【第247期】阿古顿巴的故事:贪心不足蛇吞象

文章摘要:阿古顿巴村里有个穷人和一个富人门对门,富人经常欺负他。阿古顿巴很是看不惯。阿古顿巴便决计为穷人出口气,悄悄地把富人家的门砸坏了

ཆོག་ཤེས་མེད་པས་སྦྲུལ་གྱིས་གླང་ཆེན་མིད།

贪心不足蛇吞象

 

        ཨ་ཁུ་སྟོན་པའི་གྲོང་ནང་དུ་དབུལ་པོ་ཞིག་ཡོད་ལ་ཁོ་དང་ཕྱུག་པོ་གཉིས་ཏག་ཏག་སྒོ་གཏད་ཡིན། ཕྱུག་པས་རྒྱུན་དུ་ཁོར་ཐུབ་ཚོད་བྱས། ཨ་ཁུ་སྟོན་པས་མིག་ལམ་དུ་ཤིན་ཏུ་མི་འགྲོ་བས། ཁོས་རྦད་དེ་དབུལ་པོའི་ཆེད་དུ་འཁོན་ལན་སློག་ཐག་གཅོད། དེ་བས་ཁོས་ག་ལེར་ལྐོག་ནས་ཕྱུག་པོ་ཚང་གི་སྒོ་དེ་བཅག

        阿古顿巴村里有个穷人和一个富人门对门,富人经常欺负他。阿古顿巴很是看不惯。阿古顿巴便决计为穷人出口气,悄悄地把富人家的门砸坏了。

 

       ཕྱུག་པོས་སྒོ་བཅག་མཁན་སུ་ཡིན་མི་ཤེས་པས། ཨ་ཁུ་སྟོན་པ་སྒོ་ཆེན་གསར་པ་ཞིག་ལས་མཁན་འབོད། ཨ་ཁུ་སྟོན་པ་འབོད་དགོས་དོན་ཅི་ཡིན་ཞེ་ན་ཁོ་ནི་ཉེ་འགྲམ་ཡོངས་ལ་གྲགས་པའི་ཤིང་བཟོའོ།།

       富人没看见是谁砸的,便只好叫阿古顿巴重新做一扇大门。因为阿古顿巴是周边有名的木匠好手。

 

       ཨ་ཁུ་སྟོན་པས། སྒོ་ཆེན་ལས་དགོས་ན་ཤིང་ཆ་བཟང་པོ་དགོས་ནི་རེད།ཅེས་བཤད། ཕྱུག་པོས་ཤིང་ཆ་གང་ཁུར་ནས་ཡོང་། ཏག་ཏག་སྒོ་གཅིག་ལས་ཚད་འདང་། ཕྱུག་པོ་ནི་ཉིན་བཞིན་ཁྱིམ་དུ་རྩིས་རྒྱག་ནས་བསྡད་འདུག ཉིན་འདིར་ཨ་ཁུ་སྟོན་པ་ནང་དུ་ཡོང་ནས་འདི་ལྟར་བྲིས། སྒོ་ལས་ཚར་སོང་། ད་དུང་ཅི་ལས་ཨེ་དགོས། ཕྱུག་པོས་ཤིང་ཆ་ལྷག་མ་ཡོད་སྣང་ཤར་བས། དེས་ན་ཤིང་གི་སྒེའུ་ཁུང་ཞིག་ལས་ཤོགཅེས་མངགས། ཨ་ཁུ་སྟོན་པས་ལས་འཇུག་རྫོགས་མ་ཁར་གྱི་སྒོ་དེ་བཤིག་ནས། ཤིང་གི་སྒེའུ་ཁུང་ཞིག་བཟོས། ཡང་ཕྱུག་པོར་ཅི་ལས་ཨེ་དགོས་དྲིས། ཕྱུག་པོས་ད་རུང་ཤིང་ཆ་ལྷག་མ་ཡོད་སྣང་ཤར་བས། ད་ཐབ་ཁེབས་ཤིག་ལས་དང་།ཞེས་བཤད། ཨ་ཁུ་སྟོན་པས་སྒེའུ་ཁུང་མར་བཤིག་སྟེ། ཐབ་ཁེབས་ཅིག་བཟོས། སླར་ཡང་ཕྱུག་པོའི་མདུན་དུ་ཡོང་ནས་ད་དུང་ཅི་ལས་ཨེ་དགོས་དྲིས། ཕྱུག་པོས་དགའ་སྤྲོ་ཚད་མེད་ཀྱིས། ཁོག་ལྡིར་ཁ་ལེབ་ཅིག་ལས་ན་ཆོག་ཅེས་བཤད། ཨ་ཁུ་སྟོན་པས་ཐབ་ཁེབས་མར་བཤིག་སྟེ། ཁོག་ལྡིར་ཁ་ལེབ་ཅིག་ལས། 

       阿古顿巴说:“做大门需要好木料。”富人拿出一堆木料,刚刚能够做一扇门。富人整天在家里算账。这天阿古顿巴进来问:“门做好了,还要做什么?”富人以为还有剩余的木料,说:“做一扇窗户。”阿古顿巴把刚打好的门拆掉,做了一扇窗户,然后去问富人还要做什么。富人以为还有剩余的木料,说:“再做一个锅盖。”阿古顿巴把窗户拆了,做了一个锅盖。又去问富人还要做什么,富人美滋滋地说:“再做一个砂壶盖吧。”阿古顿巴把锅盖拆了,做了一个茶壶盖。

 

        ཉིན་འདིར། ཉི་མ་ནུབ་ལ་ཉེ་བའི་སྐབས་སུ། ཨ་ཁུ་སྟོན་པས་ཁོག་ལྡེར་ཁ་ལེབ་དེ་ཁྱེར་ནས་ཕྱུག་པོ་བཙལ་ཏེ། ཤིང་ཆ་ཚང་མ་ཟད་སོང་། ངེད་གཉིས་གྲོང་པའི་ཁྱིམ་མཚེས་མཐུན་པོ་ཡིན་པས། ཤིང་བཟོའི་གླ་སྤྲོད་མི་དགོས།ཞེས་བཤད། ཕྱུག་པོ་སྐྱིད་ནས་དགོད་རྒྱངས་ཆེན་པོ་བྱེད་དེ། ད་ཕྱིན་ཆད་ནས་ངས་ཁྱོད་ལ་གླ་ཆ་སྤྲོད་ངེས་ཡིན། ཁྱོད་དངོས་གནས་ཁྱིམ་མཚེས་བཟང་པོ་ཞིག་རེད། ཤིང་ཆ་ཅུང་ཙམ་ཡང་འཕྲོག་བརླག་གཏོང་མ་བྱུང་། ཡ་ཡ་ད་ཁྱོད་ཀྱིས་སྒོ་ཆེན་དང་། སྒེའུ་ཁུང་། ཐབ་ཁེབས། ཁོག་ལྡེར་ཁ་ལེབ་ཚང་མ་ངའི་ཕྱག་མཛོད་ལ་སྤྲོད་ཤོག་ཅེས་བཤད། 

        这天,太阳快要落山的时候,阿古顿巴拿着茶壶盖对富人说:“木料全部用完了,我们是好邻居,工钱我就不要了。”富人咧开大嘴笑着说:“我今后会一定给你工钱的。你真是个好邻居,没有浪费一点儿木料。现在,你把大门、窗户、锅盖、茶壶盖全部交给我的管家吧。”

 

       ཨ་ཁུ་སྟོན་པ་ཧ་ཅང་ཡ་མཚན་བའི་ངང་། ཨ་དཔོན་པོ་ལགས། ཁྱོད་ཀྱིས་ཅི་བཤད་བཞིན་འདུག་གམ། ངས་དང་ཐོག་ཤིང་ཆ་དེ་ཚོས་སྒོ་ཞིག་ལས་ཟིན་པ་ཡིན། དེ་ནས་ཁྱོད་རང་ལ་ཅི་ལས་དགོས་ཞེས་དྲིས་དུས། ཁྱོད་ཀྱིས་སྒེའུ་ཁུང་ཞིག་ལས་ཤོག་ཟེར། རེད་དེ་ཁྱོད་ཀྱིས་ཕྲན་ལ་ཤིང་ཆ་སྤྲོད་མེད་བྱུང་། དེ་བས་ངས་སྒོ་དེ་མ་བཤིག་ནས་སྒེའུ་ཁུང་བཟོས་པ་ཡིན། ཡང་སྒེའུ་ཁུང་མ་བཤིག་ནས་ཐབ་ཁེབས་བཟོས། ཡང་ཐབ་ཁེབས་མ་བཤིག་ནས་ཁོག་ལྡེར་ཁ་ལེབ་བཟོས་པ་ཡིན། ལྟོས་དང་། ཁོག་ལྡེར་ཁ་ལེབ་འདིར་ན་ཡོད།ཅེས་བཤད།

       阿古顿巴十分惊讶:“大人啊,您说什么?我用那些木料做好了门,问你还要做什么,你说做一扇窗户,但没再给我木料,我只好把门拆了做窗户;然后又把窗户拆了做锅盖;把锅盖拆了做茶壶盖,瞧,茶壶盖就在这里了。”

 

       ཨ་ཁུ་སྟོན་པས་བཤད་རྗེས། ཁོག་ལྡེར་ཁ་ལེབ་ཆུང་ཆུང་དེ་ག་ལེ་ཕྱུག་པོར་སྤྲོད། ཕྱུག་པོ་ལས་ངན་དངོས་གནས་ལྷའི་ཞིང་ཁམས་ནས་དམྱལ་ཁམས་སུ་ལྷུང་བ་དང་གཉིས་མེད། ཁོང་ཁྲོ་མེ་ལྟར་འབར། འོན་ཀྱང་གནས་ལུགས་བཤད་ས་གང་ཡང་མ་རྙེད། རྒྱུ་མཚན་དེ་ཁོ་རང་གིས་དངོས་སུ་ཤིང་ཆ་དེ་ཙམ་མ་གཏོགས་སྤྲོད་མེད་པའོ།།

       阿古顿巴说完,便把小小的茶壶盖交给了富人。富人仿佛从天堂坠到了地狱。气得两眼冒火,却无从说理,因为自己确实只给了这么多木料。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4