【第260期】阿古顿巴的故事:搬磐石

文章摘要:有一天,阿古顿巴正忍着饥饿无精打采地赶路。刚好瞧见村里平日嚣张跋扈的那户人家在有块磐石的田里耕种

ཕ་བོང་སྤོ་བའི་གཏམ།

搬磐石

        ཉིན་ཞིག་ལ། ཨ་ཁུ་སྟོན་པ་བཀྲེས་ལྟོགས་ཀྱིས་མནར་ཏེ་ཉམས་ཤོར་ནས་ལམ་ལ་བགྲོད་བཞིན་པའི་སྐབས་སུ། གྲོང་ནང་རྒྱུན་དུ་ཧམ་པ་ཧ་ཅང་ཚ་བའི་དུད་ཚང་དེའི་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པའི་ཞིང་ནང་དུ་རྨོ་འདེབས་བྱེད་བཞིན་ཡོད་པ་མཐོང་། བཤད་པར་ལྟར་ན་ཞིང་ས་འདི་ཡང་དྲང་བདེན་གྱིས་ལེན་པ་ཅི་ཡིན་ས་མ་རེད། དེ་བས་སེམས་སུ་བློ་ཞིག་དྲན་ཏེ་ཕར་སོང་ནས། གུས་པར་འོས་པའི་ཕྱུག་བདག་ལགས། ཁྱོད་འདི་འདྲ་འབྱོར་བ་ལྡན་པར། གལ་ཏེ་ཞིང་ནང་གི་ཕ་བོང་དེ་ཕར་སྤོ་ཐུབ་སོང་ན། ལོ་གཅིག་ལ་ཆེས་ཉུང་ནའང་ཁེའུ་གསུམ་བཞི་ཙམ་གྱི་ཐོན་འབབ་ཡོང་རྒྱུ་རེད། ཅེས་བཤད། བདག་པོའི་ཐོས་རྗེས་མགོ་བོ་ཡང་ཡང་གཡུག་ནས་འདི་འདྲ་བཤད། ཁྱོད་ཀྱིས་སྐད་ཆ་རྫིག་པོ་མ་བཤད། ཕ་བོང་འདི་འདྲ་ཆེན་པོ་སུའི་སྤོ་ཐུབ། ཨ་ཁུ་སྟོན་པས། ཧ་ཧ། ཕ་བོང་འདི་ལས་ལྡབ་མང་ཙམ་ཆེ་བའི་ཁང་པའང་མིའི་ལས་པ་མ་རེད་དམ་ཞེས་ཕྱིར་དྲིས། ཨ་ཁུ་སྟོན་པར་གདེང་ཚོད་ཆེན་པོ་ཡོད་པའི་རྣམ་འགྱུར་མཐོང་དུས། བདག་པོས་ཨ་ཁུ་སྟོན་པར་ཕ་བོང་ས་ཞིང་ལས་ཕར་སྤོ་བའི་རོགས་ཞུ། 

       有一天,阿古顿巴正忍着饥饿无精打采地赶路。刚好瞧见村里平日嚣张跋扈的那户人家在有块磐石的田里耕种,据说这块田也并不是什么正规途径得来的。心里生出一计便上前去搭话:“尊贵的富人,您这么富有,再把田间的那块磐石搬掉,一年最少多收获三四克①青稞。”主人听后连连摇头,说:“你不要信口开河,这么大的石头怎么能搬呢?”“嘿,比这块石头大好几倍的房屋不也是人盖的吗?”看阿古顿巴蛮有把握的样子,主人就请阿古顿巴帮忙,把那块磐石从田间搬走。

 

        ཕྱུག་བདག་གིས་རང་ལ་རོགས་ཞུ་བ་མཐོང་དུས། ཨ་ཁུ་སྟོན་པས་ཁ་གཡར་ཅུང་ཙམ་ཡང་མ་བྱས་ནས། ཨ་ཆོག་དང་ཆོག འོན་ཏེ་ཕ་བོང་འདི་སྤོ་བསམ་ན་གཅིག་ནས་བློ་ཐབས་ཡོད་དགོས། གཉིས་ནས་ཤེད་ཤུགས་ཡོད་དགོས། ང་དེ་རིང་ཞོགས་ཟས་ཟ་བའི་ཁོམ་པ་མ་བྱུང་། དེ་བས་ལུས་པོ་བཀྲེས་ལྟོགས་ཀྱིས་མནར་ནས་ཉམས་འདུག ཅེས་བཤད། བདག་པོས་དགའ་དགའ་སྤྲོ་སྤྲོའི་ངང་ཨ་ཁུ་སྟོན་པར་ཟས་ཞིམ་པོ་མང་ཙམ་སྤྲོད་པ་མ་ཟད། ད་དུང་ནས་རྒྱ་མ་ཁ་ཤས་གླ་ཆ་སྦྱིན། 

       看到主人在求自己,阿古顿巴也毫不推辞,说:“可以,可以,但是想搬掉这块磐石,一要方法,二要力量,我今天早晨由于走的匆忙还没来得及吃早餐,所以现在浑身无力。”主人高高兴兴的忙给阿古顿巴送去不少美食,还付了几斤青稞作为工钱。

 

        ཨ་ཁུ་སྟོན་པས་རྒྱགས་ཚད་ཟས་རྗེས། ཕ་བོང་གི་འགྲམ་དུ་སོང་ནས་འཚབ་འཚུབ་མེད་པས་ངང་། ཡ་ད་ཁྱོད་ཚོས་དང་པོ་ཕ་བོང་དེ་ཡར་བཀྱག་ནས་ངའི་རྒྱབ་ལ་ཞོག་དང་། ཞེས་བཤད། རྡོ་འདི་འདྲ་ཆེན་པོ་ང་ཚོས་ག་ན་ཁུར་རྒྱུ་རེད་ཅེས་བདག་པོ་ཧ་ལས་ནས་བཤད། དེ་སྐབས་ཨ་ཁུ་སྟོན་པས་མི་སྤྲོ་བའི་རྣམ་འགྱུར་ཞིག་སྟོན་ནས། ཡ་ད་དེ་འདྲ་ཡིན་ན་ངས་ཡར་བཀྱག་ཆོག རེད་དེ་ཁྱོད་ཚོ་ཁུར་ཐུབ་མཁན་ཨེ་ཡོད་ཅེས་དྲིས། སྐད་ཆ་དེ་བཤད་མ་ཐག་ཚང་མ་འཇམ་ཐིང་ཐིང་དུ་སོང་ནས་སུས་ཀྱང་ལན་སློག་མ་ཐུབ། ཁྱོད་ཀྱིས་སྔོན་ལ་ཟེར་བ་ལྟར་ན་རྡོ་ཕ་བོང་འདི་ལས་ཆེ་བའི་ཁང་པའང་མིའི་ལས་པ་རེད། དེས་ན་ཁྱོད་ཀྱིས་ཁུར་འགྲོ་ན་འགྲིག་སོང་ཨ། ཞེས་མི་ཞིག་སུན་སྣང་སྐྱེ་ནས་འདི་ལྟར་བཤད། ངས་ཁང་པ་མི་གཅིག་ཁེར་མས་ལས་པ་རེད་ཟེར་མ་མྱོང་ཨ། ཞེས་ཨ་ཁུ་སྟོན་པས་བཤད་ཞོར་དུ་ནས་རྒྱ་མ་ཁ་ཤས་དེ་ཁྱེར་ནས་ཆེ་འགྱིང་བྱེད་བཞིན་ཕར་ཕྱིན་སོང་། ཨ་ཁུ་སྟོན་པ་ནི་ཉེ་རྒྱང་ཡོངས་ལ་གྲགས་པའི་མི་ངན་པ་ཞིག་ཡིན་པས། ཁོ་ཚོར་ཅི་བྱ་གཏོལ་མེད་ངང་ལྐུགས་གྱོང་དེ་མ་ཁུར་ག་མེད་བྱུང་།

        阿古顿巴饱餐一顿后,走到石块旁,不慌不忙地说:“好啦,你们先把磐石抬起来,放在我的背上。”这么大的石块,我们怎么抬得动。”主人说道。阿古倾巴用不高兴的口吻说:“好啦,我来抬,但你们谁能背出去?”顿时周围鸦雀无声。“你不是说过,比这块磐石大的房子也是人盖的吗,干脆你自己去把磐石搬出去。”有人不耐烦地说。“我也没说房子是一个人盖的。”阿古顿巴边说边拿上那几斤青稞麦扬长而去。阿古顿巴是出了名的不好惹,他们便只能咬牙切齿的吃了这哑巴亏。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4