【第263期】孝心无价

文章摘要:我不喜欢一个苦孩求学的故事。家庭十分困难,父亲逝去,弟妹嗷嗷待哺,可他大学毕业后,还要坚持读研究生,母亲只有去卖血……我以为那是一个自私的学子。

སྲི་ཞུའི་སེམས་ལ་རིན་ཐང་བྲལ།

孝心无价

毕淑敏

        ང་སྡུག་བསྔལ་གྱི་མནར་བའི་བྱིས་པ་སློབ་གཉེར་བྱས་པའི་གཏམ་རྒྱུད་ལ་དགའ་བ་མེད། ཁྱིམ་ཚང་དཀའ་ངལ་ཆེ་ལ། ཨ་ཕ་ཤི་བ། ནུ་བོ་ནུ་མོ་ནི་སྤྲང་པོ་ལག་གཟེར། འོན་ཏེ་ཁོ་སློབ་ཆེན་མཐར་ཕྱིན་རྗེས། ད་དུང་རང་བསམ་མཐའ་འཁྱོངས་ཀྱིས་ཞིབ་འཇུག་སློབ་མ་འདོན་པ། མ་རྒན་ཁྲག་བཙོངས་འགྲོ་བ་ལས་བྱ་ཐབས་བྲལ། ངས་བསམ་ན་དེ་ནི་སྒེར་སེམས་ཆེ་བའི་སློབ་གཉེར་བ་ཞིག་རེད། སློབ་གཉེར་གྱི་ལམ་ནི་ཧ་ཅང་རིང་བས། ཚེ་གཅིག་ལུས་གཅིག་གི་ལས་དོན་དེ། ལོ་འགའ་ཤས་གྱི་དུས་ཚོད་སྟོང་སྐྱེལ་ལ་ཚབས་ཆེན་པོ་དེ་འདྲ་བརྩི་དོན་ཅི་ཡོད། མ་ཡུམ་གྱི་ཁྲག་དམར་གྱིས་གསོ་སྐྱོང་བྱེད་དགོས་ན། དུས་ཚོད་སྐར་ཆ་རེ་ནས་སྐར་མ་རེ་ཅི་འདྲའི་སྐ་བ་ལྡན་པར། མ་ཡུམ་ལའང་མཛའ་བརྩེ་མེད་པའི་མི་ཞིག ཁོ་ད་དུང་སུར་མཛའ་བརྩེ་ཡོད་རྒྱུ་རེད། རང་གི་ཁེ་ཕན་བླ་མ་མེད་པའི་གོ་སར་བཞག་པའི་མི་ཞིག ཁོ་མིའི་རིགས་ལ་རང་སྲོག་བློས་གཏོང་པའི་མཁས་དབང་ཞིག་ལ་ཅི་ལྟར་འགྱུར། ང་ད་དུང་ཕ་མ་ནད་གྱི་མནར་ཏེ་ལངས་མི་ཐུབ་པ། རང་སེམས་ཐག་རྦད་བཅད་དུ་ཕྱིར་འགྲོ་བའི་བྱེས་པར་དགའ་བ་མེད། ཁྱོད་ལ་རྒྱུ་མཚན་ག་ཚོད་ཡོད་རུང་དེ་ལྟར་ཡིན། སའི་གོ་ལ་སུ་དང་བྲལ་ན་གང་ལྟར་འཁོར་བ་རེད། མི་སྒེར་གྱི་སྟོབས་ཤུགས་བསམ་ཡུལ་ལས་འདས་པའི་ཆུ་ཚད་ལ་འུད་སྒྲོག་བྱེད་དགོས་དོན་མེད། མི་རྒན་པོ་ཞིག་སྣུམ་ཟད་མར་མེ་བཞེན་པའི་དུས་ལ་སླེབས་པ། ཁོའི་འཇིག་རྟེན་འདིར་ཆེས་མཐའ་མའི་རེ་འདུན་དེའང་གཅོད་དེ། རེ་ཐག་ཆད་དེ་ཁེར་མ་ཟླ་མེད་དུ་རྒྱང་རིང་ལ་འགྲོ་བཅུག་པ་དེ་ནི་ཚེ་སྲོག་ལ་གུས་བཀུར་མེད་ཤོས་དེའོ།།

        我不喜欢一个苦孩求学的故事。家庭十分困难,父亲逝去,弟妹嗷嗷待哺,可他大学毕业后,还要坚持读研究生,母亲只有去卖血……我以为那是一个自私的学子。求学的路很漫长,一生一世的事业,何必太在意几年蹉跎?况且这时间的分分秒秒都苦涩无比,需用母亲的鲜血灌溉!一个连母亲都无法挚爱的人,还能指望他会爱谁?把自己的利益放在至高无上位置的人,怎能成为为人类献身的大师?我也不喜欢父母重病在床,断然离去的游子,无论你有多少理由。地球离了谁都照样转动,不必将个人的力量夸大到不可思议的程度。在一位老人行将就木的时候,将他对人世间最后的期冀斩断,以绝望之心在寂寞中远行,那是对生命的大不敬。

        ལྷག་བསམ་གཞུང་དྲང་གི་བྱིས་པ་ཞིག་ཡིན་ནས། སེམས་གཏིང་དུ་ཕ་མར་སྲི་ཞུ་བྱ་དགོས་པའི་རེ་འདུན་ཆེན་པོ་ཞིག་འཇོག་ཡོད་པ་ངར་ཡིད་རྟོན་ཡོད། ཕིས་འབྱུང་དུས་ཚོད་རིང་པོ་ཡོད་པར་ཡིད་ཆེས་དང་། ཆ་རྐྱེན་འཛོམས་ན་གྲུབ་འབྲས་ཐོན་པར་ཡིད་ཆེས། བྱས་རྗེས་ཐོབ་ལ་མཚན་སྙན་རྒྱས་ཏེ་གཟབ་མཆོར་སྤྲས་ནས་ཕ་ཡུལ་ལ་ལོག་པའི་ཉིན་ཞིག་ཡོད་པར་ཡིད་ཆེས། ལྷོད་ལྷོད་ཀྱིས་སྲི་ཞུ་བྱེད་ཆོག་པར་ཡིད་ཆེས། 

  我相信每一个赤诚忠厚的孩子,都曾在心底向父母许下“孝”的宏愿,相信来日方长,相信水到渠成,相信自己必有功成名就衣锦还乡的那一天,可以从容尽孝。

        འོན་ཀྱང་མི་རྣམས་ཀྱིས་བརྗེད་སོང་། དུས་ཚོད་ལ་སྙིང་རྗེ་མེད་པ་བརྗེད་སོང་། མི་ཚེ་ཐུང་བ་བརྗེད་སོང་། འཇིག་རྟེན་འདིའི་ཐོག་གཏན་ནས་འཇལ་མི་ཐུབ་པའི་བཀའ་དྲིན་ཡོད་པ་བརྗེད་སོང་། མི་ཚེ་རང་ཉིད་ལ་བྱེ་མའི་ཆངས་རའི་སོབ་ཀྱེ་ཡོད་པ་བརྗེད་སོང་། 

  可惜人们忘了,忘了时间的残酷,忘了人生的短暂,忘了世上有永远无法报答的恩情,忘了生命本身有不堪一击的脆弱。

        ཕ་མ་འདས་སོང་། ང་ཚོར་སེམས་ཁུར་གྲངས་མེད་བྱེད་བཞིན། ཕ་མ་འདས་སོང་། ང་ཚོར་གཏན་ནས་དྲིན་འཇལ་མི་ཐུབ་པའི་འགྱོད་སེམས་ལུས་ཏེ། ཡུན་ནས་ཡུན་དུ་སྲི་ཞུ་བྱེད་ས་བྲལ། 

  父母走了,带着对我们深深的挂念。父母走了,遗留给我们永无偿还的心情。你就永远无以言孝。  

        དོན་དེ་འདྲ་འགའ་ཤས། ང་ཚོ་ན་གཞོན་པའི་སྐབས་ལ། རྟོགས་མི་ཐུབ་པ། ང་ཚོས་རྟོགས་ཐུབ་ཐུབ་པའི་དུས་ལ། དེ་ནས་ན་གཞོན་མིན།

  有一些事情,当我们年轻的时候,无法懂得。当我们懂得的时候,已不再年轻。  

        སྲི་ཞུ་ནི་ལྷོད་ཙམ་བྱས་ན་ཡལ་འགྲོ་བའི་དྲན་པ། སྲི་ཞུ་ནི་བསྐྱར་ཡོང་མི་ཐུབ་པའི་བདེ་སྐྱིད། སྲི་ཞུ་ནི་བྱས་ཉེས་ལན་གཅིག་སེམས་སྡུག་ཚེ་གང་གི་སྔོན་དོན། སྲི་ཞུ་ནི་ཚེ་སྲོག་དང་ཚེ་སྲོག་འབྲེལ་མཐུད་བྱས་པའི་ལྕགས་ཐག ནམ་གཅིག་ཆད་ཤོར་ན། དེ་ནས་མཐུད་ཐབས་བྲལ། 

  “孝”是稍纵即逝的眷恋,“孝”是无法重现的幸福。“孝”是一失足成千古恨的往事,“孝”是生命与生命交接处的链条,一旦断裂,永无连接。  

       ཅི་མགྱོགས་ཀྱིས་ཁྱོད་ཀྱི་ཕ་མར་སྲི་ཞུ་བྱོས་དང་། ཡང་ན་ཁང་ཆེན་ཞིག ཡང་ན་སོ་ཕག་ཅིག ཡང་ན་རྒྱ་མཚོའི་ཕར་ཕྱོགས་ཀྱི་ཁྲུང་ཁྲུང་ཞིག ཡང་ན་ཐག་ཉེ་མདུན་གྱི་ངག་འཕྲིན་ཞིག ཡང་ན་ནག་ཀྱང་གི་འབུམ་རམས་པའི་ཞྭ་མོ་ཞིག ཡང་ན་འབྲི་དེབ་ཐོག་གི་དམར་པོའི་སྐར་མ་ལྔ་ཞིག ཡང་ན་རི་ཆུའི་ཟས་མཆོག་ཅོག་ཙེ་གང་། ཡང་ན་རི་སྐྱེས་ཤིང་ཏོག་ཅིག་དང་རི་སྐྱེས་མེ་ཏོག་ཅིག ཡང་ན་མཛེས་ཆོས་རྣམ་པར་བཀྲ་བའི་ཡིད་འོང་གྱོན་ཆས་ཤིག ཡང་ན་གཙང་དག་གི་ལྷམ་རྙིང་ཞིག ཡང་ན་ཁྲི་ཚོ་མང་པོའི་དངུལ་ལོར་དང་། ཡང་ན་ལུས་དྲོད་ཡོད་པའི་ལྕགས་སྒོར་ཞིག སྲི་ཞུའི་ཐུར་སྲང་ཐོག་ཏུ། ཁོ་ཚོའི་རིན་ཐང་འདྲ་མཉམ་རེད། 

  赶快为你的父母尽一份孝心。也许是一处豪宅,也许是一片砖瓦。也许是大洋彼岸的一只鸿雁,也许是近在咫尺的一个口信。也许是一顶纯黑的博士帽,也许是作业簿上的一个红五分。也许是一桌山珍海味,也许是一只野果一朵小花。也许是花团锦簇的盛世华衣,也许是一双洁净的旧鞋。也许是数以万计的金钱,也许只是含着体温的一枚硬币……但“孝”的天平上,它们等值。

        རེད་དེ། འཇིག་རྟེན་གྱི་བུ་རྒྱུད་རྣམས། དུས་ཚོད་དམ་འཛིན་བྱོས་དང་། ཕ་མ་ད་དུང་འཚོ་བཞུགས་ཡོད་པའི་ལོ་ཟླ་འདིར། 

  只是,天下的儿女们,一定要抓紧啊! 趁你父母健在的光阴。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4