【第246期】心田上的百合花开

文章摘要:它的内心深处,有一个内在的纯洁的念头:“我是一株百合,不是一株野草。惟一能证明我是百合的方法,就是开出美丽的花朵。”


སེམས་ཁྲམས་ཀྱི་ལུག་མཉེ་མེ་ཏོག་བཞད་པ།
心田上的百合花开

ལིན་ཆུན་ཞན།
林清玄

         ཐག་རིང་དབེན་གནས་ཞིག་གི་ལུང་ཁུག་ནང་དུ། མཐོ་ཚད་ཁྲི་སྟོང་ཕྲག་ཁ་ཤས་ཀྱི་བྲག་རི་གཟར་པོ་ཞིག་ཡོད། དུས་ནམ་ཞིག་ཡིན་པ་མི་ཤེས། བྲག་ངོས་སུ་ལུག་མཉེ་མེ་ཏོག་ཆུང་ཆུང་ཞིག་སྐྱེ་འདུག ལུག་མཉེ་མེ་ཏོག་ཐོག་མར་སྐྱེས་དུས། རྩྭ་ཡན་ཞིག་དང་གཉིས་སུ་མི་འདུག འོན་ཀྱང་། ཁོའི་སེམས་སུ་རང་རྩྭ་ཡན་མིན་པའི་ཡིད་ཆེས་ཡོད། ཁོའི་སེམས་གཏིང་དུ་རྣམ་དག་གི་རེ་བ་ཞིག་ཡོད་ལ། ང་རང་ལུག་མཉེ་མེ་ཏོག་ཅིག་ཡིན་ལ། རྩྭ་ཡན་ཞིག་མིན་པ་དེ། རང་ལུག་མཉེ་ཡིན་པ་བདེན་དཔང་བྱ་ཐུབ་པའི་ཐབས་ཤེས་ཁོ་ན་སྟེ། མཛེས་སྡུག་ལྡན་པའི་མེ་ཏོག་བཀྲ་བ་དེའོ།། རེ་བ་འདི་ཡོད་པས། ལུག་མཉེས་ཧུར་བརྩོན་གྱིས་ཆུ་རླན་དང་ཉི་འོད་བསྡུ་ལེན་བྱས་ལ། རྩ་བ་གཏིང་ཟབ་པོར་རྒྱས། བློ་སྟོབས་ཆེར་སྐྱེད་ཀྱིས་འཚོ་བ། མཐར་དཔྱིད་ཀ་ཞིག་གི་ཞོགས་པར། ལུག་མཉེའི་རྩེ་ལ་ཐིའུ་དང་པོ་དེ་སྐྱེས།
        在一个偏僻遥远的山谷里,有一个高达数千尺的断崖。不知道什么时候,断崖边上长出了一株小小的百合。 百合刚刚诞生的时候,长得和杂草一模一样。但是,它心里知道自己不是一株野草。 它的内心深处,有一个内在的纯洁的念头:“我是一株百合,不是一株野草。惟一能证明我是百合的方法,就是开出美丽的花朵。” 有了这个念头,百合努力地吸收水分和阳光,深深地扎根,直直地挺着胸膛。终于在一个春天的清晨,百合的顶部结出了第一个花苞。

          ལུག་མཉེའི་སེམས་སུ་དགའ་སྤྲོ་ཆེ་པོ་བྱུང་། འོན་ཏེ་ཉེ་འགྲམ་གྱི་རྩྭ་ཡན་རྣམས་དེ་ལྟར་མིན། ཁོ་ཚོས་ལྐོག་ཏུ་ལུག་མཉེ་ལ་འཕྱ་དགོད་བྱས་ནས། ལྟས་ངན་འདི་རྩྭ་ཡན་ཞིག་གསལ་པོ་ཡིན་བཞིན་དུ། རང་མེ་ཏོག་ཅིག་ཡིན་པ་བཤད། ཁོས་ངོ་མ་རང་མེ་ཏོག་ཅིག་ཡིན་སྙམ་འདུག ངས་བལྟས་ན་ཁོའི་རྩེར་སྐྱེ་པ་དེ་ཐིའུ་ཡིན་ས་མ་རེད། མགོར་ཤ་སྐྲན་སྐྱེ་པ་ཡིན་ངེས་རེད། ཅེས་དམན་པ་དང་ཡང་མི་མང་འདུས་སར་ཁོ་ཚོས་ལུག་མཉེ་ལ། ཁྱོད་ཀྱིས་རྨི་ལམ་མ་རྨི། གལ་ཏེ་ཁྱོད་ཀྱིས་དངོས་གནས་མེ་ཏོག་བཞད་ཐུབ་ནའང་། ས་སྟོང་ལུང་པ་འདིའི་ནང་དུ། ཁྱོད་ཀྱིས་རིན་ཐང་ངེད་ཚོ་དང་གཅིག་པ་ཡིན། ཞེས་འཕྱ་སྨོད་བྱས། 
   百合的心里很高兴,附近的杂草却很不屑,它们在私底下嘲笑着百合:“这家伙明明是一株草,偏偏说自己是一株花,还真以为自己是一株花,我看它顶上结的不是花苞,而是头脑长瘤了。” 公开场合,它们则讥讽百合:“你不要做梦了,即使你真的会开花,在这荒郊野外,你的价值还不是跟我们一样。”

         ལུག་མཉེས་འདི་ལྟར་ན་རེ། ངས་མེ་ཏོག་ཤར་དགོས་པ་དེ། རང་ལ་མཛེས་ལྡན་གྱི་མེ་ཏོག་ཡོད་པ་ཤེས། ངས་མེ་ཏོག་ཤར་དགོས་པ་དེ། རང་མེ་ཏོག་ཅིག་ཡིན་པས་གཟི་བརྗིད་ལས་འགན་དེ་འགྲུབ་པས་ཕྱིར། ངས་མེ་ཏོག་ཤར་དགོས་པ་དེ། མེ་ཏོག་གིས་རང་གནས་འདུག་པ་མཚོན་བྱེད་ལ་དགའ་བས་རྐྱེན། སུ་ཞིག་གིས་སྤྲོ་སྣང་བྱེད་ན་འདྲ་མི་བྱེད་ཀྱང་འདྲ། ཁྱོད་ཚོས་ང་ལ་ལྟ་ལུགས་ཇི་འདྲ་འཛིན་ཀྱང་། ངས་མེ་ཏོག་བཞད་ཏན་ཏན་ཡིན། ཅེས་བློ་རྩ་བརྟན་པོས་བཤད། 
  百合说:“我要开花,是因为我知道自己有美丽的花;我要开花,是为了完成作为一株花的庄严使命;我要开花,是由于自己喜欢以花来证明自己的存在。不管有没有人欣赏,不管你们怎么看我,我都要开花!”

          རྩྭ་ཡན་གྱི་སྣང་ཆུང་འོག་ཏུ། ལུག་མཉེའི་ཧུར་བརྩོན་གྱིས་སེམས་ཁོང་གི་ནུས་ཚད་ཐོན། མཐར་ཉིན་ཞིག་ལ། ཁོར་ད་གཟོད་མེ་ཏོག་ཤར་སོང་། ཁོའི་སྤྱང་རིག་ལྡན་པའི་དཀར་གཙང་དང་མཛེས་ལྡན་ཀྱི་སྒེག་ཉམས་དེ། བྲག་གཟར་ཀྱི་ངོས་སུ་ཆེས་མཛེས་པའི་ཁ་མདོག་ཏུ་གྱུར། སྐབས་འདིར། རྩྭ་ཡན་གྱིས་ད་གཟོད་འཕྱ་དགོད་བྱེད་མི་ཕོད་པར་འགྱུར། ལུག་མཉེ་མེ་ཏོག་གཅིག་ནས་གཅིག་ཏུ་འབྱེད་པ། མེ་ཏོག་གི་སྟེང་དུ་ཉིན་བཞིན་འོད་ཆིལ་ཆིལ་གྱི་ཟིལ་ཐིགས་ཆགས། རྩྭ་ཡན་རྣམས་ཀྱིས་དེ་ནི་དོ་དགོང་གི་ཟིལ་ཐིགས་ཡིན་སྣང་ཤར། འོན་ཀྱང་ལུག་མཉེ་ཁོ་ནའི་ཤེས་པ་སྟེ། དེ་ནི་ཆེས་ཟབ་ཅིང་བརྟན་པའི་སྤྲོ་བའི་འགྲིལ་པས་མཆི་མ་ཡིན་ནོ།། ལོ་རེའི་དཔྱིད་ཀར། ལུག་མཉེས་ཧུར་བརྩོན་གྱིས་མེ་ཏོག་བཞད་པ་དང། འབྲས་བུ་འདོགས་པ། ཁོའི་འབྲས་བུ་རླུང་དང་བསྟུན་ནས། ལུང་ཁུག་དང་། རྩྭ་ཐང་། བྲག་རིའི་ངོས་ལ། གང་ས་གང་དུ་དཀར་གཙང་གི་ལུག་མཉེ་མེ་ཏོག་བཀྲ།
   在野草的鄙夷下,野百合努力地释放内心的能量。有一天,它终于开花了。它那灵性的洁白和秀挺的风姿,成为断崖上最美丽的颜色。这时候,野草再也不敢嘲笑它了。百合花一朵一朵地盛开着,花朵上每天都有晶莹的水珠,野草们以为那是昨夜的露水,只有百合自己知道,那是极深沉的欢喜所结的泪滴。年年春天,野百合努力地开花、结籽。它的种子随着风,落在山谷、草原和悬崖边上,到处都开满洁白的野百合。

          ལོ་བཅུ་ཕྲག་གི་རྗེས་སུ། སྤྱི་ལེ་བརྒྱ་ཕྲག་ལྷག་རིང་བའི་ས་གཞན་པའི་མི་རྣམས། གྲོང་ཁྱེར་ནས། གྲོང་གསེབ་ནས། ཐག་ཧ་ཅང་རིང་བའི་ས་ནས་ལུག་མཉེ་མེ་ཏོག་ལ་མཇལ་བ་ཡོང་། བྱིས་པ་རྣམས་ཀྱིས་པུས་མོ་ས་རུ་བཙུགས་ནས། ལུག་མཉེའི་དྲི་བསུང་སྣོམ། དགའ་གྲོགས་མང་པོས་ཕན་ཚུན་འཁྱུད་ནས། ལོ་བརྒྱའི་སྨོན་ཚིག་འཇོག མི་གྲངས་མེད་ཀྱིས་འདི་འདྲ་མཛེས་པའི་རྣམ་པ་གཏན་ནས་མཐོང་མ་མྱོང་བས། སེམས་འགུལ་ཆེན་པོ་ཐེབས་སོང་། སེམས་གཏིང་གི་ཆེས་ཞི་དུལ་གྱི་ཟུར་དེར་ཕོག
   几十年后,远在百里外的人,从城市,从乡村,千里迢迢赶来欣赏百合开花。许多孩童跪下来,闻嗅百合花的芬芳;许多情侣互相拥抱,许下了“百年好合”的誓言;无数的人看到这从未见过的美,感动得落泪,触动内心那纯净温柔的一角。

          གཞན་གྱིས་ཇི་ལྟར་ལོངས་སུ་སྤྱོད་ཀྱང་། རི་ལུང་ཀུན་ཏུ་ཁྱབ་པའི་ལུག་མཉེ་མེ་ཏོག་རྣམས་ཀྱིས་ལུག་མཉེ་དང་པོའི་བཀའ་སློབ་སེམས་སུ་བཟུང་ཡོད། ངེད་ཚོས་སེམས་གཅིག་བློ་གཅིག་གིས་འཇམ་ཐིང་ངེར་མེ་ཏོག་བཞད་ནས། མེ་ཏོག་གིས་རང་གི་རིན་ཐང་མཚོན་དགོས། ཞེས་པ་དེའོ།།
     不管别人怎么欣赏,满山的百合花都谨记着第一株百合的教导:“我们要全心全意默默地开花,以花来证明自己的存在。” 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4