【第166期】阿来《大地的语言》节选

文章摘要:收获了一季小麦的大地上,玉米、无边无际的玉米在大地的宽广中拔节生长。

  大地的语言

  阿来

  ས་གཞི་ཆེན་པོའི་སྐད་ཆ།

  (ཨ་ལེགས་ཀྱིས་བརྩམས།ཆོས་འཛིན་གྱིས་བསྒྱུར།)

  朋友来电话,招呼去河南。

  གྲོགས་པོས་ཁ་པར་རྒྱག་ཡོང་ནས་ཧོ་ནན་ལ་འགྲོ་ཟེར།

  一次次刚刚离开一座城市就进入另一座城市。重复的其实都是同一种体验:在不断兴奋的过程中渐渐感到怅然若失。行车不到十分钟,就在我靠着车窗将要昏昏然睡去时,超乎我对想象的景观出现了。在我眼前出现了宽广得似乎漫无边际的田野。

  ཐེངས་མ་རེ་རེ་བཞིན་གྲོང་ཁྱེར་གཅིག་ནས་གྱེས་མ་ཐག་ཡང་དུ་གྲོང་ཁྱེར་གཅིག་ལ་འགྲོ་བ་ན།དོན་དུ་བསྐྱར་ཟློས་བྱ་རྒྱུ་ནི་ཚང་མ་མྱོང་ཚོར་གཅིག་ཡིན་པ་སྟེ།རྒྱུན་ཆད་མེད་པར་སྤྲོ་སྣང་ཤར་བའི་གོ་རིམ་ནང་རིམ་བཞིན་རིམ་བཞིན་སེམས་མི་སྐྱིད་ནས་ཅི་ཞིག་ཤོར་བའི་མྱོང་ཚོར་ཞིག་ཡོད་འདུག རླངས་འཁོར་བཏང་ནས་སྐར་མ་བཅུ་ཡང་མ་རེད་པར་ང་སྐར་ཁུང་ཁར་ཐམ་མེ་ཐོམ་མེས་གཉིད་ལ་ཁུག་གྲབས་ཡོད་པའི་དུས་སུ།ངའི་བསམ་ཡུལ་ལས་འདས་པའི་མཛེས་ལྗོངས་ཤིག་མིག་མདུན་དུ་ཤར་བ།དེ་ནི་རྒྱ་ཆེ་ཞིང་མཐའ་ཡས་པའི་ས་ཞིང་རེད།

  收获了一季小麦的大地上,玉米、无边无际的玉米在大地的宽广中拔节生长。绿油油的叶片在阳光下闪烁,在细雨中吮吸。这片大地在中国肯定是最早被耕种的土地,世界上肯定也少有这种先后被石头工具、青铜工具、铁制工具和今天燃烧着石油的机具都耕作过的土地。翻开一部中国史,中原大地兵连祸接,旱涝交替。但我的眼前确实出现了生机勃勃的大地,这片土地还有那么深厚的肥力滋养这么茁壮的庄稼,生长人类的食粮。无边无际的绿色仍然充满生机,庄稼地之间,一排排的树木,标示出了道路、水渠,同时也遮掩了那些素朴的北方村庄。我喜欢这样的景象。这是让人心安的景象。

  དབྱར་ཐོག་གྲོ་བསྡུས་རྗེས་ཀྱི་རྒྱ་ཆེ་ཞིང་མཐའ་ཡས་པའི་ས་ཞིང་ཐོག་མ་རྨོས་ལོ་ཏོག་སྙེ་ཚིགས་རྒྱས་ཤིང་མཐོན་པོར་སྐྱེ་བཞིན་པ།སྔོ་ཐིང་ཐིང་གི་ལོ་འདབ་ཉི་འོད་འོག་འོད་ཆིལ་ཆིལ་ཡིན་ཞིང་ཆར་ཟིམ་ནང་བཅུད་འཇིབ་ལེན་བྱེད་པ།ས་གཞི་ཆེན་པོ་དེ་ནི་ཀྲུང་གོར་ཆེས་སྔར་ཤོས་རྨོ་འདེབས་བྱས་པའི་ས་ཞིང་ཡིན་ཤག་རེད།འཛམ་བུ་གླིང་གི་ཐོག་ལའང་འདི་འདྲ་སྔོན་རྗེས་སུ་རྡོ་ཆས་དང་ལི་ཆས།ལྕགས་ཆས།ད་སང་རྡོ་སྣུམ་སྲེག་པའི་འཕྲུལ་འཁོར་གྱིས་རྨོ་འདེབས་བྱེད་པའི་ས་ཞིང་ནི་ཉུང་ཉུང་ཡིན་གྱི་རེད།ཀྲུང་གོའི་ལོ་རྒྱུས་དེབ་ཐེར་ལ་ལྟོས་དང་།དབུས་རྒྱུད་ས་གཞི་ཆེན་པོའི་ཐོག་དམག་འཁྲུག་གོད་ཆག་རྒྱུན་མི་ཆད་པའི་ཐོག་ཐན་ཞོད་གཅིག་རྗེས་གཉིས་མཐུད་ཡོང་བ།འོན་ཀྱང་ངའི་མིག་མདུན་དུ་དངོས་གནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་གཞི་ཆེན་པོ་ཞིག་མངོན་པ།ས་གཞི་ཆེན་པོ་འདིར་ད་དུང་ས་བཅུད་གཤིན་པོ་གཏིང་ཟབ་ལྡན་པས་སྐྱེ་སྟོབས་དེ་འདྲ་བཟང་བའི་ལོ་ཏོག་སྐྱེ་ཞིང་མིའི་རིགས་ལ་ཟ་འབྲུ་འབུལ་བ།མཐའ་ཡས་ཀྱི་སྔོ་ལྗང་ལོ་འདབ་ལ་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ།ས་ཞིང་བར་གྱི་ལྗོན་ཤིང་སྟར་ཕྲེང་གིས་འགྲོ་ལམ་དང་ཆུ་རྐའི་རྟགས་མཚོན་པ།དུས་མཚུངས་སུ་བབ་ཆགས་ལྡན་པའི་བྱང་ཕྱོགས་ཀྱི་སྡེ་ཚོ་རྣམས་ཀྱང་གཡོགས་སོང་།ངས་འདི་འདྲའི་སྣང་ཚུལ་ལ་དགའ་གི་ཡོད།འདི་ནི་མི་ལ་བློ་བདེ་སེམས་བདེ་བྱེད་འཇུག་པའི་སྣང་ཚུལ་ཞིག་རེད།

  一望无际的玉米亭亭玉立,茎并着茎,根须在地下交错,叶与叶互相摩挲着絮絮私语,它们还化作一道道的绿浪、把风和自己的芬芳推到更远的地方。在一条飞速延展的高速公路两边,我的视野里始终都是这让人心安的景象。

  མུ་མཐའ་མེད་པའི་མ་རྨོས་ལོ་ཏོག་རྣམས་སྡོང་པོ་རིང་ཞིང་ཕྲ་བ།སྡོང་རྐང་གྲལ་འགྲིག་པོ་དང་རྩ་འབྲད་ས་འོག་ལ་ཕན་ཚུན་ཁྱབ་ཡོད་ཅིང་ལོ་མ་བར་འཕུར་འཕུར་གྱིས་ཉག་ཉོག་བཤད་པ་དང་ལྐོག་ལབ་རྒྱག་བཞིན་གདའ།དེ་ཚོས་ད་དུང་སྔོ་ལྗང་གི་རླབས་ཕྲེང་རེ་རེ་གྱུར་ནས་རླུང་དང་བསྟུན་ནས་རང་ཉིད་ཀྱི་དྲི་ཞིམ་རྒྱང་རིང་དུ་འཐུལ་བ།མྱུར་དུ་སྐྱོད་པའི་མྱུར་བགྲོད་གཞུང་ལམ་གྱི་འགྲམ་གཉིས་ལ།ངའི་མིག་ལམ་དུ་མཐོང་རྒྱུ་ཤ་སྟག་ནི་ མི་ལ་བློ་བདེ་སེམས་བདེ་བྱེད་འཇུག་པའི་སྣང་ཚུལ་དེ་རིགས་རེད།

  转上另外一条高速路,醒目的路牌标示着一些城市的名字。这些道路经过乡野,但目的是连接那些巨大的城市,或者干脆就是城市插到乡村身上的吸管。资本与技术的循环系统其实片刻不能缺少从古至今那些最基本的物质的支撑。但在这样的原野上,至少在我的感觉中,那些城市显得遥远了。视野里掠到身后,以及扑面而来的,依然是农耕的连绵田野。

  མྱུར་བགྲོད་གཞུང་ལམ་གཞན་ཞིག་གི་ཐོག་ལ་སྐྱོད་དུས།མིག་ལམ་དུ་གསལ་བའི་ལམ་རྟགས་ཐོག་གྲོང་ཁྱེར་འགའ་ཞིག་གི་མིང་འགོད་འདུག གཞུང་ལམ་དེ་དག་གྲོང་གསེབ་ནས་བརྒྱུད་རུང་འབྲེལ་ཡུལ་ཚང་མ་ནི་གྲོང་ཁྱེར་ཆེན་པོ་དེ་ཚོ་རེད།ཡང་ན་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྤྲས་པའི་འཇིབ་བྱད་སྦུ་གུ་ཞིག་དང་འདྲ་བ།མ་རྩ་དང་ལག་རྩལ་གཉིས་ཀྱི་འཁོར་སྐྱོད་མ་ལག་ལ་དོན་དངོས་སུ་གནའ་ནས་ད་བར་ཆེས་རྩ་བའི་དངོས་པོའི་འདེབས་སྐྱོར་དེ་དག་ཡུད་ཙམ་ཡང་བྲལ་ཐབས་མེད་པ་རེད།འོན་ཀྱང་དེ་འདྲའི་ཐང་ཆེན་ཐོག་མ་མཐའ་ཡང་ངའི་ཚོར་སྣང་ནང་།གྲོང་ཁྱེར་དེ་དག་རྒྱང་རིང་ལ་ཡོད་སྣང་ཤར་བ།མིག་ལམ་དུ་རྒྱབ་ལ་ལྟ་བ་དང་མདུན་དུ་མཐོང་བ་ནི་སྔར་བཞིན་རྒྱུན་ཆགས་པའི་རྨོ་འདེབས་ས་ཞིང་རེད།

  我呵气成雾,在车窗上描画一个个汉字。

  ངས་ཁ་རླངས་ཤིག་བརྒྱབ་ནས་རླངས་འཁོར་གྱི་སྐར་ཁུང་ཐོག་ལ་རྒྱ་ཡིག汉ཞིག་བྲིས་པ་ཡིན།

  这些象形的汉字在几千年前,就从这块土地上像庄稼一样生长出来。在我脑海中,它们不是今天在电脑字库里的模样,而是它们刚刚生长出来的时候的模样,刚刚被刻在甲骨之上的模样,刚刚被镌刻到青铜上的模样。

  རྒྱ་ཡིག་འདྲ་གཟུགས་ཡི་གེ་དེ་དག་ལོ་སྟོང་ཕྲག་འགའ་ཞིག་གི་སྔོན་དུ་ས་གཞི་དེའི་ཐོག་ལོ་ཐོག་ནང་བཞིན་སྐྱེ་དར་ཡོང་བ།ངའི་ཀླད་པའི་ནང་དེ་དག་དེང་སང་གློག་ཀླད་ཡིག་མཛོད་ནང་གི་ཡིག་གཟུགས་འདྲ་པོ་མིན་པར་དེ་ཚོ་ཐོག་མ་དར་དུས་ཀྱི་ཡིག་གཟུགས་འདྲ་པོ་ཡིན་ཞིང་རུས་པར་བརྐོས་མ་ཐག་པའི་ཡིག་གཟུགས་འདྲ་པོ་དང་ལི་ཐོག་བརྐོས་མ་ཐག་པའི་ཡིག་གཟུགས་འདྲ་པོ་ཞིག་ཡིན།

  这是一个个生动而又亲切的形象。

  འདི་ནི་གསོན་ཉམས་ལྡན་ལ་སྙིང་ཉེ་བའི་འདྲ་གཟུགས་ཡི་གེ་རེ་རེ་ཡིན།

  土,最初的样子就是一棵苗破土而出,或者一棵树站立在地平线上。

  土ཡི་གེ་འདིའི་ཐོག་མའི་འདྲ་གཟུགས་ནི་མྱུ་གུ་ཞིག་ས་འོག་ནས་འབུར་བའམ་ཤིང་སྡོང་ཞིག་ས་བདེ་མོའི་ཐོག་ལངས་པ་འདྲ་པོ་ཡིན།

  田,不仅仅是生长植物的土壤,还有纵横的阡陌、灌渠、道路。

  田ཡི་གེ་འདི་ནི་རྩི་ཤིང་སྐྱེ་བའི་ཞིང་ས་ཡིན་པས་མ་ཚད།ད་དུང་དེར་འཕྲེད་གཞུང་གི་རྣང་བཅད་དང་ཆུ་རྐ།འགྲོ་ལམ་བཅས་ཡོད་པ།

  禾,一棵直立的植株上端以可爱的姿态斜倚着一个结了实的穗子。

  禾ཡི་གེ་འདི་ནི་རྩི་ཤིང་གི་སྡོང་རྐང་གོང་ལ་དགའ་འོས་པའི་སྙེ་མ་ཞིག་འཕྲེད་གཟར་གྱིས་བཏགས་ཡོད་པ།

  车窗模糊了,我继续在心里描摹从这片大地上生长出来的那些字。

  རླངས་འཁོར་གྱི་སྐར་ཁུང་ཐོག་གི་ཡི་གེ་མི་གསལ་བར་གྱུར་སོང་།ངས་མུ་མཐུད་ནས་སེམས་ནང་ས་གཞི་ཆེན་པོ་འདིའི་ཐོག་དར་བའི་ཡི་གེ་དེ་དག་འབྲི་བ་ཡིན།

  麦、黍、瓜、麻、菽。

  གྲོ་དང་ཁྲེ།ཀྭ།སོ་མ་ར་ཙ།སྲན་བཅས་ཀྱི་རྒྱ་ཡིག

  我看见了那些使这些字具有了生动形象的人。从井中汲水的人。操耒犁地的人。以臼舂谷的人。

  དེ་ནས་ངས་ཡི་གེ་འདི་དག་ལ་གསོན་ཉམས་ལྡན་བཅུག་པའི་མི་མཐོང་བྱུང་།ཁྲོན་པ་ནས་ཆུ་ལེན་མཁན་གྱི་མི་དང་ཐོང་པས་ཞིང་རྨོ་མཁན་གྱི་མི།གཏུན་ཁུང་ནང་འབྲས་ཤུན་བགྲུད་མཁན་གྱི་མི་སོགས་རེད།

  眼下的大地,麦收季节已经过去了,几百年前才来到中国大地上的玉米正在茁壮生长。那些健壮的植株上,顶端的雄蕊披拂着红缨,已然开放,轻风吹来,就摇落了花粉,纷纷扬扬地落入下方那些腋生的雌性花上。那些子房颤动着受孕,暗含着安安静静的喜悦,一天天膨胀,一天天饱满。待秋风起时,就会从田野走进了农家小小的仓房。

  མིག་སྔར་གྱི་ས་གཞི་ཆེན་པོའི་ཐོག་གྲོ་སྡུད་པའི་དུས་ཚིགས་འདས་ཚར་བ།ལོ་བརྒྱ་ཕྲག་ཁ་ཤས་སྔོན་གཞི་ནས་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་འདེབས་འཛུགས་བྱེད་པའི་མ་རྨོས་ལོ་ཏོག་རྣམས་སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་བཞིན་ཡོད་པ།སྐྱེ་སྟོབས་ཆེ་བའི་མ་རྨོས་ལོ་ཏོག་སྡོང་རྐང་འགོའི་ཟེའུ་འབྲུ་ཕོར་སྦོད་དམར་ལྡེམ་ལྡེམ་འཕྱང་བ།རླུང་དལ་བུ་ལྡང་དུས་མེ་ཏོག་གི་རྡུལ་བྲུལ་ནས་མཆན་ཁུག་ཏུ་སྐྱེས་པའི་མོ་རིགས་ཟེའུ་འབྲུའི་ཐོག་ལྷབ་ལྷེབ་ཏུ་འབབ་པ།ཟེའུ་འབྲུ་སྙིང་པོ་རྣམས་ཀྱིས་འདར་སིག་རྒྱག་བཞིན་མངལ་འཁོར་བ་དང་འཇམ་ཐིང་ཐིང་གི་དགའ་སྤྲོ་སྐྱེ་བ།དེ་ནས་ཉིན་རེ་བཞིན་འབྲུ་མིག་རྒྱས་ཤིང་གང་བར་གྱུར།དེ་ནས་སྟོན་རླུང་ལྡང་དུས་ས་ཞིང་དང་རི་ཐང་ནས་ཞིང་དུད་ཀྱི་འབྲུ་མཛོད་ཆུང་ཆུང་དུ་སླེབས་སོང་།

  我们到达了淮阳——穿过了大片属于淮阳的田野。让人心安的田野,庄稼茁壮生长的田野,古老的,经历了七灾八难仍然在默默奉献的田野。还未被加工区、开发区、新城镇分割得七零八落的田野。

  ང་ཚོ་ཧོའེ་ཡང་དུ་སླེབས་སོང་།ཧོའེ་ཡང་ལ་གཏོགས་པའི་ས་ཞིང་དང་རི་ཐང་མང་པོ་བརྒལ་བ་ནས་སོང་བ་ཡིན།མི་ལ་བློ་བདེ་སེམས་བདེ་བྱེད་འཇུག་པའི་ས་ཞིང་།ལོ་ཏོག་སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་བའི་ས་ཞིང་།གནའ་ཉམས་ལྡན་ཞིང་གནོད་སྐྱོན་དང་གོད་ཁ་རྫོགས་རྫོགས་མེད་པ་ཐེབས་རུང་སྔར་བཞིན་ནུས་པ་འབུལ་བའི་ས་ཞིང་།ལས་སྣོན་ས་ཁུལ་དང་གསར་སྦོལ་ས་ཁུལ།གྲོང་ཁྱེར་དང་གྲོང་རྡལ་གསར་པ་བཅས་ཀྱིས་ད་དུང་ཐེར་ཚལ་སྦར་ཚལ་དུ་བཅད་མེད་པའི་ས་ཞིང་།

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4