【第244期】美的导师

文章摘要:有很多不同的方法,不同的途径,我们先从最容易,最直接的做起。就是:多带他们接近大自然。

མཛེས་ཀྱི་སློབ་དཔོན།

美的导师

ཞི་མུའུ་རོང་།
席慕蓉

 

        ངེད་ཚོ་ཁོའི་“མཛེས་ཀྱི་སློབ་དཔོན་”བྱེད་དགོས།

       让我们来做他的“美的导师”。  

       བློ་ཐབས་འདྲ་མིན་གང་མང་ཡོད་ལ། ཐབས་ལམ་འདྲ་མིན་གང་མང་ལྡན་ཡང་། ངེད་ཚོས་ཆེས་སླ་ཤོས་དང་། ཆེས་ཐད་ཀའི་ཕྱོགས་ནས་མགོ་ཚུགས། དེ་ནི། ཁོ་ཚོར་རང་བྱུང་ཁམས་དང་ཉེ་པོ་མང་དུ་བྱེད་བཅུག་པ་དེའོ།།

  有很多不同的方法,不同的途径,我们先从最容易,最直接的做起。就是:多带他们接近大自然。

       བྱིས་པའི་རི་མོར་ལྟ་ཞིབ་བྱས་ན། ངེད་ཚོས་ཤེས་ཐུབ་པ་སྟེ། བྱིས་པ་ལོ་ཅི་ཚོད་ཆུང་ན། རང་བྱུང་ཁམས་ལ་ཡིད་སྨོན་དེ་བས་ཆེ། ཁོ་ཚོས་རི་མོའི་བརྗོད་བྱ་སྙིང་པོ་ཁོ་རང་ཉིད་ཡིན་རུང་། རི་མོའི་ཚང་མས་ནང་དུ། ནམ་ཡང་ཉི་མ་ཞིག་དང་། རི་བོ་ཞིག ཡང་ན་མེ་ཏོག་ཞིག་འབྲི་རྒྱུ་གཏན་ནས་བརྗེད་མི་སྲིད། 

  观察儿童画,我们可以发现,越年幼的孩子,对自然界的向往越大。他们作画的题材虽然以小我为中心,但是,每一张图上,总不会忘记加上一个太阳公公、一座山或者一朵小花。

        རང་བྱུང་ཁམས་ཀྱི་ཡོད་ཚད་དེ་གསར་རྩོམ་གྱི་འབྱུང་ཁུངས། ཕྲུ་གུ་རྣམས་ལ་ཤེས་ཚོར་རྣོན་པོའི་སེམས་རེར་ཡོད། ལོ་ཆུང་སྐབས་ཀྱི་དྲན་ཤེས་ཚང་མ་སེམས་ནང་དུ་ཟབ་མོར་ཟུག་ནས་འདུག ཉིན་གཅིག ཉིན་གཉིས། ལོ་གཅིག ལོ་གཉིས། ཕྱི་ཚུལ་ནས་མི་འདྲ་བ་ཞིག་ཧ་ལམ་མཐོང་རྒྱུ་མེད་རུང་། ངས་ཁྱོད་ལ་ཁས་ལེན་ཐུབ་པ་ནི། ཁྱོད་ཀྱིས་དཀའ་སྤྱད་དང་ཁྱོད་ཀྱི་ཧུར་བརྩོན་དེ་ཆུད་ཟོས་སུ་མི་འགྲོ་བ་ཏན་ཏན་ཡིན། 

  自然界的一切都是创作的泉源,孩子们有一颗敏锐易感的心,幼年时一切的记忆都会深深地留在心中。一天、两天,一年、两年,表面上也许看不出来有什么不一样,不过,我可以向你保证,你的苦心和你的努力绝对不会白费的。

   དེ་ཡང་འབྲེལ་བ་འདི་འདྲ་ཞིག་ཇི་ལྟར་ཆགས་བཅུག་དགོས་ཤེ་ན། ངས་བསམ་ཚུལ་ཏེ། ཕྲུ་གུ་ཁང་པའི་ཕྱིར་དུ་ཉི་འོད་ལོངས་སུ་སྤྱོད་ཐུབ་པའི་སྐབས་ནས་ཡིན་ཆོག ཡང་ན། གལ་ཏེ་ཁྱོད་མངལ་གནས་སློབ་གསོར་ཡིད་ཆེས་ན། ཁྱོད་ཀྱིས་དེ་བས་སྔར་ནས་འགོ་ཚུགས་ཆོག དཔེར་ཁྱིམ་གྲོང་གསེབ་ཏུ་གནས་ཡོད་པ་དང་། ཡང་ན་གྲོང་འདབས་སུ་གནས་ཡོད་ན། གནད་འགག་དེ་ཙམ་ཡོད་མི་འདུག འོན་ཀྱང་གལ་ཏེ་ཁྱིམ་གྲོང་ཁྱེར་དུ་གནས་ཡོད་ན། ཨ་མར་དཀའ་ལས་ཅུང་ཙམ་ཡོད་རྒྱུ་རེད།

  至于如何培养这种接触呢?我想,从婴儿能够出户接受日光浴时便可开始了。当然,假如你相信胎教的话,那么,你可以开始得更早。假如家居在乡下,或者近郊,那比较没有问题,但是假如家居在闹市里,做母亲的就要稍微辛苦一点了。

        བུད་མེད་རྩོམ་པ་པོ་ཞིག་ཡོད། ཁོས་ཕྲུ་གུ་ལོ་ཧ་ཅང་ཆུང་དུས། ཁྱིམ་ཐེན་པེའི་རྩི་ཤིང་ལྡུམ་རའི་ཉེ་འགྲམ་དུ་ཡོད་པས། རྒྱུན་དུ་ཕྲུ་གུ་ཁྲིད་ནས་དེ་གར་འཆམ་འཆམ་དུ་འགྲོ་བ། འཆམ་འཆམ་བྱས་པའི་སྐབས། ལོ་ཆུང་བའི་ཕྲུ་གུར་རྩི་ཤིང་རིགས་གཅིག་གཉིས་ཙམ་ངོས་འཛིན་བྱས་པར་བསླབས། མིང་དབྱེ་འབྱེད་ཙམ་ལས་མ་ཚད། ད་དུང་མེ་ཏོག་དང་། ལོ་མ། ཡལ་ག་སོགས་ཀྱི་ཁྱད་པར་ཡང་ཞིབ་མོར་ལྟ་ཞིབ་བྱས་བཅུག བྱིས་པ་འཚར་ལོངས་བྱུང་རྗེས། ཨ་མ་སྐུ་ཚེ་ལས་འདས། བྱིས་པ་དེས་ཨ་མ་རྗེས་དྲན་ཀྱི་ཡི་གེའི་ནང་དུ་ཁས་འདི་ལྟར་བླངས་ཏེ། ཨ་མ་དང་མཉམ་དུ་སྤྲོ་སྐྱིད་ལྡན་པའི་ནམ་ཟླ་མང་པོ་སྤྱོད་ཀྱང་། ཆེས་བརྗེད་དཀའ་བ་ནི། བྱིས་དུས་སྐབས་སུ་རྩི་ཤིང་ལྡུམ་རའི་ནང་དུ་འཆམ་འཆམ་འགྲོ་བ་དེའོ།།

  有一位女作家,在孩子幼时,因为家居在台北植物园附近,她常常带着孩子去散步。在散步时,总会教年幼的孩子辨认一两样植物,除了辨认名称以外,还仔细观察花、叶、枝的不同。孩子长大以后,母亲逝世了,这个孩子在追念母亲的文字之中承认:虽然和母亲度过了很多快乐的时光,但是最难忘的,仍然是幼年时在植物园中的散步。

       བསམ་བློ་ཞིག་ཐོངས་དང་། ལོ་གཞོན་པའི་ཨ་མ་ཞིག་གིས། ཕྲུ་གུའི་ལག་ཆུང་མཉེན་མོར་ལ་འཇུ་ནས། ལྗོན་པའི་བསིལ་གྲིབ་གྱི་འོག་ཏུ་བག་ཕེབས་ངང་དལ་མོར་འགྲོ་བ། འགུལ་བསྐྱོད་འདིར་མ་གཞི་ནས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཡིན། ཨ་མས་ཀྱང་འདིའི་ཁྲོད་ནས་སྤྲོ་སྐྱིད་མང་དུ་ཐོབ་ཐུབ་ན། ད་དུང་འཚར་ལོངས་མེད་པའི་ཚོར་སྐྱེན་ཆེ་བའི་སེམས་པ་ནི་དེ་ལས་ཀྱང་ལྟ་ཅི་སྨོས། 

  试想一下,一个年轻的母亲,牵着幼儿稚嫩的小手,在绿荫深处漫步,这个行动的本身就是一幅美丽的图画。母亲从其中也能得到很大的快乐,更何况幼小的敏感的心灵呢?

        ཡིན་ཡང་ཨ་མ་ཁ་ཤས་ཀྱིས་བསམ་ན། འདི་ནི་མི་སྲིད་པ་རེད། རྒྱུ་མཚན་ཏེ་གཅིག་ནས་དུས་ཚོད་མེད་ལ། གཉིས་ནས་རྩི་ཤིང་ལྡུམ་རའི་ཉེ་འགྲམ་དུ་བསྡད་མེད་པ། གསུམ་ནས་འཆམ་འཆམ་འགྲོ་བར་སོས་དལ་ཡོང་དགོས། འཚོ་བ་ནི་འདི་འདྲའི་བྲེལ་འཚུབ་ཆེ་ལ། ལས་ཀ་ནི་འདི་འདྲའི་ལྗིད་རྫོབ་ལྡན་པ། ཉིན་བཞིན་དུ་བྱིས་པ་ཁྲིད་ནས་འཆམ་འཆམ་འགྲོ་ཁོམ་གང་ན་ཡོད། ཁོ་ཚོར་ཟས་སྤྲོད་པ་དང་། ཁོ་ཚོར་གྱོན་ཆས་སྤྲོད་པ་ཙམ་ལས། དཀའ་ལས་ཁག་པོ་སྐྱེ་ཡོང་། 

  也许有些母亲认为,这是不可能的。因为第一没有时间,第二家不住在植物园附近,第三散步是需要闲情逸致的,生活这样紧张,工作这样繁重,哪能天天带孩子散步。给他们吃,给他们穿,就已经很费力了。

         ༼ཀྲུང་གོའི་ཨ་མའི་གཞི་ཡིག་༽ཅེས་པའི་རྩོམ་པ་པོ་ཀྲང་ཐན་ལིན་གྱིས་མི་རྣམས་ལ་བསམ་གཞིགས་ཟབ་པོ་གཏོང་དགོས་པའི་སྐད་ཆ་ཞིག་བཤད་མྱོང་། 

  《中国母亲底书》的作者张天麟先生,说了句很发人深省的话:

       ——ཀྲུང་གོར་རྒྱུ་མེད་པར་མི་སྐྲག་སྟེ་སེམས་དབུལ་པར་སྐྲག

  ——中国不患物贫而患心穷。

        སེམས་དབུལ་པ། ཇི་འདྲའི་སྐྲག་འོས་པའི་དོན་ཞིག་ཡིན་ནོ།། ཀྲུང་གོ་མིའི་འབོད་ཚིག་བཤད་ཧ་ཅང་མོས། དཔེར་ན། “ད་སྐབས་ཀྱི་བྱིས་པ། མ་འོངས་པའི་སྲོག་འཛིན།” “བྱིས་པ་ནི་མི་རིགས་ཀྱི་རེ་བའོ།།” ཞེས་པ་ལྟར། མི་དར་མ་ཞིག་ཡིན་ནས་མགོ་བོ་ལྕོག་ལྕོག་གིས་མོས་མཐུན། ད་དུང་ཡིད་ཆེས་བརྟན་པོ་ཡོད་རེད། འོན་ཀྱང་། མི་ཕལ་ཆེར་གྱིས་བྱིས་པའི་སེམས་པ་ཡི་བདེ་སྐྱིད་ལ་དོ་སྣང་མི་བྱ། ཆུ་མི་འདྲེན་པའི་མྱུ་གུ་དེ་ལེགས་པོ་སྐྱེ་ཐུབ་བམ།། 

  “心穷”!多么可怕的一件事。中国人很爱贴标语:“现在的儿童,就是将来的栋梁”。““儿童是民族的幼苗”。每个成人都会点头称是,并且也深信不疑。但是,却没有人,没有多少人会注意到儿童的心灵的充实。没有灌溉的幼苗会长得好吗?

        དོན་དངོས་སུ། བྱིས་པའི་དགོས་འདོད་དེ། ངེད་ཚོས་ཧ་ཅང་སྟབས་བདེ་ངང་ཁོ་ཚོའི་འདོད་བློ་ཚིམ་ཐུབ། དཔེར་ན་ཉིན་གཅིག་གི་ལས་ཀ་རྫོགས་རྗེས། ཕ་མ་རྣམས་ཀྱིས་བྱིས་པ་ཁྲིད་ནས་ཁྱིམ་ཉེ་འགྲམ་ལ་འཆམ་འཆམ་འདྲ་བྱེད་པ་དང་། ཉི་ཁྱམས་སུ་མེ་ཏོག་ལ་ཆུ་འདྲ་བླུག་པ། ཉིན་གཅིག་ནང་གིས་སྐར་མ་བཅུ་ཙམ་ལས་ཨེ་དགོས། གལ་ཏེ་ཉིན་བཞིན་ལག་ལེན་བྱེད་མི་ཐུབ་ཀྱང་། གཟའ་འཁོར་རེར་ཐེངས་གཅིག་གཉིས་ཙམ་ཡོད་ནའང་བཟང་པོ་འདུག བྱིས་པ་རྣམས་ཁྱོད་དང་མཉམ་དུ་འཇིག་རྟེན་འདིར་ལྟ་ཞིབ་དང་། རང་བྱུང་ཁམས་ཁོ་ཚོའི་སེམས་ནང་དུ་འགྲོ་ཆུག 

  其实,儿童所需求的,我们很容易就可以使他们满足。就像一天工作完毕后,父母可以带孩子们在家居的附近散一下步,在阳台上浇一下花。也许一天只要十分钟,假如不能天天实行的话,哪怕一个星期两次,一次也行。让孩子们和你一起观察这个世界,让大自然走进他们心中。

       བྱིས་པ་རྣམས་ཀྱིས་དཀའ་དྲིན་དྲན་ངེས་རེད།   

  孩子们会知道感激的。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4