【第248期】城市与旷野

文章摘要: 城市是一粒粒精致的银扣,缀在旷野的黑绿色大氅上,不分昼夜地熠熠闪光。我听说的旷野,泛指崇山峻岭,河流海洋,湖泊森林,戈壁荒漠……一切人烟罕至保存原始风貌的地方。

གྲོང་ཁྱེར་དང་འབྲོག་སྟོང་།
城市与旷野

པུས་ཧྲང་མུས།
毕淑敏

        གྲོང་ཁྱེར་ནི་དངུལ་གྱི་སྤུས་དག་སྒྲོ་གུ་གཅིག་ནས་གཅིག་སྟེ། ལྗང་ནག་གི་ཟླ་གམ་ཆེན་པོའི་ཐོག་ཏུ་སྤྲས། ཉིན་མཚན་མེད་པར་འོད་ཆེམ་ཆེམ་དུ་འཕྲོ། 

        城市是一粒粒精致的银扣,缀在旷野的黑绿色大氅上,不分昼夜地熠熠闪光。

 

         ངས་གོ་ཐོས་ཡིན་པའི་འབྲོག་སྟོང་སྟེ། རི་མཐོ་གཡང་གཟར་དང་། ཆུ་བོ་རྒྱ་མཚོ། མཚེའུ་ནགས་ཀླུང་། བྱེ་ཐང་ས་རྒོད་སོགས། མི་བསྡད་ཐུབ་དཀའ་ལ་གདོད་མའི་རྣམ་པ་ཡིན་པའི་ས་གནས་ཡོངས་ལ་གོ།

  我听说的旷野,泛指崇山峻岭,河流海洋,湖泊森林,戈壁荒漠……一切人烟罕至保存原始风貌的地方。

  

         འབྲོག་སྟོང་དང་གྲོང་ཁྱེར། རྩ་བ་ནས་བརྗོད་ན། ཁ་གཏད་ཡིན་པའོ།། 

  旷野和城市,从根本上讲,是对立的。

 

         མི་ེརྣམས་ཕལ་ཆེར་གྱིས་གྲོང་ཁྱེར་ཁ་གཏད་ཀྱི་གནས་པའི་ཚིག་སྟེ། གྲོང་གསེབ་ཡིན་པ་འཛིན། དཔེར་ན་རྒྱུན་དུ་བཤད་པར་ “གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པ་”ལྟར། རེད་དེ་གྲོང་གསེབ་ཀྱང་གྲོང་ཁྱེར་འཕེལ་རྒྱས་ཀྱི་དམའ་བའི་དུས་རིམ་ཞིག་ལས་མིན། ཇི་འདྲའི་ཐབས་ཆག་པའི་གྲོང་གསེབ་ཞིག་ཡིན་ཡང་། གྲོང་ཁྱེར་གྱི་རྒྱུན་གཅིག་པའི་སྤུན་ཟླའོ།།

  人们多以为和城市相对应的那个词,是乡村。比如常说“城乡差别”“城里人乡下人”,其实乡村不过是城市发育的低级阶段。再简陋的乡村,也是城市的一脉兄长。

  

         དེ་བས་འབྲོག་སྟོང་ཁོ་ན་སྟེ་གྲོང་ཁྱེར་ཀྱི་ཁ་གཏད་དུས་ཀུན་དུ་གྲགས་མེད་འགུལ་མེད་ངང་ལངས། གྲོང་ཁྱེར་གྱིས་སྔོན་འབྲོག་སྟོང་གི་མངའ་ཁུལ་བཟུང་ལ། སྔར་འབྲོག་སྟོང་དུ་གནས་པའི་གདོད་མའི་མི་རྣམས་ཕུད་པ། འབྲོག་སྟོང་གནའ་བོའི་ཡུལ་ལྗོངས་ཀྱང་བརླག་སོང་། གྲལ་འགྲིག་པོའི་འདུ་ལོང་ཁྲོམ་གཞུང་ཇེ་མང་ནས་ཇེ་མང་གིས། རང་འདོད་རང་བསམ་གྱི་རང་བྱུང་ཡུལ་ལྗོངས་ཚབ་བྱས། 

  惟有旷野与城市永无声息地对峙着。城市侵袭了旷野昔日的领地,驱散了旷野原有的驻民,破坏了旷野古老的风景,越来越多地以井然有序的繁华,取代我行我素的自然风光。

  

         གྲོང་ཁྱེར་ནི་མིའི་རིགས་རླབས་ཆེ་གསར་གཏོད་ཡོད་ཚད་ཀྱི་དགོས་འདོད་ས་གནས་ཡིན། འགྲེམ་སྟོན་ཁང་། འགྲན་བསྡུར་ཐང་། ཤན་འབྱེད་སྟེགས་བུ། གལ་ཏེ་ཡེ་ཤེས་ཀྱི་སྤྱན་ཞིག་གིས་འཇིག་རྟེན་ཁམས་ནས་མཚན་མོའི་སའི་གོ་ལ་གཟིགས་ཡོད་ན། ཁོང་གྲོང་ཁྱེར་གྱི་མི་ནུབ་པའི་འོད་ཟེར་གྱིས་སེམས་འགུལ་ཆེན་མོ་གཏོང་ངེས། འབྲོག་སྟོང་ནི་ཞི་ལྷོད་ཡིན་ལ། གྲོང་ཁྱེར་ནི་ཛ་དྲག་ལྡན་པ། འབྲོག་སྟོང་ནི་དབེན་པ་ཡིན་ལ། གྲོང་ཁྱེར་ནི་འུར་སྒྲ་ཆེ་བ། འབྲོག་སྟོང་ལ་བྱ་དངོས་ཡོད་དགུ་ཤོང་བའི་རང་བཞིན་ཆེན་མོ་ལྡན། གྲོང་ཁྱེར་ནི་ཕལ་མོ་ཆེར་མིའི་རིགས་ཁོ་ནས་དབང་འདུག

  城市是人类所有伟大发明的需求地,展览厅,比赛场,评判台。如果有一双慧眼从宇宙观看夜晚的地球,他一定被城市不灭的光芒所震撼。旷野是舒缓的,城市是激烈的。旷野是宁静的,城市喧嚣不已。旷野对万物具有强大的包容性,城市几乎是人的一统天下……

  

         མི་རྣམས་ཀྱིས་གྲོང་ཁྱེར་གཅིག་ནས་གྲོང་ཁྱེར་གཞན་ཞིག་ཏུ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཐོན་ཐུབ་པའི་ཕྱིར། རྣམ་པ་སྣ་ཚོགས་ཀྱི་འགྲིམ་འགྲུལ་ཡོ་བྱད་གསར་གཏོད་བྱས། མི་རྣམས་ཀྱིས་ཆེས་སྔོན་ཐོན་གྱི་འཕྲིན་གཏོང་ཐབས་ཤེས་ཀྱིས་གྲོང་ཁྱེར་གཅིག་ནས་གཅིག་ཏུ་འབྲེལ། སའི་གོ་ལ་ཡོངས་རྫོགས་ཏེ་མ་ལུས་ཀུན་འདུས་ཀྱི་དྲ་བ་ཞིག་ཏུ་སྐྲུན། འདི་ལྟར་བརྗོད་ཆོག མི་རྣམས་ཁྱབ་ཆེ་བའི་གོ་དོན་གྱི་གྲོང་ཁྱེར་དང་བྲལ་ན་འཚོ་ཐབས་མེད་སོང་། 

  人们为了从一个城市,越来越快地到达另一个城市,发明了各种各样的交通工具。人们用最先进的通讯手段联结一座座城市,使整个地球成为无所不包的网络。可以说,人们离开广义上的城市已无法生存。

  

         ངས་རིར་འཛེག་གི་ཚགས་པ་ཞིག་ལྟ་མྱོང་། རི་བོ་ཇོ་མོ་གླང་མའི་ཡང་རྩེར་འཛེག་ཐུབ་པའི་དཔའ་བོ་ཞིག ཕྱིར་སྒར་རྒྱག་སར་ཡོང་བའི་ལམ་བར་དུ། བུ་ཡུག་ཆེན་པོ་བྱུང་བས་ལམ་ལ་ལྷག་སྟེ། ད་དུང་སྐྱོབ་ཐབས་བྲལ་སོང་། མི་རྣམས་ལ་ཡང་བྱེད་ཐབས་བྲལ་ཏེ་འཁོར་སྐར་བརྒྱུད་ནས། ཁོ་དང་ཁྱིམ་མིའི་བར་ལ་སྐུད་མེད་ཁ་པར་འབྲེལ། བུ་ཡུག་གི་ནང་ཏུ། ཁོ་དང་ལེ་དབར་ཁྲི་ཕྲག་ཡོད་པའི་གྲོང་ཁྱེར་གྱི་ཆུང་མ་གཉིས། སྐྱེ་ལ་ཉེ་བའི་ཕྲུ་གུའི་མིང་ལ་ཅི་གདགས་པར་གླེང་། དྲག་རླུང་གིས་ཁ་གྱེས་པའི་གཏམ་ལ་རམ་དཀྲོལ་བ། ཆུ་ཚོད་ཁ་ཤས་འགོར་རྗེས། ཁ་པར་བསྐྱར་དུ་རི་རྩེ་གཙོ་བོ་དང་འབྲེལ། འོན་ཀྱང་གྲོང་ཁྱེར་ལ་ལན་ཕུལ་མཁན་ནི་འབྲོག་སྟོང་གི་ཡུན་གཏན་གྱི་ཁ་ཁུ་སིལ་པོ་ཁོ་ན་དེའོ།།

  我读过一则登山报道,一位成功地攀上了珠穆朗玛峰的勇敢者,在返回营地的途中,遭遇暴风雪,被困,且无法营救。人们只能通过卫星,接通了他与家人的无线电话。冰暴中,他与遥距万里的城市内的妻子,讨论即将出生的孩子的姓名,飓风为诀别的谈话伴奏。几小时后,电话再次接通主峰,回答城市呼唤的是旷野用永恒的沉默。

  

         ངས་བསམ་ན་སྐྱོ་དྲག་གི་རྣམ་པ་འདིར། གྲོང་ཁྱེར་དང་འབྲོག་སྟོང་གི་རྟགས་མཚན་ཅུང་ཙམ་ལྡན་འདུག་དྲན། གྲོང་ཁྱེར་ནི་མི་རྣམས་ཀྱིས་བློ་རིག་དང་སེམས་ཤུགས། བློ་སྟོབས་དང་དུས་ཚོད། མི་རབས་གཅིག་ནས་གཅིག་ཏུ་སྤུངས་སྐྲུན་བྱས་པའི་དངོས་པོ་བོངས་ཆེ་ཞིག་ཡིན། གྲོང་ཁྱེར་ན། གང་ས་གང་དུ་དཔལ་ཡོན་གྱི་རྗེས་ཤུལ་ཡོད་པས། རྗེས་སུ་སླེབས་པའི་མི་རྣམས་ཀྱིས། རང་ཕལ་ཆེར་ཁྲབ་རྨོག་གིས་གཡོག་ལ། ཟླ་མེད་སྟོབས་ཤུགས་ལྡན་པའི་སྣང་བ་ཤར། འོན་ཏེ་གྲོང་ཁྱེར་ཕྱིའི་མཐས་ཡས་པའི་ས་གཞི་ཆེན་པོའི་ཐོག་ཏུ། འབྲོག་སྟོང་གིས་གྲགས་མེད་ཀྱིས་དགུང་ཨ་སྔོན་དབང་སྒྱུར་བཞིན། འཇིག་རྟེན་ཁམས་ཁྱད་དུ་གསོད་འདུག

  我以为这凄壮的一幕,具有几分城市和旷野的象征,城市是人们用智慧和心血,勇气和时间,一代又一代堆积起来的庞然大物,在城市里,到处文明的痕迹,迟到于后来的人们,几乎以为自己被甲执兵,无坚不摧。但在城市以外的广袤大地,旷野无声地统治着苍穹,傲视人寰。

  

         མི་རྣམས་ཀྱིས་གྲོང་ཁྱེར་དེ་འཛེར་ཆེན་ཞིག་ལྟར། འབྲོག་སྟོང་སྟེང་དུ་གཟེར་ཏེ། ད་དུང་དེ་གནས་གཞི་བྱས། ཞུམ་མེད་ཀྱིས་བུ་རྒྱུད་སྐྱེ་འཕེལ་གཏོང་བ། ཕུན་ཚོགས་རྣམ་པ་བཀྲ་བའི་དཔལ་ཡོན་གསར་དུ་སྐྲུན། འབྲོག་སྟོང་གིས་དང་ཐོག་ཏུ་སྣང་མེད་དུ་གཏོང་བ། ཐ་ན་ཞི་ལྷོད་གཉིས་ལྡན་གྱིས་ངོས་ལེན་བྱས། འོན་ཀྱང་འབྲོག་སྟོང་གིས་ནམ་ཞིག་ཁ་ལོག་རྒྱག་ན། མི་ལ་ཅི་བྱ་གཏོལ་མེད་འགྱུར། ནིའུ་ཡར་གནའ་བོའི་གྲོང་ཁྱེར། ཕང་པའེ་གནའ་བོའི་གྲོང་ཁྱེར་་་་་་་བཅས་ལོ་རྒྱུས་ཐོག་ཏུ་འོད་སྟོང་འབར་བའི་མཚན་སྙན་གྲགས་ལྡན་པའི་གྲོང་ཁྱེར་རབ་དང་རིམ་པ། དེ་ལྟར་ས་གཞི་ཆེན་མོའི་ཁམ་ཁུམ་ནང་དུ་ནུབ་སོང་། 

  人们把城市像巨钉一样,楔入旷野,并以此为据点,顽强地繁衍着后代,创造出溢光流彩的文明。旷野在最初,漠然置之,甚至是温文尔雅的接受着。但旷野一旦反扑,人就一筹莫展了。尼雅古城,庞贝古城……一系列历史上辉煌的城郭名字,湮灭在大地的皱褶里。

  

         མི་རྣམས་ཀྱིས་གྲོང་ཁྱེར་ཇེ་མང་ནས་ཇེ་མང་། ཇེ་ཆེ་ནས་ཇེ་ཆེར་སྐྲུན་ཏེ། འདོད་པ་སྣ་ཚོགས་སྐོང་བ། འབྲོག་སྟོང་ཉིན་ནས་ཉིན་དུ་འཁུམ་འཁུམ་བྱས། འོན་ཀྱང་མི་རྣམས་ཀྱིས་འབྲོག་སྟོང་ལ་སྣང་ཆུང་དང་། འབྲོག་སྟོང་ལ་སྣང་མེད་གཏོང་མི་རུང་། དེ་ལས་ལྡོག་སྟེ་ཕན་ཚུན་འཆམ་མཐུན་གནས་ཐུབ་པའི་བར་མཚམས་ཡག་ཤོས་ཤིག་བཙལ་དགོས། འབྲོག་སྟོང་ལ་བྱམས་སྐྱོང་བྱ་ན་མིའི་རིགས་རང་ལ་བྱམས་སྐྱོང་དང་གཉིས་མེད། ཤེས་དགོས་པ་སྟེ། མིའི་རིགས་ཀྱིས་གཏན་ནས་གྲོང་ཁྱེར་གྱིས་འབྲོག་སྟོང་ནས་རྒྱལ་ཁ་ལེན་མི་ཐུབ། འབྲོག་སྟོང་ནི་རང་བྱུང་ཁམས་ཀྱི་ཤ་ཤུན་ཡིན་ནོ།།

  人们建造了越来越多越来越大的城市,以满足种种需要,旷野日益退缩着。但人们不应忽略旷野,漠视旷野,而要寻觅出与其相亲相守的最佳间隙。善待旷野就是善待人类自身。要知道,人类永远不可能以城市战胜旷野,旷野是大自然的肌肤。

 

         ཤ་ལྤགས་མེད་ན་བ་སྤུ་ཅི་ལ་རྟེན།   

  皮之不存,毛将焉附?!

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4