【第264期】奴才的残暴

文章摘要:一次,在严冬里坐外国的海船到青岛去。四等舱里照例人和货堆在一起,这次却连堆也不得堆了,货在舱里,人在甲板上。

རྐུབ་གཡོག་གི་གདུད་རྩུབ།

奴才的残暴
 

       ཐེངས་ཤིག དགུན་ཨ་རང་ད་རང་ཞིག་ལ་ཕྱི་གླིང་བའི་མཚོ་གྲུར་བསྡད་དེ་ཆིན་ཏོོར་སོང་། གྲུ་ཤག་བཞི་པར་སྔར་རྒྱུན་ལྟར་མི་དང་ཚོང་ཟོག་མཉམ་དུ་སྤུང་ནས་ཡོད། ཐེངས་འདིར་སྤུང་ཡང་སྤུང་མེད་དེ། ཚོང་ཟོག་གྲུ་ཤག་ནང་། མི་ནི་གྲུ་གཅལ་ཐོག ཇ་ཞུ་བ་བཙལ་ཏེ་གྲུ་ཤག་སྒོ་ཕྱེ་བསམ་ཡང་། མཇུག་འབྲས་མེད་སོང་། དེ་ཡང་གྲང་ངར་ཆེ་བའི་དགུན་དུས་ཡིན་པས་རྐྱེན་གྱིས། མཐར་མགྲོན་པོ་རྣམས་བཟོད་ཐབས་བྲལ་ཏེ། ཚང་མ་ངར་ཉམས་ཆེན་པོའི་ངང་འབྲེལ་གཏུག་བྱེད་སོང་། རྩིས་བས་བདེན་ཡོད་ཞུམ་མེད་ཀྱིས་བཤད་པར། གྲུ་ཐོག་ན་གྲུ་ཤག་བཞི་པ་ཟེར་བ་ཞིག་གཏན་ནས་ཡོད་མ་རེད། འདི་ཇ་ཞུ་བའི་ཕན་ཆ་ཞིག་ལས་གཞན་མིན། བསྡད་ས་ཡོད་ན་ཡོད་རེད། ཚོང་ཟོག་གང་བས་ན་གྲུ་ཐོག་ཏུ་བསྡད་དགོས་པ་སྨོས་མེད། སྐྱིད་པོ་རོལ་བསམ་ན། མགོ་ཤག་སྡོད་སོང་། ཞེས་སྐད་ཆ་འདི་གནས་ལུགས་ལྡན་པ་རེད། དངུལ་གྲོན་ཆུང་བྱེད་བསམ་ན་ཐབས་ཆག་ཡིན་དགོས། འོན་ཏེ་མང་ཚོགས་ཀྱིས་འདི་ལྟར་བསམ་གྱིན་མི་འདུག མཐར་གྲུ་བདག་བཙལ་ཏེ་རྩོད་པ། བསམ་ཡུལ་ལས་འདས་པ་སྟེ། གྲུ་བདག་གིས་འཛེམ་འཛེམ་གྱིས་གྲུ་ཤག་སྒོ་ཕྱེ་བའི་བཀའ་བཀོད། 

  一次,在严冬里坐外国的海船到青岛去。四等舱里照例人和货堆在一起,这次却连堆也不得堆了,货在舱里,人在甲板上。找茶房开舱门,没有结果。也是因为严冬的缘故,乘客终于忍无可忍了,群情滔滔地去交涉。帐房却理直气壮:“船上根本没有四等客舱,这不过是茶房的好处,有位子就搭,货装满了自然就在船面上,要舒服,坐头等舱。”这话是很有道理的,省钱就得将就些。然而群众却不那么容易理喻,终于闹到了船主那里。意外的,船主却非常客气的吩咐开舱门。

 

        ཇ་བ་དང་རྩིས་བ་ཚང་མ་ཀྲུང་གོ་བ་ཡིན་པ། འོན་ཀྱང་ཁོ་ཚོས་རང་གི་ཤ་རུས་གཅིག་པའི་སྤུན་ཟླར་བརྙན་བཅོས་བྱེད་དུས་ཕྱི་གླིང་བའི་གྲུ་བདག་ལས་ཀྱང་ངན། གནས་ལུགས་འདི་ངས་བསམ་བློ་ཐེངས་མང་བཏང་རུང་གོ་བ་མ་ལོན། རྗེས་མར་དོ་སྣང་བྱེད་དུས། ད་གཟོད་རང་སྟབས་ལེགས་པས་གཞན་པ་བློས་བཏང་བའི་མི་འདིའི་རིགས་གྲུ་ཐོག་གི་ཇ་མ་དང་རྩིས་བ་ལས་མི་ཚད་པ་ཤེས་བྱུང་། ཧྲང་ཧེའི་མགོ་དམར་ཨ་ཟེན། ཨན་ནན་ཉེན་རྟོག་པ། ཀྲུང་གོའི་མི་སེར་ལ་བརྙན་བཅོས་པ་བྱས་དགོས་ན་ཕྱི་གླིང་བའི་ཉེན་རྟོག་འགོ་པ་ལས་ངན། ཀྲུང་ཧྭའི་ཉེན་རྟོག་པ་སྐབས་སྐབས་ལ་དེ་བས་ཀྱང་རྫིག་ཉམས་ལྡན། དེས་མ་ཟད་རང་གི་བདག་པོ་ཕྱི་གླིང་བ་ཡིན་པས་མི་ཚད་པར། བདག་པོ་འདྲ་འདྲ་ཀྲུང་གོ་བ་ཡིན་པས་ལས་ཁུངས་ཆེན་པོའི་བརྒྱུད་བསྒྲགས་པ། ཕྱུག་དཔོན་ཚང་གི་སྒོ་སྲུང་། ཐིགས་རལ་འཕྲུལ་འཕྲུལ་གྱི་མགྲོན་པོར། དེ་མཚུངས་ངོ་མདོག་ཡག་པོ་ཞིག་སྟོན་རྒྱུ་ཡོད་མི་འདུག

  茶房帐房都是中国人,却在欺凌他们自己的同胞时比洋鬼子的船主还凶,这道理真使我百思不解。后来一留心,才知道这种自己侥幸拿他人做牺牲的不只船上的茶房和帐房。上海的红头阿三,安南巡捕,凌辱中国老百姓就比三道头厉害,华捕有时且更威风些。并且也不限于主子是外国人才如此,主子同是中国人的大机关的传达,阔公馆的门房,对于褴褛的客人,是同样不肯假以好脸色的。

 

      མི་ཞིག་གིས་བཤད་མྱོང་པར། རྗེ་ངན་དབང་འོག་གི་བློན་འབངས། ཕལ་ཆེར་རྗེ་ངན་ལས་བཙན། ཞེས་རྐུབ་གཡོག་ཚང་མ་འདི་ལྟར་རེད། 

  有人曾说过“暴君下的臣民,大抵比暴君更暴”,一切奴才全是如此的。

 

       གཏུམ་རྒྱལ་གྱི་གདུག་རྩུབ། རང་ཉིད་ཀྱི་གོ་སའི་དབང་གིས། གང་ལྟར་ད་རུང་འཛེམ་ཟོན་ཅུང་ཡོད་པ། འོན་ཏེ་གཏུམ་རྒྱལ་དབང་འོག་གི་མངའ་འབངས་ལ་འདི་ལྟའི་དོགས་པ་གཏན་ནས་མེད། ཁོ་ཚོའི་རང་སྟེང་དབང་པ་ཡིན་རྒྱུ་བརྗེད་དེ། གཞན་མགོར་སྲིད་དབང་གདུག་རྩུབ་གཏོང་ཐུབ་སོང་ན། མཐོང་བས་དགའ་སྤྲོ་འཕེལ་ལ། གདུག་རྩུབ་ཀྱིས་རོལ་རྩེད་བྱས་པ་དང་། གཞན་གྱི་སྡུག་བསྔལ་ཀྱིས་ལྟ་རྩེ་དང་། སེམས་གསོ་བྱས། དེ་ལྟར་དེ་བས་ཀྱང་གདུག་རྩུབ་ཆེ་བའི་ལམ་དུ་ཆས། མཐར་གཏུམ་རྒྱལ་གྱི་གཏུམ་གྱིས་ཀྱང་ནམ་རྒྱུན་ཁོ་ཚོའི་འདོད་སྲེད་སྐོང་མི་ཐུབ་པར་གྱུར། 

  暴君的残暴,为了本身的分位,毕竟还有几分顾忌,暴君下的臣民就完全不管这些了。他们更忘了自己是侥幸者,“只顾暴政在他人的头上,他们却看着高兴,拿’残酷’做娱乐。拿’他人的苦’做赏玩,做安慰”,因而变得更残暴、以至暴君的暴时常还不能满足他们的欲望。

 

        ཀྲུང་གོའི་རྣམ་པ་ཁྲི་སྟོང་མང་པོའི་ཁྲིམས་ཆད། གཏུམ་རྒྱལ་རང་ཉིད་ཀྱིས་དྲན་པ་ག་ན་ཡིན། ཡོད་ཚད་རྐུབ་གཡོག་རྣམས་ཀྱི་ཕུལ་བྱུང་མཛད་པ་རེད། དཔེར་དེའི་ནང་གི་སྲོག་ཁྲིམས་ལ་ཆ་མཚོན་ན། འགེགས་གསོད། གཅོད་གསོད། གཏུབས་གསོད་སོགས་གྲངས་ཀྱིས་མི་ལང་། གཅོད་ལའང་སྐེ་གཅོད་དང་རྐེད་གཅོད་གཉིས་སུ་དབྱེ། འདི་ཡང་ད་དུང་“རྩུབ་ལས”་མ་གཏོགས་མིན་ལ། “ཞིབ་ལས”་ཞེས་པའི་གཏུབས་གསོད་དེས་གྲིས་ཐེངས་མ་བཅུ་ཕྲག་གཅོད་དེ་ད་དུང་མི་ཤིར་མི་བཅུག་པ། ཀྲོའུ་ཙུའོ་རེན་གྱིས་༼རང་ཉིད་ཀྱི་ལྡུམ་ར་༽ཞེས་པའི་ནང་དུ་འདིེ་ལྟར་བརྗོད་མྱོང་། “ཞིབ་ལས་”ལེགས་པར་འགྲུབ་ན། རང་ཡིད་ཚིམ་ཁོ་ན་མིན། ཆང་བཏུང་དགོས་ལ། ལྟ་མཁན་གྱིས་ཀྱང་སྐེ་རིང་བསྲིངས་ནས་བསྟོད་པ། ལྟ་མཁན་དང་ལག་མཁན་ཚང་མས་སྡུག་བསྔལ་གྱིས་མནར་བཞིན་པའི་མི་དེ་རང་གི་སྤུན་ཟླ་ཡིན་པ་བརྗེད་བར་འདྲ། ཨ་Q་སྲོག་ཁྲིམས་གཏོང་སར་འཆིང་སྐྱོད་བྱས་དུས། ལམ་བར་དུ་ཟློས་གར་ཚིག་གཅིག་ཀྱང་མ་འཁྲབ་པས། མང་ཚོགས་ཀྱིས་ཆོ་གཏན་ནས་མེད་པར་དྲན་ཏེ། འདོད་པ་སྐོང་མ་ཐུབ། འདི་འདྲའི་སེམས་པ། ཁྱད་མཚར་ཞེས་པའི་ཚིག་གཉིས་ཀྱིས་ག་ན་མཚོན་ཐུབ། 

  千式百样的中国的刑罚,就不是暴君个人想出来的,全是奴才们的杰作。只就其中的死刑说吧,有绞,有斩、有凌迟……数不清的样数。斩里面又有杀头腰斩的不同,这还都算“粗活”,称为“细活”的凌迟是割过几十刀子还不让死去。周作人在《自己的园地》里曾有过叙述。“细活”做好,不独自己得意,要喝酒,看的也扯长头颈叫好。好像看的和动手的都忘记在苦难中的就是自己的同胞。阿Q绑赴法场的时候,沿路一句戏也没唱,群众都觉索然寡味。欲望不能满足,这种心理,又怎足怪呢!

 

        དོན་དངོས་སུ་ད་ལྟར་ཁོ་ན་མིན་ལ། རྐུབ་གཡོག་བདག་པོ་ལས་གདུག་རྩུབ་ཆེ་བའང་དེ་རིང་ནས་འགོ་བཙུགས་པ་མིན། གཤིན་རྗེ་རྒྱལ་པོ་མཇལ་སླ་ཡང་། འཁོར་གཡོག་གདོན་འདྲེར་རེ་བཅོལ་དཀའ། ཞེས་གཏམ་འདི་གནའ་ནས་ཡོད་མ་རེད་དང་། དེ་བས་སྔར་ནས་སྲོལ་འདི་འདྲ་ཆགས་འདུག་པ་ཡིན་ངེས། 

  其实也不独现在如此,奴才比主子更残暴不是自今日始的。“阎王好见,小鬼难缠”,不是从来就有这句话么?大概是由来久矣!

 

        ཉི་ཤུ་དགུ། ཟླ་བ་དྲུག་པའི་ཚེས་ཉེ་ལྔ་ཉིན། 

  二十九,六月二十五。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4