【第242期】十四岁的画架

文章摘要:别人提到她总喜欢说她出身于师大艺术系,以及后来的比利时布鲁塞尔的皇家艺术学院,但她自己总不服气,她总记得自己十四岁


ལོ་བཅུ་བཞིའི་སྐབས་ཀྱི་འབྲི་སྒྲོམ།

十四岁的画架

ཞི་མུའུ་རོང་།

席慕蓉

 

       གཞན་གྱིས་ཁོང་གླེང་ན་དགེ་འོས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་ནས་ཡིན་ལ། དེ་རྗེས་པིན་ལིན་ཧྲི་་་པའོ་ལོ་སེན་གྱི་གོང་མ་ཚང་གི་སྒྱུ་རྩལ་སློབ་གླེང་ནས་མཐར་ཕྱིན་པ་ཡིན་ཞེས་བརྗོད། འོན་ཏེ་ཁོ་རང་ཉིད་དེར་ཡིད་མི་འཐད། ཁོས་ནམ་ཡང་རང་ལོ་བཅུ་བཞིའི་སྐབས། འབྲི་ཁུག་དང་འབྲི་སྒྲོམ་ཁྱེར་ཏེ། ཐེངས་དང་པོ་ཁྱིམ་དང་བྲལ་ནས། ཐན་པེན་དགེ་འོས་སློབ་ཆེན་གྱི་སྒྱུ་རྩལ་སྡེ་ཁག་ཏུ་སློབ་སྦྱོང་འགྲོ་སྐབས་ཀྱི་ནམ་ཟླ་དེ་སེམས་ལ་དྲན། སློབ་གྲྭ་དང་ཐོག་ནི་སློབ་ཆུང་དགེ་རྒན་དམིགས་སྒོའི་ཆེད་དུ་བཙུགས་པ་ཡིན། ཁྲིད་ཚན་ཡོངས་རྫོགས་རི་མོའི་སློབ་ཁྲིད་ཡིན་མི་རུང་། འོན་ཀྱང་ཁོས་ངལ་གསོ་དང་གུང་གསེང་གི་དུས་ཚོད་ཚང་མར་རི་མོ་འབྲི་ནས། ཤུགས་ཅིག་ཏུ་སློབ་གྲྭ་དེ་“སྒྱུ་རྩལ་སློབ་གྲྭ་”ཞིག་ཏུ་བྲིས།  


       别人提到她总喜欢说她出身于师大艺术系,以及后来的比利时布鲁塞尔的皇家艺术学院,但她自己总不服气,她总记得自己十四岁,背着新画袋和画架,第一次离家,到台北师范的艺术科去读书的那一段,学校原来是为训练小学师资而设的,课程安排当然不能全是画画,可是她把一切的休息和假期全用来作画了,硬把学校画成“艺术中学”。

  

       ལོ་རིམ་དང་པོར། དབྱར་གསེང་ད་དུང་སླེབས་མེད་པ། གནམ་གཤིས་ཚ་ངད་ཇེ་ཆེ་རུ་སོང་། མི་གཞན་རྣམས་སློབ་གྲྭའི་ནང་དུ་རི་མོ་འབྲི་ནས་འདུག ཁོ་སློབ་གྲོགས་རྣམས་དང་བྲལ་ནས། མི་གཅིག་རྐྱང་སློབ་གྲྭའི་རྒྱབ་ཏུ་སོང་། སྐབས་དེ་དུས་ཞི་བདེ་ཤར་ལམ་ནི་ཐང་ཆེན་མོ་ཞིག་ཡིན། ཁོས་གླན་གླེན་དུ་ཆུ་ལ་ལྟོས་ནས་སྔར་མུས་བཞིན་བཏང་སྟེ་ཧོན་འཐོར་བ། ཉིན་དགུང་ལ། ཉི་འོད་དྭངས་ཞིང་གསལ་ལ། ཆུ་བོའང་དྭངས་ཞིང་འཇམ་པ། ཁྱད་མཚན་གྱི་ལྡོག་གཟུགས་ཁ་ཤས་ཉི་འོད་དང་ཆུ་བོའི་ཉིས་བརྩེགས་ཀྱིས་གཡོ་བས་འོག་ཏུ་ཆུ་རྩ་བཞིན་སྐྱེ་བ། ཡོད་ཚད་དེ་ལྟར་འུར་སྒྲ་ཆེ་ལ། ཡང་ཡོད་ཚད་དེ་ལྟར་དབེན་ཞིང་འཇམ་པ། ཁོས་ང་མེད་ཀྱི་སྣང་བས་རི་མོ་འབྲི་བ། རང་ཉི་འོད་དང་གཅིག་ཏུ་སྒྲིལ་བའི་སྣང་བ་སྐྱེ་ལ། ཐ་ན་ཚ་བའི་ཚོར་བའང་མེད་པ་འགྱུར།  ས་རུབ་ནས་ཕྱིར་ཉལ་ཁང་དུ་སླེབས་དུས། ད་གཟོད་ཐོལ་གྱིས་རྔུལ་ལེན་གྱིས་དཔུང་པ་དམར་སྨུག་དང་དཀར་པོའི་མདོག་གཉིས་སུ་ཕྱེ་པ་མཐོང་། ཡ་མཚན་དགོས་པ་ནི། ཁོ་ལ་རླུང་འཚུབ་དང་ཉི་བསྲེགས་ཀྱི་ཚོར་བ་སྐྱེ་མེད། རྒྱུ་མཚན་འཆད་དགོས་ན་ཉིན་དེའི་ཕྱི་དྲོར་ཁོས་རང་ཉིད་ཀྱང་ཉི་མའི་རིགས་ཤིག་ཏུ་བརྩི་བ་དེ་ཁོ་ནའོ།། 

  一年级,暑假还没到,天却炎热起来,别人都乖乖的在校区里画,她却离开同学,一个人走到学校后面去,当时的和平东路是一片田野,她怔怔的望着小河兀自出神。正午,阳光是透明的,河水是透明的,一些奇异的倒影在光和水的双重晃动下如水草一般的生长着。一切是如此喧哗,一切又是如此安静,她忘我的画着,只觉自己和阳光已混然为一,她甚至不觉得热,直到黄昏回到宿舍,才猛然发现,短袖衬衫已把胳膊明显的划分成棕红和白色两部分。奇怪的是,她一点都没有感到风吹日晒,唯一的解释大概就是那天下午她自己也变成太阳族了。

  

         “ཨ་ཙི། སྐབས་དེའི་རང་ཉིད་ལ་དགའ་ཞེན་ཆེན་པོ་འདུག གལ་ཏེ་ངས་ཐོག་མཐར་བར་གསུམ་དུ་དེ་བཞིན་སྲོག་བློས་གཏོང་ན། ང་ད་ལྟའི་མི་འདི་ཕལ་ཆེར་ཡིན་རྒྱུ་མ་རེད།”

  “啊!我好喜欢那时候的自己,如果我一直都那么拼命,我应该不是现在的我。”

  

        ལོ་རིམ་བཞི་བར། སྲོལ་རྒྱུན་རི་མོའི་སློབ་དཔོན་ཆེན་མོ་ཧྥོང་ཞིན་ཧྲི་སློབ་ཁྲིད་འཚོགས་ཡོང་བ། དེ་ནི་ཁོའི་ཆེས་ཐ་མའི་ལོ་དེའོ།། སློབ་ཁྲིད་ད་དུང་མཇུག་རྫོགས་མེད་ཀྱང་། ཁོ་སྔར་ནས་ལྷོད་གཡེང་ཀྱིསའགྲོ་ཚར་སོང་། ཁོང་ཁྱད་མཚར་གྱི་དགེ་རྒན་ཞིག་ཡིན། ཁང་ཐོག་ཏུ་གཏན་ནས་འགྲོ་འདོད་མེད། སློབ་གྲྭ་ལའང་བློ་གཞན་མེད་པས་ཁོང་ལ་ཐབས་ཆག་བྱས་ཏེ། སློབ་མ་རྣམས་ཁང་བརྩེགས་གསུམ་པ་ནས་མར་མངགས། ཁོས་སློབ་ཁྲིད་བྱེད་སྐབས་ཕྱོགས་གཅིག་ཏུ་བ་དམ་བྱེ་རིམ་ཟ་བཞིན། ཕྱོགས་གཅིག་ནས། སུས་སྙན་ངག་བྲིས་ཡོད། སུས་སྙན་ཚིག་ཁ་རྐང་བྱས་ཡོད།ཅེས་དྲིས། ཁོས་མི་རྣམས་ལ་རྒྱལ་རབས་ལྔའི་དཔོན་ལུགས་བཤད་མོས་ལ། མི་རྣམས་ལ་གཞུང་བཞི་དང་བསྟན་བཅོས་ལྔ་ཡང་བཤད་མོས། རེད་དེ་ཏག་ཏག་རི་མོ་བཤད་འདོད་མེད། 

  大四,国画大师傅心畲来上课,那是他的最后一年,课程尚未结束,他已撒手而去。他是一个古怪的老师,到师大来上课,从来不肯上楼,学校只好将就他,把学生从三楼搬到楼下来,他上课一面吃花生糖.一面问:“有谁做了诗了?有谁填了词了?”他可以跟别人谈五代官制,可以跟别人谈四书五经谈诗词,偏偏就是不肯谈画。

         

        ཁོང་གིས་སྙན་ཚིག་བཤད་སྐབས་ནམ་ཡང་། སློབ་གྲོགས་རྣམས་ཀྱིས་ཞི་མུའུ་རོང་འོས་སྦྱོར་བྱེད། འཛིན་གྲྭའི་ནང་དུ་སྙན་ཚིག་ལ་ཞེན་མཁན་ཁོ་མ་གཏོགས་མེད། དེ་བས་དགེ་རྒན་ཧྥོང་ལགས་ཀྱིས་ཁོ་ལ་ལྟ་སྟངས་མི་འདྲ་བ་ཞིག་འཛིན། དེ་ཡང་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། ཁོང་གཉིས་ཀ་“གྲངས་ཉུང་མི་རིགས་”ཀྱི་ཁོངས་སུ་གཏོགས་ལ། གཉིས་ཀར་དགེ་རྒན་ཧྥོང་ལགས་ཀྱི་ཐམ་ཀ་ཆུང་ངུའི་དེའི་ཐོག་གི་“སྐུ་དྲུག་གི་སྲས་ཕྲུག་རྙིང་བ་”ཞེས་པའི་མིང་ཐོབ་ཡོད་པས་ཕྱིར། ཉིན་ཞིག་ལ། དགེ་རྒན་ཧྥོང་ལགས་སིང་ཁག་རྒྱས་ནས། སློབ་ཁྲིད་དངོས་ནས་“”ཞེས་པའི་ཡི་གེ་ཞིག་བྲིས་ནས་ཞི་མུའུ་རོང་ལ་སྦྱིན། བསམ་ཡུལ་ལས་འདས་པ་ནི་སློབ་གྲོགས་སྐྱེས་པ་ཞིག་འཕྲད་ནས་རྒྱུག་ཡོང་སྟེ་མྱུར་དུ་འཕྲོག་སོང་། བཤད་རྒྱུ་ཞིག་སྟེ། སློབ་མ་ཡིན་ཡང་། སྐབས་དེར་ཚང་མས་དགེ་རྒན་ཧྥོང་ལགས་ཀྱི་ཡི་གེ་ནི་“རིན་གོང་ལྡན་”པ་ཤེས། དགེ་རྒན་ཧྥོང་ལགས་དང་ཞི་མུའུ་རོང་གཉིས་ཀར་སྐྲག་སྣང་སྐྱེས། ཁོ་གཉིས་ཀྱིས་ཕན་ཚུན་ལ་གཅིག་བལྟས་ཏེ། སྐད་ཆ་ཅི་ཡང་མ་བཤད། དགེ་རྒན་གྱི་མིག་གིས་གཅིག་བལྟས་པ་དེས། ཨ་ཡ་མཚན། ངས་ཁྱོད་ལ་བྲིས་པ་ཡིན། ཁྱོད་ཀྱིས་ཚུར་མི་འཕྲོག་ནས་ཅི་ཡིན།ཞེས་ཟེར་བ་དང་འདྲ། རེད་དེ་ཁོའི་མིག་གི་རྣམ་འགྱུར་གྱིས། དགེན་ལགས། ཁྱོད་ཀྱིས་ཕྲན་ལ་ཚིག་དེ་འདྲ་བཟང་པོ་ཞིག་གིས་བརྗོད་པར་ངས་སེམས་གཏིང་ནས་དཀའ་དྲིན་ཆེ་ཞུ། ཁྱོད་ཀྱིས་ཕྲན་ལ་སྦྱིན་པ་དེ། ཕྲན་གྱིས་ཐོབ་བྱུང་། ཁྱོད་ཀྱིས་ཕྲན་ལ་སྦྱིན་ན་ཕྲན་གྱིས་རེད། མི་ཚེ་གོང་བོ་འདིར་ངས་སེམས་ནང་དུ་སྐུ་དྲིན་དྲན་ངེས། ངས་གཞན་དང་ཡི་གེ་དེ་འཕྲོག་པའི་དགོས་པ་མེད།ཅེས་བཤད་བཞིན་པའོ།། 

  每次他问到诗词的时候,同学就把席慕蓉推出来,班上只有她对诗词有兴趣,傅老师因此对她很另眼相看。当然也许还有另外一个理由,他们同属于“少数民族”,同样具有傅老师的那方小印上刻“旧王孙”的身分。有一天,傅老师心血来潮,当堂写了一个“璞”字送给席慕蓉,不料有个男同学斜冲出来一把就抢跑了。当然,即使是学生,当时大家也都知道傅老师的字是“有价的”,傅老师和席慕蓉当时都吓了一跳,两人彼此无言的相望了一眼,什么话也没说。老师的那一眼似乎在说:“奇怪,我是写给你的,你不去抢回来吗?”但她回答的眼神却是:“老师,谢谢你用这么好的一个字来形容我,你所给我的,我已经收到了,你给我那就是我的,此生此世我会感激,我不必去跟别人抢那幅字了……”

  

       ལོ་ངོ་བཅུ་ཕྲག་འགོར་ཡང་། དགེ་སློབ་བར་མིག་གི་བལྟས་ཙམ་གྱིས་སྐད་ཆ་ཁྲི་སྟོང་མང་པོ་ཡོད་པ་དེ་ད་དུང་སེམས་སུ་གསལ་པོ་གནས་འདུག 

  隔着十几年,师生间那一望之际的千言万语仍然点滴在心。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4