【第262期】阿古顿巴的故事:破旧立新

文章摘要:ལོ་འདིར། ཨ་ཁུ་སྟོན་པའི་མ་རྒན་ཚེ་ལས་འདས་སོང་།

རྙིང་གཏོར་གསར་འཛུགས།

破旧立新

        ལོ་འདིར། ཨ་ཁུ་སྟོན་པའི་མ་རྒན་ཚེ་ལས་འདས་སོང་། ཨ་ཁུ་སྟོན་པར་སྐྱོ་སྡུག་ཚད་མེད་སྐྱེས་ཀྱང་། ཁོ་ནི་མི་ཁྱད་པ་ཅན་ཞིག་ཡིན་ལ། རང་གི་ཅི་བསམ་ལྟར་སྒྲུབ་པ་དང་། གཞན་གྱི་ལྟ་ལུགས་ལ་མི་གཟབ་པ་ཞིག་ཡིན་པས། སྔར་ནས་ཁྱིམ་མི་མི་ཡུལ་དུ་ཡོད་དུས་སྡུག་དང་ངན་པས་མནར་བར། ཤི་རྗེས་སེམས་སྡུག་ཚད་མེད་བྱུང་མདོག་བྱས་པའི་མི་རྣམས་ལ་མིག་ནང་གི་གྲ་མ་དང་ཤ་ནང་གི་ཚེར་མ་བཞིན་དུ་རྩིས་ནས་ཡོད། 

       这一年,阿古顿巴的母亲去世了,阿古顿巴心中虽然悲痛欲绝,可他却是个特立独行的人,而且是一个想他所想,做他所做的人。早已视那些亲人在世时百般恶待,死后却装作悲伤痛苦的样子的人为眼中钉肉中刺。

      ཨ་ཁུ་སྟོན་པས་མ་རྒན་གྱི་ཕུང་པོ་གནམ་དཀར་རི་བོའི་ཐོག་ཏུ་བྱ་གཏོར་དུར་ཁྲོད་ལ་སྐྱེལ་བའི་ལམ་བར་དུ། གྲོང་པའི་མི་རྣམས་ཀྱིས་ཆང་དང་མར་སོགས་མང་དུ་འཚམ་འདྲི་ཞུས་པར་སྦྱིན། ཁོས་བཤད་པར། གྲོང་མི་རྣམས་ཀྱིས་ཕྲན་ལ་འདི་ལྟར་སེམས་ཁུར་བྱེད་པར། ངའི་དུས་ཚོད་ཡུན་རིང་ས་མ་རེད། 

      阿古顿巴把母亲的遗体送往朗嘎山天葬时,村里的乡亲们给他敬了很多慰问酒和酥油,他说:“乡亲们待我这样好,看样子我的时间不会长了。”

        གྲོང་མི་རྣམས་ཀྱིས་ཨ་ཁུ་སྟོན་པར་སེམས་སྐྱོ་ཆེན་པོ་ཡོད་པས་རང་ཤི་རྒྱག་འགྲོ་ས་རེད་དྲན། འོན་ཏེ་ཨ་ཁུ་སྟོན་པ་ནི་ཆང་གིས་བཟི་ནས་འདམ་བག་ལྟ་བུར་གྱུར་ཏེ། ཕར་ཡོར་ཚུར་འཁྱོག་གིས་གཞས་འདི་ལྟར་ལེན་ཏེ།

དྲིན་ཆེན་ཨ་མའི་ཕུང་པོའི་མདུན།

གླག་དང་བྱ་རྒོད་མཉམ་དུ་འགྲོག

ཨ་ཁུ་སྟོན་པ་ངའི་མདུན། 

ཆང་དང་ཕོར་བ་མཉམ་དུ་འགྲོག 

       མི་རྣམས་ཀྱིས་ཁོས་གཞས་ལེན་བཞིན་ཡོད་པ་མཐོང་དུས། གུས་འདུད་སྲི་ཞུ་མེད་པའི་མི་ཞིག་ཡིན་པ་དམན། ཨ་ཁུ་སྟོན་པས་གྲོང་མི་རྣམས་ཀྱི་འཕྱ་སྨོན་ལ་ལྟ་ཙམ་ཡང་བྱེད་རིན་མེད་པ། ཁོས་བཤད་པ་ནི། ངས་སྔར་ནས་ངའི་སྐྱོ་སྡུག་གི་དུས་ཚོད་ཡུན་རིང་ནི་མ་རེད་ཟེར་མྱོང་། སྐབས་དེར་འཁར་ར་བྱེད་པའི་གྲོང་མི་རྣམས་ཀྱང་ཅི་བཤད་འདི་བཤད་མེད་པར་གྱུར། རྒྱུ་མཚན་ཏེ་སུས་ཀྱང་ཤེས་པ་ནི། ཨ་ཁུ་སྟོན་པས་ཨ་མར་སྲི་ཞུ་བྱས་པ་དང་ཨ་མ་རྒས་རྗེས་ད་གཟོད་ངུ་བཤུམ་འཛར་འཛར་བྱེད་མཁན་དེ་ཚོ་དང་བསྡུར་རྒྱུ་གཏན་ནས་མེད་པ་ལྟ་ཅི་སྨོས། 

       乡亲们以为阿古顿巴因过分悲伤而会寻短见,但阿古顿巴却已经喝得酪酊大醉,他东倒西歪地唱道:

“慈母的遗体前,

  雕鹫肩并着肩;

 阿古顿巴我的面前,

    茶酒肩并着肩。”

       人们看到他在这时候还唱歌,都说他是一个不孝之子,阿古顿巴却对乡亲们的漫骂不屑一顾,他说:“我不是早就说过我的悲哀时间不会长久的吗?”这时抱怨他的乡亲们也无话可说了。因为所有人都知道的是:阿古顿巴对母亲的孝顺可不是那些母亲死后才哭哭啼啼装装样子的人所能做到的。

        དེ་ནས་བཟུང་། གནམ་དཀར་རི་བོ་བྱ་གཏོར་དུར་ཁྲོད་ཞིག་ཏུ་གྱུར་ཏེ། ས་དེ་གར་ཡང་གསོན་པོར་སྲེ་ཞུ་གང་ནུས་བྱས་པ་དང་། ཤི་པོར་མྱ་ངན་ཞུ་ལུགས་གཟར་འཁོར་གཉིས་མ་གཏོགས་མི་བྱེད་པའི་སྲོལ་དར། 

       从此以后,朗嘎山上就成了一个天葬台;那片地区也渐渐形成了对生者尽最大孝,对逝者只守孝两周的习惯。

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4