【第258期】阿古顿巴的故事:砍掉核桃树

文章摘要:阿古顿巴房屋的窗前有棵粗大的核桃树,一到冬季正好挡住温暖的阳光。可是核桃树是别人家的,不能砍啊,所以,每到冬天并看到核桃树越长越高,阿古顿巴就想:要是能砍掉这棵核桃树该多

ཁམ་ཤིང་བཅད་པ།

砍掉核桃树

 

       ཨ་ཁུ་སྟོན་པ་ཚང་གི་དཀར་ཁུང་མདུན་དུ་ཧ་ཅང་ཆེ་ལ་སྦོམ་པའི་ཁམ་ཤིང་ཞིག་ཡོད་པ། ལོ་རེའི་དགུན་ཁ་སླེབས་དུས་སྟབས་འཁེལ་བར་དྲོན་པོའི་ཉི་འོད་བཀག་འགྲོ། འོན་ཏེ་ཁམ་ཤིང་གཞན་པ་ཚང་གི་ཡིན་པས། ཁོས་གཅད་རྒྱུ་མེད་ངེས། དེའི་ཕྱིར། ལོ་ལྟར་དགུན་ཁ་སླེབས་པ་དང་ཁམ་ཤིང་ཇེ་ཆེར་འགྲོ་བས། ཨ་ཁུ་སྟོན་པས་སེམས་སུ། ཁམ་ཤིང་འདི་གཅད་ཆོག་ན་ཅི་མ་རུང་ཞེས་དྲན།

       阿古顿巴房屋的窗前有棵粗大的核桃树,一到冬季正好挡住温暖的阳光。可是核桃树是别人家的,不能砍啊,所以,每到冬天并看到核桃树越长越高,阿古顿巴就想:要是能砍掉这棵核桃树该多好啊。

 

        ལོ་དེའི་དགུན་དུས་སླེབས་མ་ཐག ཨ་ཁུ་སྟོན་པས་ངོ་མཚར་རད་དུ་བྱུང་བའི་བློ་ཐབས་ཤིག་དྲན། 

        那年冬季一到,阿古顿巴想出了一个绝妙的办法。

 

       ཉིན་ཞིག་ལ། ཁོས་ཁྱིམ་ནས་ཤིང་སྡོང་ཞིག་ཁུར་ཏེ་ཁམ་ཤིང་བདག་པོ་ཚང་གི་སྒོ་འགྲམ་ནས་བརྒྱུད། ཅུང་ཙམ་འགོར་རྗེས། སླར་ཡང་ཤིང་སྡོང་ཞིག་ཁུར་ཏེ་དེ་ཚང་གི་སྒོ་འགྲམ་ནས་སོང་། ཁྱིམ་དེ་ཚང་གིས་ཨ་ཁུ་སྟོན་པས་ཤིང་སྡོང་ཁུར་ནས་ཐེངས་གཉིས་བརྒྱུད་པ་མཐོང་དུས། ཁྱོད་ཀྱིས་ཤིང་སྡོང་ཁུར་ནས་གང་དུ་འགྲོ་བ་ཡིན་ཞེས་དྲིས། ཨ་ཁུ་སྟོན་པས་དེ་རིང་གྲོང་པའི་ནང་ཁམ་ཤིང་ཉོ་མཁན་ཞིག་སླེབས་འདུག སྡོང་བོ་འདི་ལྟར་བུར་དངུལ་སྲང་ལྔ་རི། ངས་སྔ་དྲོར་གཅིག་བཙོངས་ཡོད། ད་ལྟ་རིན་གོང་མཐོ་བའི་དུས་ལ། འདི་ཡང་བཙོང་གཞག་བསམ་བྱུང་།ཞེས་ལན་རྒྱག

       一天,他扛着自家的一根木头,从核桃树的主人家门口走过。过了一会儿,他又扛着木头从这家门口走了一回。这家主人看见阿古顿巴扛着木头两次从门口经过,便问道:“你扛着木头到哪儿去?”阿古顿巴说:“现在村子里来了个收买核桃树的人,这个样子的核桃树能卖五钱银子。我上午去卖了一棵,趁着价格高,把这棵也去卖了。”

 

       ཕྱུག་པོའི་སེམས་སུ། རིན་གོང་དངོས་གནས་མཐོན་པོ་འདྲ་རེད་འདུག ཁོའི་ཁམ་ཞིག་ཆུང་ངུ་དེའི་དངུལ་སྲང་ལྔ་ཙམ་རི་ན། བདག་གི་ཁམ་ཤིང་དེ་གཅད་ན་དངུལ་སྲང་རྩིས་མ་ལོན་པ་ཞིག་ཡོད་ངེས། སྐབས་དེ་དུས་གྲོང་པའི་ནང་ང་ལས་ཕྱུག་པ་སུ་ཡོད་ཅེས་དྲན། 

       富人心里想:价格的确很高,他的那么一点的核桃树都能卖五钱银子,把我的那棵核桃树全砍了卖掉就能赚到很多银子,那时村子里除了我还会有更富裕的人吗?

 

       ཕྱུག་པོས་ཤིང་ཆ་ཉོ་མཁན་དེས་ཁམ་ཤིང་རླན་པ་ཉོ་ས་ཨེ་རེད་ཅེས་དྲིས། ཨ་ཁུ་སྟོན་པས་ལན། ཉོ་དང་ཉོ། ཁམ་ཤིང་ཞིག་ཡིན་ནས་རླན་པ་ཡིན་ན་སྐམ་པོ་ཡིན་ན་སྦོམ་པོ་ཡིན་ན་ཕྲ་མོ་ཡིན་ན་ཚང་མ་ཉོ་འདུག ཕྱུག་པོས་ཡང་ཉི་མ་ཁ་ཤས་བསྡད་ས་ཨེ་རེད་ཅེས་བྲིས། ཨོ་་་ཉི་མ་མང་ཙམ་བསྡད་ས་རེད། ད་དུང་ཁམ་ཤིང་མང་པོ་ཞིག་ཉོ་ཐུབ་མི་འདུག ཅེས་ཨ་ཁུ་སྟོན་པས་བཤད། 

       富人问阿古顿巴:“收买木料的人买不买潮湿的核桃树?”阿古顿巴答道:“要买的,凡是核桃树干的湿的粗的细的都要买的。”富人家又问:“买木料的会不会待几天?”“会待几天,因为到现在没有搞到多少核桃树。”阿古顿巴回答。

 

        ཕྱུག་པོ་སྤྲོ་སེམས་འཁོལ་བའི་ངང་ཁྱིམ་དུ་ལོག་སྟེ་ཁྱིམ་མི་ཡོངས་རྫོགས་འབོད་ནས་མྱུར་དུ་ཁམ་ཤིང་གཅད་པར་སོང་། 

       富人高兴地回了家,叫来了家里所有的人立即去砍伐核桃树。

 

        ཉིན་གསུམ་པའི་སྔ་དྲོར། ཁོ་ཚོས་ཁམ་ཤིང་བཅད་དེ་ཆ་སྙོམས་སུ་ལེགས་གཅོད་བྱེད་དུས། ཨ་ཁུ་སྟོན་པས་སྔར་ལྟར་ཤིང་སྡོང་ཞིག་ཁུར་ནས་གྲོང་པའི་ནང་དུ་འགྲོ་ཚུལ་བྱས། 

       第三天早晨,他们正在修整砍掉的核桃树枝时,阿古顿巴照旧扛了一块木头假装到村子里去。

 

       ཕྱི་དྲོར་། ཕྱུག་པོས་ཁམ་ཤིང་ལེགས་བཅད་བྱས་འཇུག་རྫོགས་ལ་ཉེ་བའི་དུས། ཨ་ཁུ་སྟོན་པས་ཤིང་སྡོང་ཕྱིར་ཁུར་ཏེ་སེམས་མ་སྐྱིད་པའི་རྣམ་འགྱུར་ཞིག་སྟོན་ནས་ཁྱིམ་དུ་ལོག ཕྱུག་པས། ཨ་ཁུ་སྟོན་པ། ཤིང་ཆ་འཚོང་མ་སོང་ངམ་ཞེས་དྲིས། ཨ་ཁུ་སྟོན་པས། ཚོང་མ་ཐལ། སེམས་པ་སྐྱིད་མོ་འདྲ་རེད་མ་བྱུང་། ཁྱོད་ཀྱིས་ཤིང་ཆ་འདི་ཚོ་ཅི་བྱ་བསམ་བྱུང་ཞེས་བཤད། ཕྱུག་པས་ངས་ཁམ་ཤིང་བཅད་ཚར། ད་ལྟ་འགྲོ་ནས་བཙོང་བསམ་བྱུང་། ཨ་ཁུ་སྟོན་པས། ཨ་ཁ་ཁ། ཁྱོད་ཀྱིས་བཅད་ཕྱིར་སོང་། ཁམ་ཤིང་ཉོ་མཁན་དེ་རིང་སྔ་དྲོར་ཁྱིམ་དུ་ལོག་སོང་ཞེས་བཤད། 

       到了午后,富人把核桃树基本上修整完毕的时候,阿古顿巴扛着木头很不高兴地回来了。富人问:“阿古顿巴,木头没有卖出去吗?”阿古顿巴说:“我没有卖出木头,心里难受得很。你的木料该怎么办呢?”富人说:“我的核桃树已经砍完了,现在就去卖掉它。”阿古顿巴说:“你的核桃树砍得有点晚了,买核桃木料的今天早上回家了。”

 

        དེ་ལྟར་ཕྱུག་པས་ཁམ་ཤིང་ཁྱིམ་དུ་མ་ཁུར་ཀ་མེད་བྱུང་། 

        富人只好把核桃树搬回家。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4