【第245期】阿古顿巴的故事:阿古顿巴和僧人

文章摘要:有母子俩,阿妈得了重病,儿子请来一个僧人打卦。僧人胡乱打了一卦,说这卦很好,只要请他念几天经,驱除了病魔,病人就可以转危为安。

ཨ་ཁུ་སྟོན་པ་དང་གྲྭ་པ་གཉིས།

阿古顿巴和僧人


       སྔོན་མར་མ་ཞིག་དང་བུ་ཞིག་ཡོད། མ་རྒན་དེར་ནད་ཚབས་ཆེན་ཕོག་པས། བུ་ཡིས་དགེ་འདུན་པ་ཞིག་མོ་འདེབས་པར་གདན་ཞུ། གྲྭ་པ་དེས་རང་སྣང་གང་ཤར་གྱིས་མོ་ཞིག་བཏབ་སྟེ། ད་དུང་མོ་འདི་ཧ་ཅང་གྲོགས་བཟང་པོ་ཞིག་རེད་འདུག ཁོས་ཆོས་འདོན་ཉིན་འགའ་ཤས་བྱེད་ན། ནད་བདག་ཕུད་ཐུབ་ངེས། དེས་ན་ནད་པ་མགྱོགས་པོར་དྲག་ངེས་རེད།ཅེས་རྫུན་བཤད། བུ་ཡིས་བདེན་པར་འཛིན་ནས། དངུལ་དང་མར། ནས་སོགས་མང་དུ་བསྐྱིས་ནས་གྲྭ་པར་འབུལ། འོན་ཏེ། གྲྭ་པས་ཁ་འདོན་བྱེད་མུས་སུ། མ་རྒན་ཚེ་ལས་འདས་སོང་། བུར་སྐྱོ་སྣང་ཆེན་པོ་སྐྱེ་བས། གྲྭ་པར་རྩད་འདྲི་བྱས། ཁོར་འཚེར་སྣང་གྲངས་མེད་སྐྱེ། གློ་བུར་དུ་སྒེའུ་ཁུང་ནས་བྱ་ཕུག་རོན་ཁ་ཤས་འཕུར་སོང་བ་མཐོང་། དེ་བས་མྱུར་དུ། ཁྱོད་ཀྱིས་ཨ་མ་བྱ་ཕུག་རོན་ཞིག་ལ་སྤྲུལ་ནས་ནམ་མཁར་འཕུར་སོང་།ཞེས་མགོ་གཡོག་བྱས། བུ་དེའི་ཐོས་རྗེས། ད་དུང་ནམ་མཁར་ཕྱག་འཚལ་བ་དང་སྨོན་ལམ་འདེབས།
      有母子俩,阿妈得了重病,儿子请来一个僧人打卦。僧人胡乱打了一卦,说这卦很好,只要请他念几天经,驱除了病魔,病人就可以转危为安。儿子信以为真,借了许多银元、酥油和青稞,作为给僧人的报酬。可是,正当僧人念经的时候,阿妈却断气了。儿子非常悲痛,便责问僧人。僧人很难为情,忽然从窗口看见几只鸽子飞过,于是便欺骗说:“你的阿妈已经变成鸽子飞上天了。”儿子听了,还急忙对天叩头祈祷。

        ཨ་ཁུ་སྟོན་པས་དོན་འདིར་ཤེས་རྗེས། ཁོང་ཁྲོ་མེ་ལྟར་འབར། ཐབས་སྤྱོད་ནས་གྲྭ་པར་དེར་རྩེད་ངན་ཞིག་བྱ་དགོས་བསམ། ཁོ་དགོན་པ་ནང་དུ་སོང་ནས་གྲྭ་པ་དེ་ལ། ངའི་ཨ་མ་རྒས་སོང་བས་ཁྱིམ་དུ་ཁ་འདོན་བྱ་མཁན་ཕེབས་རོགས་ཞེས་ཞུ། གྲྭ་པས་འོ་ཡ་ཞེས་ཨ་ལན་ལེན་ཞོར་དུ། ཨ་ཁུ་སྟོན་པ་དང་མཉམ་དུ་ལམ་ལ་བསྐྱོད། གྲྭ་པས་ཨ་ཁུ་སྟོན་པའི་དགོད་གཏམ་བཤད་མཁན་པ་ཤེས་བས། ཡ་ད་ཁྱོད་ཀྱིས་ཁ་མཚར་ཞིག་བཤད་དང་། ཨ་ཁུ་སྟོན་པས། ཨ་མ་ཁྱིམ་ནང་དུ་རྒས་སོང་། ཁ་མཚར་བཤད་པའི་སེམས་ཡོད་རྒྱུ་ཨེ་རེད་ཅེས་ལན་སློག ཁྱིམ་དུ་སླེབས་རྗེས། གྲྭ་པས་ཨ་མ་གང་དུ་ཡོད་པ་དྲིས། ཨ་ཁུ་སྟོན་པས་པགས་ཚར་གྱིས་བཀབ་ཡོད་པའི་དངོས་པོ་ཞིག་ལ་མཛུབ་མོ་བཙུགས་ནས། འདིར་རེད་ཅེས་སྟོན། གྲྭ་པས་པགས་ཚར་ཡར་འགྱོག་དུས་བྱ་ཕུག་རོན་ཞིག་མ་གཏོགས་མི་མཐོང་བས། ཁོ་ལ་རྩད་འདྲི་བྱས། ཨ་ཁུ་སྟོན་པས་འདི་ལྟར་བཤད། ཨ་ཙི། ངས་མ་རྒན་བྱ་ཞིག་ལ་སྤྲུལ་སོང་། གྲྭ་པས་ཐོས་རྗེས་མིག་ར་དམར་ཞིང་ངོ་གདོང་མཚལ་གྱི་མདོག་དང་འདྲ། སྐད་ཆ་ཅི་ཡང་བཤད་རྒྱུ་མ་ལེན། ཨ་ཁུ་སྟོན་པ་ཁྲེལ་དགོད་བྱེད་ཞོར་དུ། ཁྱོད་ཀྱིས་ད་གིན་ངར་ཁ་མཚར་བཤད་ཤོག་མ་ཟེར་རམ། ད་འདིར་ལས་འཚར་བའི་གཏམ་ཞིག་གང་ན་ཡོད། ཅེས་བཤད། གྲྭ་པ་ངོ་ཚ་ནས་གདོང་སྟོན་མི་ཐུབ་པ་གྱུར། ཡིད་མུག་ངང་ཨ་ཁུ་སྟོན་པའི་ཚང་ནས་བུད། ཕྱིར་དགོན་པ་སླེབས་རྗེས། བསམ་བློ་ཇི་ཙམ་གཏོང་ན་དེ་ཙམ་གྱིས་སྤྲོ་ལངས་བས། སེམས་ཐག་གིས་ཨ་ཁུ་སྟོན་པར་འཁོན་ལན་སློག་པའི་འདས་རྒྱག། སྟབས་འཁེལ་བར་ཨ་ཁུ་སྟོན་པས་དགོན་པ་ནས་ཟངས་ཆེན་ཞིག་གཡར་སོང་། དེ་བས་ཁོས་ཨ་ཁུ་སྟོན་པ་ཟངས་ཆེན་ཕྱིར་སྤྲོད་ཡོང་དུས། ཁྱི་གཏང་ནས་འགྲད་བཅུག་པའི་བློ་ངན་དྲན། 
        阿古顿巴知道这事后,非常气愤,决计整整那个僧人。他到寺里请那个僧人,说自己母亲死了要念经。僧人答应了,跟着阿古顿巴一同上路。僧人知道阿古顿巴是个善于说笑话的人,就对他说:“说个笑话给我听吧!”阿古顿巴说:“母亲死在家里,我哪有心思说笑话呢!”到了家里,僧人问道:“你母亲在哪里呢?”阿古顿巴指着一件皮袄盖着的东西说:“就在这里!”僧人掀开皮袄一看,只有一只鸽子,于是便责问他。阿古顿巴说惊讶的说:“我母亲变成鸽子了!”僧人羞得面红耳赤,半天说不出话来。阿古顿巴又说:“你刚才不是要我说笑话么?这是多好的一个笑话呀!”僧人羞得无地自容,懊恼地离开了阿古顿巴的家。回到寺里,僧人越想越气,决心要报复阿古顿巴一下。正巧阿古顿巴借了寺里的一口锅,于是他便打算在阿古顿巴来还锅的时候,就放狗咬他!

         ཉིན་འགའ་ཤས་འགོར་རྗེས། ཟངས་ཆེན་ཕྱིར་སྤྲོད་པའི་ཉི་མོར་སླེབས། ཨ་ཁུ་སྟོན་པས་ལྕགས་འབིག་གིས་ཟངས་ཆེན་གྱི་སྟེང་དུ་བུ་ག་ཁ་ཤས་ཕུག་སྟེ། ཟངས་ཆེན་དེ་མགོ་ལ་ཁུར་ནས་དགོན་པར་སོང་། དགོན་པའི་སྒོ་ཆེན་དུ་སླེབས་མ་ཐག གྲྭ་པས་མྱུར་དུ་ཁྱི་ངན་བཞི་གཏོང་། ཨ་ཁུ་སྟོན་པ་དལ་དལ་ལྷོད་ལྷོད་ཀྱིས་ས་ལ་བསྡད་དེ། ཟངས་ཆེན་གྱིས་ལུས་པོ་མར་འགེབ། ཟངས་ཆེན་ལ་བུ་ག་ཡོད་པས། ཕྱིའི་གནས་ཚུལ་ཚང་མ་མིག་ནང་དུ་ཆས་ལ། དབུགས་ཀྱང་འབྱིན་རྔུབ་བྱེད་ཐུབ། ཁྱི་ངན་ཚོས་སྨྱོན་པ་འདྲ་ཟངས་ཆེན་སྟེང་དུ་ཅུང་ཙམ་འགྲད་ཀྱང་། ཨ་ཁུ་སྟོན་པར་གནོད་འཚེ་གང་ཡང་བཏང་མ་ཐུབ།
         过了几天,该还锅了。阿古顿巴用铁锥把锅底扎了好几个洞,然后把锅顶在头上,到寺里来了。刚走到寺庙་门口,僧人立刻放出四条恶狗,阿古顿巴却不慌不忙地往地上一蹲,用大锅把全身盖住。锅口有洞,能看见外面的情形,又不闷气。四条恶狗在锅上乱咬了一阵,一点儿也没有伤着阿古顿巴。

        ཁྱི་ངན་དེ་ཚོ་འགྲོ་རྗེས། ཨ་ཁུ་སྟོན་པས་ཟངས་ཆེན་ཁུར་ནས་གྲྭ་པར་ཕྱིར་སྤྲོད་དེ་འདི་ལྟར་བཤད། ཁྱོད་ཚོས་ཡིད་གཟབ་བྱ་དགོས་ས་རེད་ཡ། ད་ཁྱི་ཡག་པོ་མ་འཆིང་པས། ཟངས་ཆེན་ལ་སྐྱོན་ཤོར་ཆེན་པོ་འདི་འདྲ་བཏང་སོང་། ཨ་ཁ་ཁ། དངོས་གནས་སེར་སྣ་ཆེན་པོ། ཞེས་བཤད་ཞོར་དུ་ཟངས་ཆེན་དེ་གར་བཞག་སྟེ་ཁྱིམ་དུ་སོང་། གྲྭ་པ་རྣམས་ཀྱིས་ཐོས་ཚེ་ག་བེད་འདི་བེད་མི་ཤེས་པར་གཅིག་གིས་གཅིག་ལ་བལྟས་ནས་སྡོད། 
        等恶狗跑开后,阿古顿巴把锅顶到寺里还给僧人,说:“你们太大意了,不把狗拴好。看,把锅咬了这么多洞,真是太可惜啦!”说着便惋惜的摇着头走了。僧人们听了,只得面面相觑。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4