【第261期】写给未来的你

文章摘要:孩子,我希望你自始至终都是一个理想主义者。 你可以是农民,可以是工程师,可以是演员,可以是流浪汉,但你必须是个理想主义者。

  མ་འོངས་པའི་ཁྱེད་ལ་བྲིས་པ།  
 
写给未来的你

 

གཅེས་ཕྲུག ངའི་རེ་བར་ཁྱེད་ནམ་ཡང་ཕུགས་འདུན་རིང་ལུགས་པ་ཞིག་ཡིན་ན་འདོད། ཁྱེད་ཞིང་བ་ཡིན་ན་ཆོག་ལ། བཟོ་སྐྲུན་པ་ཡིན་ནའང་ཆོག ད་དུང་འཁྲབ་སྟོན་པ་དང་ཡུལ་འཁྱར་བའང་ཡིན་ཆོག ཡིན་ནའང་། ཁྱེད་ངེས་པར་དུ་ཕུགས་འདུན་རིང་ལུགས་པ་ཞིག་ཡིན་དགོས། བྱིས་དུས་སུ། ང་ཚོས་ཁྱེད་ལ་དཔའ་བོའི་གཏམ་རྒྱུད་བཤད་དོན་ནི། ཁྱེད་དཔའ་བོ་ཞིག་ཏུ་འགྱུར་ཆེད་མ་ཡིན་པར། ཁྱེད་ལ་ལྷད་མེད་དྭངས་གཙང་གི་མི་གཤིས་ཤིག་ལྡན་ཆེད་ཡིན། བྱིས་པའི་དུས་སུ། ང་ཚོས་ཁྱེད་ལ་སྙན་ངག་དང་རི་མོ། གླུ་དབྱངས་བཅས་ལ་འབྲེལ་འདྲེས་བྱེད་དུ་འཇུག་དོན་ནི། ཁྱེད་ཀྱི་ཡིད་སེམས་ལ་མཆོག་ཏུ་གྱུར་བའི་དགའ་སྣང་གིས་བཀང་བར་བྱེད་ཆེད་ཡིན། མཆོག་གྱུར་གྱི་དགའ་སྣང་གིས་ཁྱེད་ཀྱི་མི་ཚེར་རྒྱབ་རྟེན་བྱེད་ཅིང་། ཁྱེད་ལ་དགུན་དུས་ཀྱི་གྲང་ལྷག་གཉན་པོའི་ཁྲོད་ནས་ཀྱང་། རྒྱ་སེ་མེ་ཏོག་གི་དྲི་བསུང་བརྗེད་དུ་འཇུག་མི་སྲིད། ཕུགས་འདུན་གྱིས་མི་ཞིག་ཁྱད་དུ་འཕགས་པར་བསྒྱུར་སྲིད།

孩子,我希望你自始至终都是一个理想主义者。 

你可以是农民,可以是工程师,可以是演员,可以是流浪汉,但你必须是个理想主义者。 

童年,我们讲英雄故事给你听,并不是一定要你成为英雄,而是希望你具有纯正的品格。 

少年,我们让你接触诗歌、绘画、音乐,是为了让你的心灵填满高尚的情趣。 

这些高尚的情趣会支撑你的一生,使你在最严酷的冬天也不会忘记玫瑰的芳香。 

理想会使人出众。 

 

གཅེས་ཕྲུག རང་ཉིད་ཀྱི་ཕྱི་གཟུགས་ཀྱི་ཆེད་དུ་སེམས་ཁྲལ་མ་བྱེད། ལྷད་མེད་ཀྱི་ཕུགས་འདུན་གཙང་མ་དེ་ཁྱེད་ཀྱི་གཤིས་ཉམས་ཡིན། ཕྱི་གཟུགས་ཆེས་མཛེས་པའི་བུད་མེད་ཀྱང་ཐ་མལ་བ་ཡིན་པས། མི་རྣམས་ལ་སུན་སྣང་སྐྱེ་རུ་འཇུག་སྲིད། ཕུགས་འདུན་ལ་ཕྱོགས་པའི་ལམ་བུ་དེའང་། ནམ་རྒྱུན་བློ་ལ་འབབ་པ་ཞིག་མིན་ལ། དཀའ་སྡུག་ཀྱང་མང་པོ་ཞིག་ལ་འཕྲད་ངེས། ཡིན་ནའང་། བུ་ཕྲུག ཁྱེད་ཀྱིས་ནུས་ཚོད་ཀྱིས་འབད་རྩོད་བྱོས། ཕུགས་འདུན་རང་ལུགས་པའི་མཇུག་འབྲས་ཡིད་སྐྱོ་ཞིང་གཟི་བརྗིད་ལྡན་པ་ཞིག་ལས། ཡིད་སྐྱོ་བ་ཞིག་གཏན་ནས་མ་ཡིན། བལྟས་ན་ཀྱག་ཀྱོག་གིས་ཁེངས་པའི་མི་ཚེའི་བགྲོད་ལམ་ཁྲོད། ཁྱོད་མཁས་དབང་དང་སྐྱེས་མཆོག་མང་པོ་ཞིག་ལ་འཕྲད་ངེས་ཡིན་ལ། ཉེ་འགྲམ་གྱི་མི་རྣམས་འཕྲད་མ་མྱོང་བའི་ཡུལ་ལྗོངས་དང་ངོ་མཚར་བའི་བྱས་རྗེས་མང་པོ་ཞིག་ལ་འཕྲད་སྲིད། སྤྱིར་ཕལ་བའི་འཚོ་བ་ཞིག་བདམས་ན་བརྟན་པོ་ཞིག་རེད་མོད། ཡིན་ནའང་། དེ་ནི་ཚོན་མདངས་མེད་པའི་མི་ཚེ་ཞིག་ཡིན། ཁེ་བཟང་ཕྲན་བུ་ཙམ་ཞིག་གི་ཆེད་དུ་རང་ཉིད་ཀྱི་ཕུགས་འདུན་མ་འདོར།དུས་རབས་ཀྱི་རྒྱུ་ཕྱོགས་རིགས་ཤིག་གི་དོན་དུ་རང་ཉིད་ཀྱི་དད་པ་མ་བསྒྱུར། དངོས་པོའི་འཇིག་རྟེན་གྱི་ཕྱི་རྣམ་ཧ་ཅང་རྙོག་འཛིང་ཆེ་བས། ཁྱེད་ཀྱིས་དེ་ཡི་བསླུ་བྲིད་ལས་བྱུང་བའི་འདོད་པ་ལ་རྒོལ་བ་རྒྱག་ཤེས་དགོས། ཕུགས་འདུན་ནི་དངོས་ཕན་གྱི་ཅ་ལག་ཞིག་མ་ཡིན་པས། དེས་རྟག་ཏུ་ཁྱེད་ལ་འཇིག་རྟེན་མི་ཡུལ་གྱི་ལོངས་སྤྱོད་་སྟེར་མི་ནུས། དེའི་ཕྱིར། ཁྱེད་རང་ངེས་པར་དུ་དོ་སྣང་བྱེད་མཁན་མེད་པར་གོམས་དགོས། མི་གཞན་དང་མ་འདྲ་བར་བསམ་པའི་ལོངས་སྤྱོད་རྟོགས་དགོས།

孩子,不要为自己的外形担忧。 

理想纯洁你的气质,而最美貌的女人也会因为庸俗而令人生厌。 

通向理想的途径往往不尽如人意,而你亦会为此受尽磨难。 

但是,孩子,你尽管去争取,理想主义者的结局悲壮而绝不可怜。 

在貌似坎坷的人生里,你会结识许多智者和君子,你会见到许多旁人无法遇到的风景和奇迹。 

选择平庸虽然稳妥,但绝无色彩。 

不要为蝇头小利放弃自己的理想,不要为某种潮流而改换自己的信念。 

物质世界的外表太过复杂,你要懂得如何去拒绝虚荣的诱惑。 

理想不是实惠的东西,它往往不能带给你尘世的享受。 

因此你必须习惯无人欣赏,学会精神享受,学会与他人不同。 

 

གཅེས་ཕྲུག དེ་ལས་གཞན་ངས་རེ་བར་ཁྱེད་མི་ཟབ་བརླིང་ལྡན་པ་ཞིག་ཡིན་ན་འདོད། མི་ཚེ་འདི་བྲེལ་འཚུབ་ཅན་ཞིག་ཡིན་ཞིང་། ཅ་ལག་རྫུས་མའང་ཧ་ཅང་མང་བས། ཁྱེད་ཀྱི་མིག་ཟུང་རབ་རིབ་ཏུ་བསྒྱུར་གྲངས་མང་ཞིང་། མཐའ་མར་དོན་དག་གང་ཡང་ལེགས་འགྲུབ་མི་ཡོང་ངོ་།། གལ་ཏེ་ཁྱེད་སྒེག་ཉམས་ལྡན་པའི་བུ་མོ་ཞིག་ཡིན་ན། ན་ཆུང་གི་དུས་སུ་སྐྱེས་པ་ཚོས་ཁྱེད་ལ་དགའ་མགུ་བྱེད་ཅིང་། ཁྱེད་ལ་ཐོབ་འདོད་ཀྱི་ཅ་དངོས་དག་ཀྱང་ལས་སླ་མོའི་སྒོ་ནས་ཐོབ་སྲིད། དེས་ཁྱེད་རང་ཧོལ་སྤྱོད་དང་གཏིང་ཐུང་བའི་མི་ཞིག་ཏུ་བསྒྱུར་སྲིད། གལ་ཏེ་ཁྱེད་ཧུར་བརྩོན་དང་བློ་གྲོས་ཅན་གྱི་སྐྱེས་པ་ཞིག་ཡིན་ན། རང་ཉིད་ཀྱིས་དོན་དག་ཆེན་པོ་མང་པོ་བསྒྲུབ་ཐུབ་འདོད་ནས་ཁ་ཡང་སྤྱོད་ཡང་མ་བྱེད། མི་རེ་རེའི་ནུས་པ་ལ་ཚད་ཡོད་པས། ང་ཚོས་འཇིག་རྟེན་འདི་ནས་དོན་དག་གཅིག་འགྲུབ་སོང་ན་ཆོག དཔེ་དེབ་གཅིག་བརྩམས་ཤིང་། ཁྱིམ་བདག་མ་ཞིག་བྱོས། ཕལ་བའི་མི་རྣམས་ལ་མཐོང་ཆུང་དང་སྐབས་འཚོལ་མགོ་བདེ། རང་ཉིད་ཀྱིས་འགྲུབ་པར་དཀའ་བའི་ལས་ལ་དམའ་འབེབས་བཅས་མ་བྱེད། ཁྱེད་ནར་སོན་རྗེས་དོན་དག་ཞིག་ལེགས་འགྲུབ་ཡོང་ཧ་ཅང་དཀའ་ནའང་། བློས་མི་གཏོང་རྒྱུ་ཤེས་སྲིད།

其次,孩子,我希望你是个踏实的人。 

人生太过短促,而虚的东西又太多,你很容易眼花缭乱,最终一事无成。 

如果你是个美貌的女孩,年轻的时候会有许多男性宠你,你得到的东西太过容易,这会使你流于浅薄和虚浮; 

如果你是个极聪明的男孩,又会以为自己能够成就许多大事而流于轻佻。 

记住,每个人的能力有限,我们活在世上能做好一件事足矣。 

写好一本书,做好一个主妇。 

不要轻视平凡的人,不要投机取巧,不要攻击自己做不到的事。 

你长大后会知道,做好一件事太难,但绝不要放弃。 

 

 ཁྱེད་ཀྱིས་བརྩེ་དུང་ལ་གཅེས་སྤྲས་བྱེད་ཤེས་དགོས། སྐྱེས་པ་དང་བུད་མེད་གང་ཡིན་ཀྱང་རུང་ལ། གྱང་ངོས་ཀྱི་ཕྱི་ནང་གང་ཡིན་ཀྱང་རུང་བར། ཕན་ཚུན་འཕྲད་རྒྱུ་དེ་འདྲའི་ལས་སླ་བོ་ཞིག་མ་ཡིན། གྲོགས་བསྒྲིགས་པའི་གོ་རིམ་ཁྲོད་དུ་གོ་འཛོལ་དང་ཀླན་ཀ་ཡོད་སྲིད་མོད། ཁྱེད་ཀྱིས་འཇིག་རྟེན་འདི་རྒྱ་འདི་འདྲ་ཞིག་ཆེ་ནའང་ཕན་ཚུན་འགྲོགས་ཤིང་གཤིབ་ནས་འགྲོ་ཐུབ་པའི་མི་ག་ཙམ་ཡོད་དམ་འདོད་ནས་བསམ་བློ་ཞིག་བཏང་ན། ཁྱེད་ཀྱིས་གྲོགས་ཟེར་བ་འདི་མཐར་ཐུག་བྲལ་འགྲོ་བ་ཞིག་ཡིན་པ་དང་། འཚོ་བའི་ཁྲོད་མི་ཞིག་གིས་འགྲམ་ནས་འདུག་རོགས་བྱས་ཤིང་། ཁྱེད་ཀྱི་ཁ་བརྡ་ལྷུག་པོར་ཉན་ཞིང་ཁྱེད་ཀྱིས་ཀྱང་མི་དེའི་སྐད་ཆ་ལྷུག་པོར་ཉན་ནུས་པར་བཀའ་དྲིན་དྲན་འོས། རང་ཉིད་ལ་དགའ་བ་དང་གཞན་ལ་གཅེས་དགོས། རང་ངོ་ཤེས་ཤིང་ཕ་རོལ་བོ་རྟོགས་དགོས། ཁྱེད་ཀྱི་སེམས་པ་ཆུ་ཕྲན་བཞིན་འཇམ་དགོས་ལ། མིག་མདའ་དབྱར་དུས་ལྟར་ལྟ་ན་སྡུག་པ་ཞིག་ཡིན་དགོས། ཁྱེད་ཀྱིས་མིག་ཆུ་འདོན་ཤེས་དགོས་ལ། ཁེར་རྐྱང་སྒོས་མུན་ནག་ནང་དུ་བསྡད་ནས་སྐྱོ་སྣང་ལྡན་པའི་གླུ་དབྱངས་ལ་ཉན་ཤེས་དགོས། ད་དུང་སྐྱོ་བའི་ཟློས་གར་ལ་རོལ་མྱོང་བྱེད་ཤེས་དགོས། རྒྱུ་མཚན། སྐྱོ་བའི་ཟློས་གར་གྱིས་ཁྱེད་ཀྱི་སེམས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པས་སོ།། 

你要懂得和珍惜感情。 

不管男人女人,不管墙内墙外,相交一场实在不易。 

交友的过程会有误会和摩擦,但想一想,诺大世界,有缘结伴而行的能有几人? 

你要明白朋友终会离去,生活中能有人伴在身边,听你倾谈,倾谈给你听,就应该感激。 

要爱自己和爱他人,要懂自己和懂他人。 

你的心要如溪水般柔软,你的眼波要像春天般明媚。 

你要会流泪,会孤身一人坐在黑暗中听伤感的音乐。 

你要懂得欣赏悲剧,悲剧能丰富你的心灵。 

 

 

ངའི་རེ་བ་ཡིན་ན་ཁྱེད་ཀྱིས་སྤྲེལ་ལད་མ་བྱེད། རྒྱུ་མཚན། ཁྱེད་ནི་རང་རྐྱ་ཐུབ་པའི་མི་ཞིག་ཡིན་པས། ཁྱེད་ཀྱིས་བསླུ་བྲིད་ལ་མགོ་མ་བསྒུར་ན། མི་སུ་ཞིག་གིས་ཀྱང་ཁྱེད་ཀྱི་རང་རྐྱ་ཐུབ་པའི་རང་བཞིན་ལ་ཁྱད་གསོད་གཏོང་མི་ནུས། བདེན་པ་ལ་རོལ་མྱོང་བྱེད་ཤེས་དགོས་ལ། གདོང་ལྤགས་རེ་རེའི་འོག་གི་བདེན་པ་དེ་མཐོང་ཐུབ་དགོས། འཇིག་རྟེན་ཐོག་ཏུ་མི་མགོ་བདེ་ཧ་ཅང་མང་མོད། ཡིན་ནའང་། ཀུན་ལས་ལྷག་པའི་མི་ཧ་ཅང་དཀོན། དཀོན་པར་མ་ཟད་ད་དུང་ཀུན་ལས་ལྷག་པའི་མི་རྣམས་ནམ་རྒྱུན་མི་རྣམས་ཀྱིས་མཐོང་དཀའ་བའི་གནས་སུ་ཡོད། རྣམ་པའི་ཐོག་ནས་འུ་ཚོས་གཏན་འཁེལ་བྱས་ཟིན་པའི་ཕལ་བའི་འཇིག་རྟེན་ལ་འཐབ་རྩོད་བྱེད་དཀའ་མོད། ཡིན་ནའང་། ནང་སེམས་སུ་འུ་ཚོ་རང་ཉིད་ཀྱི་རྒྱལ་པོ་ཡིན། གལ་ཏེ་ཁྱེད་ཀྱི་གདོང་ནས་ངོ་དགའི་འཛུམ་མདངས་ཤིག་ངོམ་ན། ང་ལ་ངོ་ཚ་ནས་གདོང་གབ་ནས་འགྲོ་སྲིད། ཕལ་བའི་འཇིག་རྟེན་གྱི་ཅ་ལག་མང་ཆེ་བ་ཞིག་མིག་ལ་མཛེས་པ་ཞིག་ཡིན་པ་ལས་རིན་ཐང་གང་ཡང་མེད། རང་ཉིད་མི་ཚོགས་ཀྱི་རྒྱ་སྲང་ཐོག་ཏུ་མ་འཇོག་མ་གཏོགས། དེ་ནས་བཟུང་ཁྱེད་ཀྱིས་རང་ཉིད་ཀྱི་དོན་དག་གང་ནས་བསྒྲུབ་དགོས་ཀྱང་ཤེས་དཀའ།

希望你不要媚俗。 

你是个独立的人,无人能抹杀你的独立性,除非你向世俗妥协。 

要学会欣赏真,要在重重面具下看到真。 

世上圆滑标准的人很多,但出类拔萃的人极少。而往往出类拔萃又隐藏在卑琐狂荡之下。 

在形式上我们无法与既定的世俗争斗,而在内心我们都是自己的国王。 

如果你的脸上出现谄媚的笑容,我将会羞愧地掩面而去。 

世俗的许多东西虽耀眼却无价值,不要把自己置于大众的天平上,不然你会因此无所适从,人云亦云。 

 

མི་བཅའ་ཚུལ་གྱི་ཕྱོགས་ནས། ངའི་རེ་བར་ཁྱེད་ཀྱིས་གཞན་གྱི་ཁ་བརྡ་བར་མ་གཅོད། 

སྒེག་སྤྱོད་ཡིད་ཚིམ་པ་བྱེད་མི་རུང་། ཁྱེད་ཀྱིས་ཉིན་རེར་མ་མཐའ་ཡང་ཆུ་ཚོད་གཉིས་ཀྱི་རིང་ལ་དཔེ་ཆ་བཀླག་དགོས་ལ། གྲོགས་པོའི་འཕྲིན་ཡིག་ལ་འཕྲིན་ལན་བསྐུར་དགོས། ནམ་རྒྱུན་གཞན་གྱིས་ཁྱེད་ཀྱི་ཆེད་དུ་དོན་དག་གང་ཞིག་བསྒྲུབ་འོས་འདོད་མི་རུང་བར། རང་ཉིད་ཀྱིས་གཞན་ལ་རོགས་རམ་གང་ཞིག་བྱེད་ཐུབ་བམ་འདོད་དགོས། གཞན་གྱི་ཅ་ལག་གཡར་ན་ཕྱིར་སྟེར་དགོས་པ་དང་། གང་འདོད་དུ་གཞན་གྱི་རོགས་འདེགས་དང་ལེན་བྱེད་མི་རུང་། གཞན་གྱི་ཅ་ལག་ཅི་འདྲ་བཟང་ནའང་གཞན་གྱི་ཡིན་པ་དང་། རང་ཉིད་ཀྱི་ཅ་ལག་ཅི་འདྲ་ངན་ཀྱང་རང་ཉིད་ཀྱི་ཡིན་པ་བརྗེད་མི་རུང་། 

在具体的做人上,我希望你不要打断别人的谈话,不要娇气十足。 

你每天至少要拿出两小时来读书,要回信写信给你的朋友。 

不要老是想着别人应该为你做些什么,而要想着怎么去帮助他人。 

借他人的东西要还,不要随便接受别人的恩惠。 

要记住,别人的东西,再好也是别人的;自己的东西,再差也是自己的。 

 

གཅེས་ཕྲུག ད་རུང་དོན་དག་གཅིག་ཡོད། སྤྱིར་དེ་བསྒྲུབ་ན་དཀའ་མོ་ཞིག་ཡིན་མོད། ཡིན་ནའང་། ཧ་ཅང་གལ་ཆེན་ཞིག་ཡིན། དེ་ནི་རང་ཉིད་ཀྱི་སྐྱོན་ཆར་གདོང་གཏད་ཐུབ་པའི་སྤོབས་པ་ཡོད་དགོས་པ་དེ་ཡིན། ཁྱེད་རང་ལོ་རེ་བཞིན་ནར་སོན་ཞིང་། ག་ལེར་ནུས་པ་ཁྱེད་ལས་ལྷག་པ་དང་ཁྱེད་ལས་ཕུལ་དུ་བྱུང་བའི་མི་རེར་འཕྲད་སྲིད་ཅིང་། རང་ཉིད་ཀྱི་ལུས་ཐོག་ནས་སུན་སྣང་སྐྱེ་སའི་སྐྱོན་ཆ་མང་པོ་ཞིག་མཐོང་ཞིང་། དེས་ཁྱེད་ལ་སེམས་ཤུགས་ཉམས་པ་དང་རང་གིས་རང་ལ་མཐོང་ཆུང་བྱེད་དུ་འཇུག་སྲིད། ཡིན་ནའང་། ཁྱེད་ཀྱིས་དེ་ལ་གདོང་གཏད་དགོས་པ་ལས། དེ་ལ་གཡོལ་ཐབས་བྱེད་མི་རུང་། ཉུང་ངུ་ཉུང་ངུ་བྱས་ནས་བསྒྱུར་བཅོས་གཏོང་དགོས། རང་ཉིད་ལས་རྣམ་པར་རྒྱལ་བ་ནི་གཞན་པ་དབང་དུ་བསྡུ་བ་ལས་དཀའ་ཚེགས་ཆེ་བ་དང་དོན་སྙིང་ལྡན་པ་ཞིག་ཡིན་པས།

孩子,还有一件事,虽然做起来很难,但相当重要,这就是要有勇气正视自己的缺点。 

你会一年年地长大,会渐渐遇到比你强、比你优秀的人,会发现自己身上有许多你所厌恶的缺点。

这会使你沮丧和自卑。 

但你一定要正视它,不要躲避,要一点点地加以改正。 

战胜自己比征服他人还要艰巨和有意义。 

 

འཛམ་གླིང་གི་འགྱུར་ཕྱོགས་གང་འདྲ་ཞིག་ཡིན་ཀྱང་རུང་བར།མིའི་ཕུལ་བྱུང་གི་གཤིས་སྤྱོད་སྟེ་དྲང་བདེན་དང་བློ་སྤོབས། རང་རྐྱ་ཐུབ་པ་དེ་གཏན་དུ་གནས་སྲིད་དོ།། ངའི་རེ་བར་ཁྱེད་ནི་མི་བུ་ཕུལ་དུ་བྱུང་བ་ཞིག་ཡིན་ན་འདོད།

不管世界潮流如何变化,但人的优秀品质却是永恒的:正直、勇敢、独立。 

我希望你是一个优秀的人。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4