【第265期】笑

文章摘要:雨声渐渐的住了,窗帘后隐隐的透进清光来。推开窗户一看,呀!凉云散了,树叶上的残滴,映着月儿,好似萤光千点,闪闪烁烁的动着。——真没想到苦雨孤灯之后,会有这么一幅清美的图画


དགོད།


冰心
 

       ཆར་སྒྲ་རིམ་བཞིན་འཇམ་སོང་། སྒེའུ་ཡོལ་རྒྱབ་ནས་གསལ་ལ་མ་གསལ་བའི་འོད་ཞིག་འཕྲོ་བྱུང་། སྒེའུ་ཁུང་ཕྱེ་ནས་བལྟས་ཚེ། ཨ་ཙི། འཁྱག་སྤྲིན་ཡལ་སོང་། ཤིང་ལོའི་ཐོག་ལུས་པའི་ཆུ་ཟིལ་ལ་ཟླ་འོད་འཕྲོ་བས། ཡིད་ཀོང་འོད་ཟེར་ཁྲི་སྟོང་ཡོད་པ་བཞིན། འཁྱུགས་སེ་འཁྱུག་ཏུ་འགུལ་བ། དངོས་གནས་བསམ་ཡུལ་ལས་འདས་པ་ནི་སྡུག་ཆར་གློག་རྐྱང་འདི་འདྲའི་རྗེས་ལ། དྭངས་ཞིང་མཛེས་པའི་རི་མོ་འདི་ལྟར་ཡོད་པ། 

       雨声渐渐的住了,窗帘后隐隐的透进清光来。推开窗户一看,呀!凉云散了,树叶上的残滴,映着月儿,好似萤光千点,闪闪烁烁的动着。——真没想到苦雨孤灯之后,会有这么一幅清美的图画!
  

        སྒེའུ་ཁུང་ལ་རྟེན་ནས་ཡུད་ཙམ་ལངས་པར། གྲང་སྣང་ཅུང་ཟད་སྐྱེ་བྱུང་། ཕྱིར་འཁོར་བར། གློ་བུར་དུ་འཁྲུལ་སྣང་ཟང་ཟིང་གིས་ཁྱབ། ཁང་པའི་ནང་གི་དངོས་པོ་གཞན་རྣམས། སྤྲིན་འོད་འོག་ཏུ་ཡིབ་པས། དེ་འདྲའི་ལྷིང་འཇགས་ལྡན། ཡིན་ཡང་གྱང་ངོས་ལ་སིམ་པའི་རི་མོའི་ནང་གི་ལྷའི་ཕོ་ཉ་སྟེ། གོས་དཀར་གོན་པའི་ལྷའི་ཕོ་ཉ་འདིས། མེ་ཏོག་ཁྱེར་བཞིན། གཤོག་པ་རྐྱོང་བཞིན། ངར་འཛུམ་དམུལ་དམུལ་གྱིས་དགོད་ཙམ་བྱས་བྱུང་།

  凭窗站了一会儿,微微的觉得凉意侵入。转过身来,忽然眼花缭乱,屋子里的别的东西,都隐在光云里;一片幽辉,只浸着墙上画中的安琪儿。——这白衣的安琪儿,抱着花儿,扬着翅儿,向着我微微的笑。
  

         འཛུམ་དཀར་འདི་ངས་གང་ནས་མཐོང་མྱོང་བའི་སྣང་བ་ཞིག་ཤར་བྱུང་། དུས་ནམ་ཙམ་ལ། ངས་ནམ་་་་་་ ཤེས་མེད་ཚོར་མེད་དུ་སྒེའུ་ཁུང་འོག་ཏུ་སྡོད་དེ་བསམ་བཞིན། ཁ་རོག་ཏུ་བསམ་བཞིན། 

  “这笑容仿佛在哪儿看见过似的,什么时候,我曾……”我不知不觉的便坐在窗口下想,——默默的想。
 

        ནན་དམ་གྱི་སེམས་པའི་ཚན་པ། རིམ་བཞིན་འབྱེད་དེ། ལོ་ལྔའི་སྔོན་གྱི་བག་ཆགས་ཤིག་སེམས་ལ་དྲན་བྱུང་། དེ་ནི་ཧ་ཅང་རིང་བའི་གནའ་ལམ་ཞིག་ལ། བོང་བུའི་རྨིག་པའི་ཐོག་གི་འདམ་བག དེ་འདྲའི་འདྲེད་པ། ཞིང་ལམ་ནང་གི་ཆུ་ཕྲན། ལྷུང་ལྷུང་དུ་འབབ་པ། གྲོང་པའི་ཉེ་འགྲམ་གྱི་ལྗོན་པ། རློན་པའི་དུ་སྤྲིན་གྱིས་སྒྲིབ་འདུག གཞུ་ལྟར་གུག་པའི་ཟླ་གསར། སྡོང་བའི་རྩེ་རུ་འགེལ་པ། འགྲོ་བཞིན་འགྲོ་བཞིན། ལམ་འགྲམ་དུ་བྱིས་པ་ཞིག་ཡོད་པར་ཡིན་བཟོ། འོད་དཀར་འཚེར་འཚེར་གྱི་དངོས་པོ་ཞིག་ཁུར་འདུག བོང་བུ་བརྒྱུད་ནས་སོང་། སྣང་མེད་དུ་ཕྱིར་གཅིག་བལྟས་ཚེ། ཁོས་མེ་ཏོག་ཅིག་ཁུར་ཏེ། རྐང་རྗེན་བྱས་ནས། ངར་འཛུམ་དམུལ་དམུལ་གྱིས་དགོད་ཙམ་བྱས།

  严闭的心幕,慢慢的拉开了,涌出五年前的一个印象。——一条很长的古道。驴脚下的泥,兀自滑滑的。田沟里的水,潺潺的流着。近村的绿树,都笼在湿烟里。弓儿似的新月,挂在树梢。一边走着,似乎道旁有一个孩子,抱着一堆灿白的东西。驴儿过去了,无意中回头一看。——他抱着花儿,赤着脚儿,向着我微微的笑。
 

         འཛུམ་དཀར་འདི་ངས་ད་རུང་གང་ནས་མཐོང་མྱོང་ན། ངས་སྔར་ལྟར་བསམ་བཞིན། ཁ་རོག་ཏུ་བསམ་བཞིན།

  “这笑容又仿佛是哪儿看见过似的!”我仍是想——默默的想。
 

        སླར་ཡང་སེམས་པའི་ཚན་པ་ཞིག རིམ་བཞིན་འབྱེད་དེ། ལོ་བཅུའི་སྔོན་གྱི་བག་ཆགས་ཤིག་སེམས་ལ་དྲན་བྱུང་། དེ་ཡང་མདའ་གཡབ་འོག་གི་ཆར་ཆུ། ཐིགས་པ་གཅིག་ནས་གཅིག་ཏུ་གྱོན་ཆས་ཐོག་ཟགས་པ། ས་སྐས་འགྲམ་གྱི་ལྦུ་བ། ཕར་དབུ་ཚུར་དབུར་སྐོར་བ་རྒྱག་པ། སྒོ་མདུན་གྱི་གྲོ་རྣང་དང་རྒུན་སྒྲོམ་ཆར་པས་དྭངས་སེར་ལྗང་སྐྱར་བཀྲུས་ཏེ་གསར་ཞིང་མཛེས་པ། ཅུང་མ་འགོར་བར་གནམ་དྭངས་བྱུང་། མགྱོགས་མྱུར་དུ་ཐུར་ལ་བབས་ནས་སོང་། གདོང་བསུར་ཆུ་སྐྱེས་མཚོ་ངོས་ནས་ཤར་བར་མཐོང་། ཐོལ་གྱིས་དངོས་པོ་ཞིག་བརྗེད་སོང་བ་དྲན། འགྲོ་མཚམས་འཇོག་སྟེ། ཁ་ཕྱིར་འཁོར་བར། རྩྭ་ཁང་འདིའི་ནང་གི་རྒན་མོ་དེ། ཁོས་སྒོར་རྟེན་ནས། མེ་ཏོག་ཁུར་ཏེ། ངར་འཛུམ་དམུལ་དམུལ་གྱིས་དགོད་ཙམ་བྱས་བྱུང་། འདི་འདྲ་དེ་མཚུངས་བཤད་དཀའ་བའི་རྣམ་འགྱུར། སྡོམ་སྐུད་གཅིག་ནས་གཅིག་ལྟར། གཡེང་ང་གཡེང་ངེར་རུབ་ཏུ་བསྡུས་ནས། མདུད་པ་ཞིག་གྲུབ། 

  又现出一重心幕来,也慢慢的拉开了,涌出十年前的一个印象。——茅檐下的雨水,一滴一滴落到衣上来。土阶边的水泡儿,泛来泛去的乱转。门前的麦垄和葡萄架子,都濯得新黄嫩绿的非常鲜丽。——一会儿好容易雨晴了,连忙走下坡儿去。迎头看见月儿从海面上来了,猛然记得有件东西忘下了,站住了,回过头来。这茅屋里的老妇人——她倚着门儿,抱着花儿,向着我微微的笑。这同样微妙的神情,好似游丝一般,飘飘漾漾的合了扰来,绾在一起。
  

        སྐབས་འདིར་སེམས་འོག་གཞུང་དྲང་ལ་དྭངས་གསལ། ལྷའི་ཞིང་ཁམས་སུ་སླེབས་པ་དང་། ཕ་ཡུལ་དུ་ལོག་པ་འདྲ། མིག་མདུན་དུ་ཤར་བའི་མཛུམ་དཀར་གསུམ་སྟེ། རེ་ཞིག་ཞེན་པའི་སྙོམས་པར་ཞུ་ནས་དབྱེ་བ་འབྱེད་མ་ནུས། 

  这时心下光明澄静,如登仙界,如归故乡。眼前浮现的三个笑容,一时融化在爱的调和里看不分了。
  

赏析:

        ཡིག་འབྲུ་བདུན་བརྒྱ་ཙམ་གྱི་རྩོམ་ཐུང་ཞིག མངོན་བརྗོད་སྤྲས་མེད་ལ། ཚིག་རྒྱན་གྱིས་བཅིངས་མེད། རང་དགར་དུ་བརྗོད་ཚིག་སྙན་དུ་གཏོང་ནས། གཟུགས་བརྙན་གསུམ་རགས་བྲིས་བྱས་ཡོད་དེ། རི་མོའི་ནང་གི་ལྷའི་ཕོ་ཉ་ཆུང་ཆུང་ཞིག་དང་། ལམ་འགྲམ་གྱི་གྲོང་སྡེའི་བུ་མོ་ཞིག རྩྭ་ཁང་ནང་གི་རྒན་མོ་ཞིག་སྟེ། རང་རང་གིས་མེ་ཏོག་ཞིག་ཁུར་འདུག

  七百字的一篇短文,不施藻饰,不加雕琢,只是随意点染,勾画了三个画面:一位画中的小天使,一位路旁的村姑,一位茅屋里的老妇人,各自捧着一束花。  

        གཟུགས་བརྙན་གསུམ་མ་གཏོགས། སྒྲ་ཅི་ཡང་མེད་དོ།། མེ་ཏོག་དཀར་པོ་གསུམ་ཀས་འཛུམ་མདངས་དང་། རྣམ་དག ལྷད་མེད། འཚེར་མེད་རྒྱན་སྤྲས་བྱས། འོན་ཀྱང་། ཁ་ཁུ་སིམ་པོའི་ནང་དུ། སྐད་སྙན་བདེ་འཁྱུག་གི་འདུན་མཚོན་གླུ་དབྱངས་ཚོར་ལ་མི་ཚོར་བ་ཞིག་གོ་ཐུབ། ཨོག་ལེན་ཆུང་བའི་སྙན་སྒྲ་རྒྱུན་མི་འཆད་པར། ཡིད་ཆགས་ལྷུག་པོར་བཤད་པར་འདྲ། མིར་ལྷོད་གཡེང་གི་སྣང་བ་ཞིག་སྤྲོད་དེ་བློ་བདེ་བག་ཕེབས་ངང་ཤེས་མེད་ཚོར་མེད་དུ་ཁོ་དང་མཉམ་དུ་ཞོད་འཇགས་དྭངས་གཙང་གི་ཡུལ་ཁམས་ཞིག་ཏུ་སླེབས་ལ། ད་དུང་བློ་དགའ་ལ་ཡིད་ཚིམ་པ། ཡིན་ཡང་ཁྱོད་ཀྱིས་མིག་ཧུར་རེར་འཚོལ་སྐབས། རོལ་མོའི་སྒྲ་གློ་བུར་དུ་ཆད་དེ། སྒྲ་དབྱངས་ཚར་ལ་མིའང་མི་མཐོང་། སྔར་ལྟར་འཛུམ་དཀར་གསུམ་དང་། མེ་ཏོག་དཀར་པོ་གསུམ། ཁོང་ཡོངས་ཀྱི་སྣང་པ་ཞིག་ལས་མེད། ཡང་ཁོང་ཡོངས་ཀྱི་ནང་དུ་རྒྱང་ལ་ཉེ་བའི་དགོད་སྒྲ་ཞིག་ཡོད་པ་བཞིན། དེ་ལྟར་སྙན་ཞིང་འཇེབས་ལ། དེ་ལྟར་ཞི་ཞིང་དུལ་བར། རྣམ་དག་ལྷད་མེད་ཀྱི་ཞེན་པའི་ཕྱུག་གོ།

  没有一点声音,只有三幅画面。三束白花衬托着笑靥,真诚、纯净、自然。然而,万籁无声中,又分明隐约地听到一支宛转轻盈的抒情乐曲。小提琴声不绝如缕,低回倾诉,使人悠悠然于心旌神摇中不知不觉地随它步入一片宁谧澄静的天地,而且深深地陶醉了。待你定睛寻觅时,琴声戛然而止。曲终人不见,只有三张笑靥,三束白花,一片空灵。空灵中似乎飘浮着若远若近的笑声,那么轻柔,那么甜美,注溢着纯真的爱。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4