【第259期】书是永远不会背叛的朋友

文章摘要:我昨天看过一篇文章叫做《人要有压箱底的朋友》,所谓“压箱底的朋友”,是说女人一定要有一位好闺蜜,可以给你人生的指导,又永远不会离开你。

དཔེ་ཆ་ནི་དུས་གཏན་དུ་ཁྱེད་ལ་རྒྱབ་འགལ་མི་བྱེད་པའི་

གྲོགས་པོ་དེ་ཡིན།

书是永远不会背叛的朋友
毕淑敏 
   

       ཁ་སང་ངས་ཁ་བྱང་ལ་༼མི་ལ་སྒམ་མཐིལ་གནོན་བྱེད་ཀྱི་གྲོགས་པོ་ཞིག་ཡོད་དགོས༽་ཞེས་པའི་རྩོམ་ཡིག་ཞིག་བཀླགས་པ་ཡིན། སྒམ་མཐིལ་གནོན་བྱེད་ཀྱི་གྲོགས་པོ་ཟེར་བ་དེ་ནི། བུད་མེད་ལ་ངེས་པར་དུ་གྲོགས་མོ་བཟང་པོ་ཞིག་ཡོད་དགོས་པ་དང་། དེས་ཁྱེད་ཀྱི་མི་ཚེར་ལམ་སྟོན་གནང་ཞིང་། ནམ་ཡང་ཁྱེད་དང་འབྲལ་མི་སྲིད་པ་ཞིག་ཡིན་དགོས་པ་དང་འདྲའོ།། མི་རེ་རེ་དེ་འདྲའི་གྲོགས་པོ་རེར་འཕྲད་པའི་སྐལ་བ་ལྡན་པ་མ་ཡིན། ཁྱེད་ལྷིང་འཇགས་ཀྱི་གྲོང་སྡེའི་ནང་དུ་གནས་པའམ་སྐད་ཆ་བཤད་རྒྱུར་མི་དགའ་བས། བློ་སྙིང་བྲང་གསུམ་སྟོན་སའི་གྲོགས་པོ་མི་རྙེད་པ། ཡང་ན། ཁྱེད་འདུ་འཛི་ཆེ་བའི་གྲོང་ཁྱེར་གནས་ཤིང་། མཐའ་འཁོར་དུ"གྲོགས་པོ"རུ་འབོད་སའི་མི་མང་པོ་ཞིག་ཡོད་ནའང་། ཁྱེད་ལ་ཆེས་མཁོ་གལ་ཆེ་བའི་དུས་དེར་གང་དེ་ཁྱེད་ཀྱི་གྲོགས་པོ་ངོ་མ་ཡིན་པ་ཐག་གིས་ཆོད་པར་དཀའ། སྤྱིར་ཁྱིམ་མི་ནི་ཁྱེད་དང་མཛའ་འབྲེལ་ཆེ་བའི་མི་དེ་རེད་མོད། ཡིན་ནའང་། སྐབས་རེར་ཁྱེད་གཉིས་ཀྱི་བར་དུའང་འགལ་བ་འབྱུང་བས། ཁོའམ་ཁོ་མོ་ཁྱེད་ཀྱི་གྲོགས་དང་གྲོགས་མོ་ངོ་མ་དེ་མ་ཡིན། ཁྱེད་ལ་རང་གི་ཆུ་ཚད་འདྲ་ཞིང་མཐོང་རྒྱ་ཅུང་འདྲ་བའི་གྲོགས་པོ་བཟང་པོ་ཡོད་ནའང་། གཤིས་ཀ་མི་འདྲ་བས་རྒྱུ་མཚན་གྱིས་ཁྱེད་ལ་འཚམ་པའི་མི་ཚེའི་རོགས་རམ་གནང་སྲིད་པའི་ངེས་པ་མེད། དེའི་ཕྱིར། ཁྱེད་ཀྱིས་དཔེ་ཆ་རང་གི་ཚེ་གཅིག་གི་གྲོགས་སུ་བརྩི་ཆོག ཁོ་ཁྱེད་ཀྱིས་བོས་ན་ཡོང་ལ་གཡུག་ན་འགྲོ། ཚོང་ཟོག་དེ་བཟང་བར་མ་ཟད་གོང་བདེ་ལ། ནམ་ཡང་འཁང་ར་བྱེད་མི་སྲིད། ཁྱེད་ཀྱི་ཆེས་བབ་ཆགས་པའི་གྲོགས་པོ་ཡིན་ལ། ཁྱེད་ལ་དུས་གཏན་དུ་རྒྱབ་འགལ་བྱེད་མི་སྲིད།

       我昨天看过一篇文章叫做《人要有压箱底的朋友》所谓压箱底的朋友”,是说女人一定要有一位好闺蜜可以给你人生的指导又永远不会离开你。并不是人人都有幸能有这样一位朋友或者你身处寂寞乡村或者你不善言谈、找不到推心置腹的朋友或者你身处繁华闹市虽然周围有很多号称朋友的人但在你最需要的时候却很难判断谁是你真正的朋友。家人虽然和你亲近但有时矛盾恰恰就发生在你们之间他或她就不是你的朋友。就算有和你水平相当、视野相近的好朋友又可能因为性格各异也不一定能给予你太恰当的人生帮助。你可以将书作为你终身的朋友它招之即来、挥之则去物美价廉永无怨言是你最质朴的朋友永不会背叛你。

       ངས་ལོ་མང་པོར་བསགས་པའི་དཔེ་ཆ་ཚང་མ་ཁྱིམ་དུ་ཉར་ཡོད། ཁྱིམ་སྤོ་བའི་དུས་སུ་ལས་ཀ་བ་ཚོས"འདི་ཁྱེད་ཀྱི་སྒེར་ཉར་དཔེ་ཆ་རེད་དམ། ཀུང་ཟི་ཞིག་གི་རེད་པཱ། འདི་འདྲ་ཞིག་ལྕི་བས་གླ་ལོག་ཏུ་བརྩི་དགོས"ཟེར། དཔེ་ཆ་ལ་ལ་ཞིག་ངས་ཉོས་ནས་ཡོང་ནའང་བཀླག་མ་མྱོང་མོད། ཡིན་ནའང་། ངས་དེ་དེར་ཡོད་པ་ཧ་གོ་ཞིང་། ང་དཀའ་ངལ་ལ་འཕྲད་པའམ་གདམ་གསེས་ཀྱི་རྒྱ་རུ་ཚུད་དུས། ངས་དེའི་ཁ་ཕྱེས་ན། དེས་ང་ལ་གདམ་ངག་དང་བློ་གྲོས། ནུས་ཤུགས་གནང་སྲིད།

       我多年累积下来家中存了很多书。搬家的时候工人们对我说:“这是你的私人藏书吗是个公司吧这么重要额外收费用的。有的书我买回来从未读过但是我知道它就站在那里当我遇到困难的时候当我莫衷一是、陷入选择困境的时候我翻开它阅读它有可能给我以忠告启迪我心智给我以力量。

       འདིར་བཞུགས་ཀྱི་ལོ་ན་གཞོན་པའི་ཨ་མ་རྣམ་པ། ཁྱེད་ཚོས་མ་འོངས་པར་གློག་རྡུལ་ཀློག་འདོན་སྒྲིག་ཆས་མང་དུ་བཀོལ་ནས། ཤོག་རིགས་ཀྱི་དཔེ་ཆ་མི་མཁོའང་སྲིད་མོད། ཡིན་ནའང་། ངས་ཁྱེད་ཚོར་བྱིས་པ་ཚོ་ཆུང་དུས་ནས་དཔེ་མཛོད་ཁང་དུ་འཁྲིད་ནས། ཁོང་ཚོར་གཏོས་ཆེ་བའི་དཔེ་དེབ་ཀྱི་དཔུང་ཚོགས་དང་མཐའ་ཡས་པའི་དཔེ་དེབ་ལ་བལྟ་རུ་འཇུག་རྒྱུའི་བསམ་ཚུལ་འདོན། དེའི་ནང་དུ་ཤེས་རིག་ཉར་ཡོད་ཅིང་། འུ་ཚོའི་མིག་རྒྱང་རིང་དུ་གཏོང་ནུས་པ་ཡིད་ལ་ཟུངས། པའོ་ཨར་ཧོ་ཟི་ཡིས"མིའི་གསར་གཏོད་ཡོད་ཚད་ནི་འུ་ཚོའི་དབང་པོའི་རྒྱུན་མཐུད་ཡིན་ལ། དཔེ་དེབ་རྐྱང་པས་འུ་ཚོའི་ཤེས་རིག་གི་རྒྱུན་མཐུད་རྐྱང་པ་ཡིནཞེས་བཤད་མྱོང་།

       在座的年轻妈妈们你们以后可能会更多地使用电子阅读设备不一定需要读纸质书了但我建议你们要在孩子小的时候带他到图书馆去让他看看庞大的书的阵营看看浩如烟海的书记住那里面贮藏着智慧能使我们视野开阔。阿根廷作家博尔赫斯说过人所有的发明都是我们感官的延伸唯有书籍是我们智慧的延伸。

       དཔེ་དེབ་གྱིས་ང་ཚོ་མཱ་སི་ལའོ་ཡི་གཏོར་གཟུགས་མཆོད་རྟེན་ལས་མཐོ་བའི་གནས་དེར་འགོ་བར་རོགས་འདེགས་བྱེད།

       书帮助我们爬向马斯洛金字塔更高层

       ཅིའི་ཕྱིར་དཔེ་ཀློག་བྱེད་དགོས་པ་རེད་ཞེ་ན། ཆེས་ཁ་ཚ་དགོས་གཏུག་གི་རྒྱུ་མཚན་ནི་འུ་ཚོ་དུས་རབས་ཀྱི་གོམ་སྟབས་དང་འགྲོགས་ནས་འགྲོ་དགོས་པ་དང་རླུང་སྤྲིན་གྱི་འགྱུར་ལྡོག་ཁྲོད་ནས་སྤྲོ་བ་དང་བདེ་སྐྱིད་འཚོལ་དགོས་པས་ཡིན། ཚེ་སྲོག་འདི་ཧ་ཅང་ཐུང་བས་རིན་ཐང་ཧ་ཅང་ཆེ་བའི་མི་ཚེའི་བརྒྱུད་རིམ་ཞིག་ཡིན། མི་འཚོ་བའི་དམིགས་ཡུལ་དེ་བདེ་སྐྱིད་རྐྱང་པའི་ཆེད་ཡིན་པས། བདེ་སྐྱིད་ལ་སྙེག་པའི་ལམ་བུ་རུ་མི་ཚང་མ་འདྲ་མཉམ་ཡིན།

      为什么要阅读很迫切的理由是因为我们要紧跟时代的脚步从风云变幻中寻找到快乐和幸福。生命如此短暂是非常珍贵的一段人生体验。人活着的唯一目的就是幸福在追求幸福这条路上所有人殊途同归。

      ཡིན་ནའང་། ཇི་ལྟར་བྱས་ན་སྤྲོ་བ་དང་བདེ་སྐྱིད་འཐོབ་སྲིད་ཞེ་ན། ཨ་རིའི་སེམས་ཁམས་རིག་པ་བ་མཱ་སི་ལའོ་ལ་སྐད་གྲགས་ཆེ་བའི་སེམས་ཁམས་དགོས་མཁོའི་རིམ་པའི་གཞུང་ལུགས་ཤིག་ཡོད། དེར"མཱ་སི་ལའོ་ཡི་གཏོར་གཟུགས་མཆོད་རྟེན"ཟེར། དེས་མིའི་དགོས་མཁོ་ཚད་རིམ་ལྔ་རུ་བགོས་ཡོད་ཅིང་། ཚད་རིམ་དང་པོ་ནི་ལུས་ཁམས་ཀྱི་དགོས་མཁོ་ཡིན་ཞིང་། ཡང་ཅིག་བཤད་ན་ལྟོ་གོས་ཡིད་ཚིམ་གྱི་དགོས་མཁོ་ཡིན། དེར་མཐུད་ནས་བདེ་འཇགས་ཀྱི་དགོས་མཁོ་དང་སྤྱི་ཚོགས་དགོས་མཁོ་ཡིན། བརྩེ་སེམས་དང་གཅེས་སེམས་ཀྱི་དགོས་མཁོ། བརྩི་བཀུར་ཐོབ་པའི་དགོས་མཁོ། རང་ཉིད་མངོན་འགྱུར་གྱི་དགོས་མཁོ་སོགས་ཡར་ཇི་ལྟར་སོང་ན་དེ་ལྟར་མཐོ་རིམ་གྱི་སེམས་ཁམས་ཡིད་ཚིམ་ཡིན་ཅིང་། དེ་ལྟར་མཐོ་བའི་སྤྲོ་བ་དང་བདེ་སྐྱིད་ཀྱང་ཡིན།

       但如何才能快乐和幸福呢美国心理学家马斯洛有一个著名的心理需求层次理论也叫马斯洛金字塔”,将人的需求分为五个层次第一层次是生理需求也就是满足温饱的需求接着往上是安全需求社会需求也就是爱与被爱的需求获得尊重的需求自我实现的需求。越往上越是一种更为高级的心理满足也就是更大的快乐和幸福。

        མི་རེ་རེས་ཁྱེད་རང་གཏོར་གཟུགས་མཆོད་རྟེན་དེའི་ཚད་རིམ་དུ་བར་གནས་ཡོད་པར་བསམ་བློ་གཏོང་ཆོག མི་རྣམས་ད་སྐབས་སེམས་ཁྲལ་ཧ་ཅང་མང་པོ་ཞིག་ལ་གདོང་གཏད་ནས་ཡོད་ཅིང་། དཔེར་ན། བདེ་འཇགས་ཀྱི་སེམས་ཁྲལ་དང་ལ་རྒྱ་ཐོབ་པའི་སེམས་ཁྲལ། རང་ཉིད་མངོན་འགྱུར་གྱི་སེམས་ཁྲལ་ལྟ་བུ། དེ་དག་ཚང་མས་འུ་ཚོ་གཏོར་གཟུགས་མཆོད་རྟེན་གྱི་ཆེས་མཐོའི་ཚད་རིམ་དུ་འགོ་བར་བཀག་འགོག་བྱས་ནས་ཡོད། སེམས་ཁྲལ་འདི་དག་ཐག་གཅོད་པའི་ཐབས་ལམ་ནི་ཡང་བསྐྱར་ལྟོ་གོས་ཐག་གཅོད་རྒྱུའམ་དངོས་པའི་གསོག་འཇོག་གི་ཐབས་ལམ་ཁ་སྣོན་བྱེད་རྒྱུ་དེ་ཡིན། འུ་ཚོར་མཁོ་བ་ནི་བསམ་བློའི་འཚོ་བཅུད་ཁ་གསབ་བྱས་ཏེ། དེར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བདག་སྐྱོང་དང་བརྟན་པོར་གཏོང་རྒྱུ་དེ་རེད། དེའི་ཕྱིར། འུ་ཚོས་དཔེ་ཀློག་བྱེད་དགོས་ཤིང་། དཔེ་ཀློག་གི་ཁྲོད་ནས་སྙིང་སྟོབས་ཀྱི་འཚོ་བཅུད་ལེན་དགོས།

       每个人都不妨想一想你现在到了这个金字塔的第几层人们今天面临着很多焦虑对安全的焦虑获得尊严的焦虑自我价值不得实现的焦虑都在阻碍我们向金字塔更高层次攀登。解决这些焦虑再用解决温饱的办法也就是增加物质积累的办法显然是缘木求鱼我们需要的是给灵魂补充营养使它持之以恒地得到保护并且强健。所以我们需要读书从阅读中得到精神的滋养。

       བདེ་སྐྱིད་དང་སྤྲོ་བ་ལས་གཞན། མི་རྣམས་ཀྱིས་ད་དུང་མཐར་ཐུག་གི་གནད་དོན་ཞིག་ལ་གདོང་གཏད་དགོས་ལ། དེ་ནི་འུ་ཚོས་མཐའ་མར་ཁེར་རྐྱང་ངང་འཆི་བ་ལ་གདོང་གཏད་རྒྱུ་དེ་རེད། མཐའ་མཇུག་ཁྱེད་ཤ་རིད་ནུས་མེད་དུ་གྱུར་ནས་འཆི་བ་ལ་གདོང་གཏད་པའི་དུས་སུ་སླེབས་དུས། ཁྱེད་ཀྱིས་རྒྱུན་ལྡན་གསོག་འཇོག་བྱས་པའི་སྙིང་སྟོབས་ཀྱི་ནུས་ཤུགས་ལས་ཐབས་ལམ་གཞན་གང་ཞིག་གིས་ཀྱང་ཁྱེད་འཇིགས་པ་ལས་སྐྱོབ་མི་ནུས་པས། དཔེ་ཀློག་གིས་འུ་ཚོར་རོགས་རམ་བྱེད་ནུས།

       除了幸福和快乐人还要面对一个终极的课题那就是我们最后都将孤独地面临死亡。到了最后时候你会非常虚弱无力。面对死亡到来之时除了你平日积攒的精神力量还有什么办法面对死亡不恐惧阅读可以帮助我们。

        ཡི་གེ་ཡོད་སའི་དངོས་པོ་དེ་དཔེ་དེབ་ཡིན་པའི་ངེས་པ་མེད།

        有字的东西不一定是书

        གཤམ་གྱི་གནད་དོན་ནི་དཔེ་ཆ་གང་འདྲ་ཞིག་བཀླག་རྒྱུ་དེ་རེད།

        接下来的问题就是要读什么样的书

        ཡི་གེ་ཡོད་ས་དེ་དཔེ་དེབ་ཡིན་པའི་ངེས་མེད་ལ། ཅ་དངོས་འགའ་རེ་དཔེ་ཆའི་བཟོ་སྟངས་སུ་བཟོས་ཡོད་མོད། ཡིན་ནའང་། དེ་དག་དཔེ་ཆ་མ་ཡིན། ངས་དཔེ་ཆ་མ་ཡིན་པ་ནི་ཉུང་མཐར་ཡང་གཤམ་གསལ་གྱི་རིགས་དུ་མ་རུ་ཡོད་པར་སྙམ།ཐོག་མར་འུ་ཚོས་སློབ་ཆུང་ནས་སློབ་ཆེན་བར་བཀླགས་པའི་སློབ་དེབ། འུ་ཚོས་དེ་དཔེ་ཆ་རུ་བལྟས་ཡོད་པས་རྒྱུ་མཚན་གྱིས། ཅིའི་ཕྱིར་སློབ་མ་དེ་འདྲ་མང་པོ་ཞིག་གིས་མཐར་ཕྱིན་རྗེས་དཔེ་ཆ་དེ་དག་མེ་རུ་བསྲེགས་ནས། "ངས་ད་ནས་བཟུང་དཔེ་ཆ་ཀློག་རྒྱུ་མིན"ཟེར་བར་བསམ་ཤེས་བྱེད་ཤེས། འདི་ལྟར་བཤད་ན་ཕལ་ཆེར་ཅུང་ལྟོས་མེད་ཅིག་ཡིན་སྲིད་ལ། སློབ་དེབ་ཁྲོད་དུ་འཚོ་བཅུད་ཀྱི་དངོས་པོ་མེད་པ་མ་ཡིན་དེ། འུ་ཚོས་ཐོག་མར་ཡིག་ངོས་འཛིན་དུས་སློབ་དེབ་ནས་འགོ་འཛིན་དགོས་མོད། ཡིན་ནའང་། འུ་ཚོའི་ད་ལྟའི་སློབ་གསོ་བྱེད་སྟངས་ཀྱིས་ནམ་རྒྱུན་རིན་ཐང་ལྡན་པའི་དངོས་པོ་སྣང་མེད་དུ་བཞག་ནས། སློབ་གསོ་ཤེས་བྱ་དང་རྩལ་ནུས་ཀྱི་སློབ་ཁྲིད་ཞིག་ཏུ་བསྒྱུར་བ་རེད། དེས་སློབ་མའི་སློབ་སྦྱོང་གི་སྤྲོ་བ་བསྒག་གསོད་བྱས་ཏེ། བྱིས་པར་སློབ་སྦྱོང་སྐྱོ་སྣང་ཆེ་བའི་བྱ་བ་ཞིག་ཏུ་བརྩི་རུ་བཅུག་པ་རེད་ལ། ཨང་རིམ་གྱི་འཐབ་རྩོད་ཅིག་ཏུའང་བསྒྱུར་བ་རེད། དེ་ནི་མི་ཚེའི་སྐྱོ་ཤས་རེད། བྱིས་པ་ཞིག་རྒྱུན་སྐྱོང་དགོས་ལ་མི་རེ་རེས་མི་ཚེ་གང་བོར་དཔེ་ཀློག་བྱེད་པའི་གོམས་གཤིས་ཀྱང་རྒྱུན་སྐྱོང་དགོས། རྒྱུགས་སྤྲོད་དུས་ཙམ་མ་ཡིན་པར་དཔེ་ཀློག་ལ་དུས་གཏན་དུ་དགའ་སྤྲོའི་སེམས་པས་འཇུག་རྒྱུ་ནི། འུ་ཚོ་བུད་མེད་རེ་རེ་དང་ལྷག་པར་དུ་ཨ་མ་རེ་རེའི་སྦྱང་ཚན་ཡིན། དེ་ལས་གཞན་འུ་ཚོ་བུད་མེད་ཚོས་རྒྱུན་དུ་ཀློག་བཞིན་པའི་དར་སྲོལ་དུས་དེབ་དང་མཛེས་བཟོ་བྱེད་ཚུལ་ཁྲིད་པ། གོས་གྱོན་ཚུལ། ཟས་གཡོ་ཚུལ་སོགས་བྲིས་པའི་ཡི་གེ ངས་དཔེ་ཆ་རེད་སྙམ་གྱིན་མེད།

       有字的不一定都是书有一些东西装帧成书的模样但它们不是书。我认为至少有以下几种首先就是我们从小到大读的课本。正因为我们把它们当成了书所以就能理解为什么有那么多学生在毕业的时候将书烧掉然后说我再也不读书了。这么说可能有点绝对课本里不是没有营养的东西我们最先识得文字就是从课本开始的但我们现行的教育方式常常把有价值的东西给忽略了只把教育变成了知识和技能的传授扼杀了学生对读书的热爱。让一个小朋友把读书当成一个悲惨的事情变成了一个名次之争那是人生的悲哀。保持一个孩子也保持我们每一个人终身阅读的习惯保持在考试以外还要读书的那种喜悦之心是我们每个女人特别是母亲的功课。除此以外像我们女性经常读的时尚杂志教人化妆、穿衣配色教人做饭以及养生保健之类技艺之道的文字我也不认为是书。

     མདོར་ན། འུ་ཚོས་དོན་དངོས་སུ་བཀླག་དགོས་པ་ནི་བསམ་གཞིག་བྱེད་པའི་དམིགས་ཡུལ་གྱི་ཕྱི་ཡི་དཔེ་ཆ་ཡིན། གནའ་ནས་ད་བར་ལོ་ཟླས་གཙང་བཀྲུ་དང་མིག་ཟུང་བགྲང་གིས་མི་ལངས་བས་བརྟག་ཞིབ་བྱས་པའི་རིན་ཐང་ལྡན་པའི་ཡི་གེ་དེ་དག་དང་དཔེ་ཆ་དེ་དག་ལ"གསུང་རབ"ཟེར་དོན་ནི། དེ་དག་འུ་ཚོའི་བསམ་བློའི་འཚོ་སྐྱོང་ལ་མཚོན་ནས་བཤད་ན། ལོ་ཟླའི་བཞུར་རྒྱུན་དང་མཉམ་དུ་མཁོ་གལ་ཇེ་ཆེ་ནས་ཇེ་གསལ་དུ་ཕྱིན་པས་ཡིན། ང་རང་མི་ཚེ་འདིར་སོང་མྱོང་བའི་ལམ་བུ་ལ་ཕྱིར་དྲན་ཞིག་བྱས་ན། གལ་འགང་ཆེ་བའི་ཐག་གཅོད་རེ་རེ་དཔེ་ཀློག་དང་འབྲེལ་བ་ཡོད་ཅིང་། དཔེ་ཀློག་གིས་ང་ལ་ལམ་སྟོན་གནང་།

       总之我们真正要读的是那些在功利目标以外的书那些古往今来经过了岁月的淘洗、经过了无数双眼睛检验的珍贵文字。这些书之所以被称为经典因为它们对我们灵魂的滋养随着岁月的流逝会越来越显得重要。回忆我这一生所走过的道路所有最重大的决策都和阅读书籍有关书给予我指引。


双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4