【第249期】阿古顿巴的故事:天上掉馅饼

文章摘要:从前有个极其吝啬的财主,家里放着许多钢锅。可是穷人要借用一下他从来不肯,怕的是会把锅用薄了。这天,阿古顿巴来到财主家,献了礼物,要求借锅......

གནམ་ལས་བག་ལེབ་ལྷུང་བའི་གཏམ།

天上掉馅饼

 

         སྔོན་མར་སེར་སྣ་ཧ་ཅང་ཆེ་བའི་ཕྱུག་བདག་ཅིག་ཡོད། ཁྱིམ་ལ་གསེར་གྱི་སྣོད་ཁ་མང་དུ་བཞག་ཡོད། འོན་ཏེ་དབུལ་པོ་རྣམས་ལ་གཡར་ཙམ་ཡང་མི་བྱེད། ཁོ་སྣོད་ཁ་ཟད་འགྲོ་བར་སྐྲག ཉིན་འདིར། ཨ་ཁུ་སྟོན་པ་ཕྱུག་བདག་ཚང་དུ་ཡོང་ནས། ལེགས་སྐྱེས་འབུལ་ཏེ་སྣོད་ཁ་གཡར་བའི་རེ་བ་བཏོན། ཁ་ཡག་ཚིག་འཇམ་ཡུན་རིང་བཤད་རྗེས། ཕྱུག་བདག་གིས་ད་གཟོད་ཁོར་ཉིན་གཉིས་གཡར། 

        从前有个极其吝啬的财主,家里放着许多钢锅。可是穷人要借用一下他从来不肯,怕的是会把锅用薄了。这天,阿古顿巴来到财主家,献了礼物,要求借锅。说了半天好话,财主才答应借给他用两天。

        ཉིན་གཉིས་ཀྱི་རྗེས་སུ། ཕྱུག་བདག་སྣོད་ཁ་ལེན་དུ་ཡོང་། རང་གིས་ལྕགས་སྣོད་ནང་དུ་ད་རུང་ལྕགས་སྣོད་ཆུང་ཆུང་ཞིག་ཡོད་པ་མཐོང་། ཕྱུག་བདག་གིས་ཅི་ཡིན་མི་ཤེས་པས། མྱུར་དུ་སྣོད་ཁ་ཆུང་བ་དེ་ཅི་ཡིན་པ་དྲིས། ཨ་ཁུ་སྟོན་པས་གཟབ་ནན་གྱི་རྣམ་འགྱུར་གྱིས། ངའི་དཔོན་པོ་རིན་པོ་ཆེན་ལགས། ཁྱོད་དངོས་གནས་མི་བསོད་ནམས་ཅན་ཞིག་རེད་འདུག ལྕགས་སྣོད་འདིས་བུ་ཞིག་སྐྱེས་བྱུང་། སྣོད་ཁ་ཁྱོད་རང་གིས་ཡིན་པས། ཁྱོད་ལ་ཕྱིར་སྤྲོད། ཅེས་བཤད། ཕྱུག་བདག་དགའ་སྤྲོའི་རྒྱས་པས་བསམ་བློ་ཙམ་ཡང་མ་བཏང་ནས་སྣོད་ཁ་ཆེ་ཆུང་གཉིས་ཀ་ཁུར་ནས་ཁྱིམ་དུ་ལོག

        两天后,财主来要锅。看见自己的铜锅里还有一只小铜锅,财主不解,忙问这只小钢锅是哪里来的?阿古顿巴郑重其事地回答道:“我的老爷,您真是大福气之人啊,这钢锅生了个儿子,因为锅是您的,就还给您吧!”财主很高兴,想也没想便抱着大铜锅和小铜锅回家了。

 

       ཉིན་གཉིས་པ། ཨ་ཁུ་སྟོན་པ་ཡང་ཕྱུག་བདག་ཚང་དུ་སྣོད་ཁ་གཡར་བ་ཡོང་། ཕྱུག་བདག་གིས་གཏོང་ཕོད་ངང་ཁོ་ལ་སྤྲོད། ཉིན་འགའ་ཤས་ཀྱི་རྗེས་སུ། ཕྱུག་བདག་ཡང་སྣོད་ཁ་ལེན་ཡོང་། ཨ་ཁུ་སྟོན་པས་སྔོན་ལྟར་ལྕགས་སྣོད་ཆུང་ཆུང་ཞིག་ནང་དུ་བཞག་སྟེ་ཕྱུག་བདག་ལ་ཕྱིར་སྤྲོད། ཕྱུག་བདག་ཧ་ལས་ཧང་སང་ནས། དགའ་སྤྲོ་ཚད་མེད་ཀྱི་དགྱེས་པའི་སེམས་ལྷོད་ལྷོད་བྱས་ནས་འདི་ལྟར་བྲིས། སྣོད་ཁ་ཁྱོད་ལག་ཏུ་ཡོང་བ་ནས་བུ་སྐྱེ་ཐུབ་དོན་ཅི་རེད། ཨ་ཁུ་སྟོན་པས་ཡུན་རིང་བསམ་བློ་བཏང་ནས། འདི་ངས་ཀྱང་ཅི་ཡིན་མི་ཤེས། འོན་ཏེ་ཁྱོད་རང་མི་བསོད་ནམས་ཅན་ཞིག་ཡིན་པ་ངེས་ལ། སྐྱེ་བ་སྔ་མར་བྱམས་སྙིང་རྗེ་ཆེན་པོའི་མི་ཞིག་ཀྱང་ཡིན་ངེས། ང་རྒྱུ་མེད་ནའང་། བསོད་ནམས་ཅན་གྱི་མི་ཞིག་ཡིན་པ་བཤད་ཆོག ད་བསོད་ནམས་ཅན་གྱི་མི་གཉིས་ཕྲད་པས། ལྕགས་སྣོད་ཀྱིས་བུ་སྐྱེས་པ་ཡིན་ནམ། ཞེས་བཤད། ཕྱུག་བདག་ཨ་ཁུ་སྟོན་པས་ཁ་མཁས་ཚིག་སྙན་གྱིས་བསླུས་བས། སྔོན་བཤད་སྲོལ་ལ་བྱམས་སྙིང་རྗེ་ཆེན་པོའི་མི་ཞིག་གི་བོང་བུས་གསེར་གཏོང་ནུས་པ་ཞེས་སེམས་ལ་ཤར། དེ་བས་ཨ་ཁུ་སྟོན་པས་བཤད་རྒྱུར་གནས་ལུགས་ཡོད་པར་དྲན། དགའ་དགའ་སྤྲོ་སྤྲོའི་ངང་ཨ་ཁུ་སྟོན་པར། ད་ཉིན་དེ་རིང་ནས་བཟུང་། ཁྱོད་ལ་དགོས་མཁོ་ཅི་ཡོད་ན་ངར་བཤད་ཤོག འཛེར་འཛེར་བྱ་མི་དགོས། ཨ་ཁུ་སྟོན་པས། དོན་གཞན་དང་ཅི་མེད། ཉིན་འགའི་རྗེས་སུ་ཡང་སྣོད་ཁ་ཞིག་གཡར་དགོས་ས་རེད། ཅུང་ཆེ་པོ་འདྲ་ཞིག་ཡིན་དགོས་ཞེས་ལན་སྤྲོད། ཕྱུག་བདག་སྤྲོ་བའི་ངང་ཁས་ལེན། 

       第二天,阿古顿巴又去财主家借锅。财主很慷慨地答应了。几天后,财主又来拿锅。阿古顿巴又在锅里放了一只小铜锅,仍然把小铜锅送给了财主。财主大吃一惊,压抑着兴奋的心情问道:“为啥锅到你家能生儿子呢?”阿古顿巴假装想了半天说:“我也不明白是什么原因。不过我想您是个有大福之人,上辈子必是大慈悲之身啊。我虽然穷,也算是个有福人。两个有福人碰到一块儿,铜锅就生儿子了吧。”财主禁不起阿古顿巴的花言巧语,便想起从前有个大慈悲之人有头驴就会拉金子。认为阿古顿巴说的很有道理,高高兴兴地对阿古顿巴说:“今后,你缺啥就尽管说吧,不要客气!”阿古顿巴说:“过几天,我还要借一只铜锅,不过要大点儿的。”财主很高兴地答应了。

 

       ཁྱིམ་དུ་ལོག་རྗེས། ཕྱུག་བདག་གིས་དོན་དེར་ཆུང་མར་བཤད། ཆུང་མས་ཀྱང་དགྱེས་བས་ངང་། ད་ཕངས་སེམས་སྐྱེ་དགོས་པ་ནི་སྣོད་ཁ་འདི་གསེར་མིན་པ་དེའོ།། གལ་ཏེ་གསེར་ཡིན་ན། ཁོར་ཐེངས་རེར་གཡར་ན་གསེར་གྱི་སྣོད་ཁ་རེ་སྐྱེ། དེ་ལྟར་ཐེངས་མང་ཙམ་གཡར་ན། ངེད་གཉིས་རྒྱུ་ནོར་མྱུར་དུ་སྤེལ་ལེ་མ་རེད་དམ། ཞེས་བཤད། 

       回家后,财主把这事告诉了老婆,老婆很高兴便忙说:“可惜这锅不是金子的,要是金子的,借给他一次就生一个儿子,多借几次,我们不是会发大财吗?”

 

        ཉིན་འགའ་ཤས་ཀྱི་རྗེས་སུ་ཨ་ཁུ་སྟོན་པ་ཡང་སྣོད་ཁ་གཡར་བ་ཡོང་། ཕྱུག་བདག་གིས་གསར་དུ་ལས་པའི་གསེར་གྱི་སྣོད་ཁ་ཆེན་མོ་ཞིག་ཁོར་བསྐྱིས། ཨ་ཁུ་སྟོན་པས་གསེར་སྣོད་ཅིག་ཡིན་པ་མཐོང་བས། ཁྱིམ་དུ་ལོག་རྗེས། སྟ་རེས་བཅག་སྟེ། སྣོད་ཁ་ཉོ་མི་ཐུབ་པའི་མེད་པོ་རྣམས་ལ་བགོས། སྣོད་ཁ་ཕྱིར་སྤྲོད་པའི་དུས་ལ་སླེབས། ཕྱུག་བདག་སྤྲོ་སེམས་འཁོལ་བའི་ངང་སྣོད་ཁ་ལེན་བ་ཡོང་། འོན་ཏེ་ཁོ་ཨ་ཁུ་སྟོན་པའི་ཚང་དུ་འཛུལ་མ་ཐག ཨ་ཁུ་སྟོན་པས་ང་ུརྒྱུ་ཁ་ལ་བཞག་ནས་ས་རུ་སྡོད་དེ། གདོང་མདོག་ཤོར་ནས་ནད་ཚབས་ཆེན་ཞིག་ཕོག་པ་དང་འདྲ་བ་མཐོང་། ཕྱུག་བདག་གིས་སྐད་ངན་གྱིས། ངའི་སྣོད་ཁ་གང་དུ་ཡོད། ཨ་ཁུ་སྟོན་པས། ཨ་ཁུ་སྟོན་པས། ཁྱོད་རླུང་རྟ་ཉམས་འདུག་ཡ། སྣོད་ཁ་ཤི་སྟེ་དུམ་བུར་འགྱུར་སོང་། ངས་ད་བེད་སྤྱོད་ནུས་པ་ཅི་ཡང་མེད་འདུག་དྲན་ནས། དཔོན་པོ་ཁྱོད་ཀྱི་མིང་ཐོག་གིས་མེད་པོར་རྣམས་ལ་སྤྲོད་ཚར། ཞེས་བཤད། ཕྱུག་བདག་ད་དུང་རེ་ཐག་མི་ཆོད་དེ། སྣོད་ཁ་ཤི་རྒྱུ་ག་ན་ཡོད་རེད། ཨ་ཁུ་སྟོན་པས། ཁྱོད་ཀྱིས་འདིར་ཡང་མི་ཤེས་སམ། བུ་རྒྱུད་སྐྱེ་ཐུབ་པའི་དངོས་པོ་ཞིག་ཡིན་པ་ནས། སུ་ལ་སྐྱེ་རྒ་ན་འཆི་མེད་པ་རེད། ཁྱོད་ཀྱིས་སྣོད་ཁའི་བུ་སྐྱེ་ནུས་ན། ཁོ་ཤི་རྒྱུ་མེད་དོན་ཅི། ཞེས་ལན་རྒྱག

       几天后阿古顿巴又来借锅。财主便把一口赶制而成的大金锅借给他。阿古顿巴一看是一只金锅,回家后,就用斧头把金锅敲碎,分给了买不起锅的穷人。还锅的日期到了,财主高高兴兴地跑来取锅。可是进屋一看,阿古顿巴正愁眉苦脸地坐在地上,脸色憔悴像是大病了一场。财主大声问:“我的锅呢?”阿古顿巴哭丧着脸说:“您真倒霉,大锅死了,成了碎块,我看没啥用处了,便把它以你的名义送给穷人啦!”财主不服气地问:“锅怎么会死呢?”阿古顿巴说:“您怎么连这也不知道:凡是能生儿子的东西,不都是有生有死的吗?您的锅既然能生儿子,怎么就不会死呢?”

 

      ཕྱུག་བདག་གིས་རང་གཡོ་འོག་ཏུ་ཚུད་པ་ད་གཟོད་ཤེས། ཁོང་ཁྲོ་མེ་ལྟར་འབར་ཡང་། ཅི་བྱེད་འདི་བྱེད་མེད་པ་གྱུར། ཡིད་ཐང་ཆད་པས་ངང་ཕྱིར་ལོག་སོང་། སེམས་སུ་རྗེས་མར་གནམ་ལས་བག་ལེབ་ལྷུང་བའི་དོན་ལ་ཡིད་མི་ཆེས་པའི་དམ་བཅའ་འཇོག

      财主知道自己上当了,气得半死,但也无可奈何,只好垂头丧气地走了,暗暗发誓以后再也不能信天上掉馅饼的事了。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4