【第243期】阿古顿巴的故事:空酒罐斟酒

文章摘要:阿古顿巴是远近闻名的人,很受百姓的爱戴,但是那些达官显贵可不待见他。所以经常得为了生计四处奔波。

ཆང་ཕོར་སྟོང་པའི་ནང་དུ་ཆང་དྲངས་པ།

空酒罐斟酒

 

      ཨ་ཁུ་སྟོན་པ་ནི་ཐག་ཉེ་རྒྱང་ཡོངས་ལ་སྙན་གྲགས་ཡོད་པའི་མི་ཞིག་ཡིན། མི་སེར་རྣམས་ཀྱི་དགའ་གུས་ཆེན་པོ་ཐོབ། ཡིན་ཡང་དཔོན་ཆེན་མི་དྲག་རྣམས་ཀྱིས་ཁོར་རྣམ་འགྱུར་ཡག་པོ་མི་འདུག དེ་བས་ནམ་རྒྱུན་འཚོ་ཚིས་སུ་གང་སར་མི་རྒྱུག་ཀ་མེད་བྱུང་། སྐབས་དེར། ཨ་ཁུ་སྟོན་པ་ས་བདག་ཅིག་གི་ཁྱིམ་དུ་གཡོག་པོ་བྱས་ནས་ཡོད། རྒྱུན་དུ་རང་འགན་གྱི་ལས་ཀ་ཧུར་བརྩོན་གྱིས་སྒྲུབ་ཀྱང་། ས་བདག་དེས་ནམ་ཡང་ཁོར་ངན་པ་བྱེད་ཡོང་། ཨ་ཁུ་སྟོན་པས་དེ་ལྟར་བསྲན་པ་ལས་ཐབས་གཞན་མེད། 

      阿古顿巴是远近闻名的人,很受百姓的爱戴,但是那些达官显贵可不待见他。所以经常得为了生计四处奔波。那时,阿古顿巴在一位地主家当佣人,平时做事也是勤勤恳恳,但这位地主时常刁难他,阿古顿巴却只得忍着。

 

      ཉིན་ཞིག་ལ། བདག་པས་ཨ་ཁུ་སྟོན་པར་ཆང་ཉོ་བར་མངགས། ཡིན་ཡང་དངུལ་མ་སྤྲོད། དེ་བས་ཨ་ཁུ་སྟོན་པས་འདི་ལྟར་བྲིས། དཔོན་པོ་ལགས། དངུལ་མེད་ན་ངས་ཆང་ཇི་ལྟར་ཉོ་དགོས།

      有一天,主人吩咐阿古顿巴去买酒,可是没有给钱。阿古顿巴就问道:“我的大人,没钱我怎么去买酒?”

 

       དངུལ་ཡོད་ན་སུས་ཉོ་མི་ཤེས། ངས་བསམ་ན་དངུལ་མེད་དེ་ཆང་ཉོ་རྒྱུ་ལོན་ན་ད་གཟོད་དངོས་གནས་ནུས་པ་ཡོད་མཁན་རེད་དྲན། ཞེས་བདག་པོས་རྣམ་འགྱུར་ངན་ངན་གྱིས་བཤད། 

     “有钱谁不会买?我想没钱能买到酒的话,那才算是一种本领!”主人不太高兴地说。

 

       ཅུང་ཙམ་མ་འགོར་བ། ཨ་ཁུ་སྟོན་པ་ཕྱིར་ལོག་སྟེ་བདག་པོ་ལ། དཔོན་པོ་ལགས། ཆང་ཉོ་རྒྱུ་ལོན་བྱུང་། ཁྱོད་ཀྱིས་བཞེས་དང་། ཞེས་བཤད་ཞོར་དུ་ཆང་ཡོད་མདོག་འཁྲབ་ནས་བདག་པོའི་ཆང་ཕོར་ནང་དུ་ཆང་བླུག བདག་པོའི་ཆང་ཕོར་ནང་དུ་ཆང་ཐིགས་ཤིག་ཀྱང་མེད་པ་མཐོང་དུས། སྐད་ཆེན་པོས། ཨ་གླེན་པ་ཁྱོད། འདིའི་ནང་དུ་ཆང་གང་ན་ཡོད།ཞེས་ཁོ་ལ་ཁ་རྡུང་གཏོང་།  

       过了一会儿,阿古顿巴从外面回来对主人说:“大人,酒已经买回来了,请喝吧!”并装作有酒的样子,往主人碗里斟酒。当主人发现酒罐里没有一滴酒时,大声骂道:“哼,笨蛋!这哪里有酒?”

 

        དཔོན་པོ་རིན་པོ་ཆེ་ལགས། གལ་ཏེ་ཆང་ཡོད་ན་སུས་འཐུང་མི་ཤེས། རེད་དེ་ངས་བསམ་ན་ཆང་ཕོར་སྟོང་པའི་ནང་ནས་ཆང་འཐུང་རྒྱུ་ལོན་ན། ད་གཟོད་འཇོན་ཐང་ངོ་མ་རེད་དྲན།ཞེས་ལན་རྒྱག

      “大人,要是有酒谁不会喝,不过我想从空酒罐里能喝到酒的话,更算是一种本领吧!”

 

      སྐད་ཆ་འདིར་གོ་རྗེས་བདག་པོ་ཁ་དིག་ལྕེ་ལྐུགས་གྱུར་ནས། ཨ་ཁུ་སྟོན་པར་བལྟས་ཏེ་ལན་ཅི་ཡང་རྒྱག་རྒྱུ་མ་རྙེད། 

     主人听到此话顿时哑口无言,瞪着阿古顿巴说不出话来。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4