུང་གོའི་སྲོལ་རྒྱུན་དང་འཇའ་ཕན་སློབ་གསོས་ཁོ་ཚོར་སྒམ་བརླིང་འགྱུར་དུ་བཅུག་པས། བརྩེ་དུང་སྟོན་མི་ཤེས་པས། ནམ་རྒྱུན་ང་ཚོ་དང་རབས་ཁྱད་ཡོད་ལ། ཕན་ཚུན་རྒྱུས་ལོན་པ་དང་བརྩེ་བ་ཡོད་དཀའ། 

  在我们的父母亲那一代,由于他们受的教育不多,加上中国传统和日本教育使他们变得严肃,不善于表达感情,往往使我们有代沟,不能互相了解和亲近。

 

        ལོ་ངོ་སུམ་ཅུ་བཞི་བཅུ་ཙམ་གྱི་འབད་བརྩོན་བརྒྱུད་པས། ལོ་རབས་འདིིའི་ཕ་མ་དང་བུ་བུ་མོའི་བརྩེ་བ་ཅུང་ཟབ་པ། འོན་ཏེ་དོན་དང་བྱ་བ་དེ་བས་བྲེལ་ཟིང་ཆེ། དུས་ཚོད་ནི་དེ་བས་ཇེ་ཉུང་དུ་གྱུར་སོང་། 

  经过三四十年的努力,这一代的父母较能和子女亲近了,却因为事情更繁忙,时间更少了。

  

        མཐོ་འབྲིང་དུས་སྐབས་ནས་ད་བར་ལོ་ངོ་ཉི་ཤུ་ཙམ་འདས་ཟིན། ངས་རྒྱུན་དུ་ཨ་ཕ་དང་མཚན་མོར་སྒྲོན་མེ་སྦར་ཏེ་ཁ་བརྡ་བཤད་པའི་སྣང་ཚུལ་དེ་སེམས་ལ་དྲན་འདུག ཡིན་ཡང་ཨ་ཕ་ཚེ་ལས་འདས་པས། ངར་དེ་འདྲའི་བདེ་སྐྱིད་གཏན་ནས་ཡོད་མི་སྲིད། 

  从高中时代到现在已经二十几年了,我时常怀念起那与父亲秉烛夜谈的情景,可惜父亲已经过世,我再也不会有那种幸福了。

  

        ང་ཚོས་རྟག་པར་ཕ་མ་དང་། ཡང་ན་བུ་རྒྱུད་དང་མཉམ་དུ་སྡོད་པའི་དུས་ཚོད་ལ་བརྩི་མཐོང་ཆེན་པོ་བྱ་དགོས་ས་རེད། རྒྱུ་མཚན་ཏེ་དུས་ཚོད་བཟང་པོ་ནི་ལྷོད་ཙམ་བྱས་ན་ཡལ་འགྲོ་བའོ།། 

  我们应该时常珍惜与父母、与子女亲近的时间,因为好时光稍纵即逝!

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4