【第163期】阿妈的歌

文章摘要:当年知青下乡为村人表演时,我就坐在你阿妈的身旁,她偷偷的跟着台上的知青轻唱,那音准、那歌喉,是我这辈子听见的最好听的歌

  阿妈的歌

  雍措

  ཨ་མའི་གླུ་དབྱངས།

  (གཡང་མཚོས་བརྩམས།ཆོས་འཛིན་གྱིས་བསྒྱུར།)

  阿妈是个会唱歌的人!

  邻村的大爷说起这件事时,我十分惊讶。“当年知青下乡为村人表演时,我就坐在你阿妈的身旁,她偷偷的跟着台上的知青轻唱,那音准、那歌喉,是我这辈子听见的最好听的歌,可惜你阿妈从来没有上过舞台,她也不喜欢在众人面前唱歌,这不,一副好嗓门也就像她种的庄稼一样埋在了土里。”

  ཨ་མ་ནི་གླུ་དབྱངས་ལེན་མཁས་པ་ཞིག་ཡིན།

  ཁྱིམ་མཚེས་སྡེ་ཚོའི་ཨ་ཁུས་དོན་དེ་བཤད་དུས།ང་ཧ་ལས་བྱུང་།སྔོན་ཆད་གཞོན་ནུ་ཤེས་ཡོན་ཅན་གྲོང་གསེབ་ཏུ་ཡོང་ནས་འཁྲབ་སྟོན་བྱེད་དུས།ང་ཁྱོད་ཀྱི་ཨ་མའི་འགྲམ་དུ་སྡོད་ཡོད།མོས་ལྐོག་ཏུ་གར་སྟེགས་ཐོག་གི་གཞོན་ནུ་ཤེས་ཡོན་ཅན་གྱིས་གླུ་ལེན་སྟངས་ལྟར་ག་ལེ་སྦྱོང་བ།སྒྲ་ཚད་དྭངས་ཞིང་གཞས་གདངས་གསལ་བ་དེ་ནི་ངས་ཚེ་འདིར་ཉན་མྱོང་བའི་གླུ་དབྱངས་ཆེས་ཡག་ཤོས་རེད།ཕངས་སེམས་སྐྱེ་འོས་པ་ནི་ཁྱོད་ཀྱི་ཨ་མ་གར་སྟེགས་ཐོག་གཏན་ནས་འགྲོ་མ་མྱོང་བ།མོས་ཀྱང་མི་མང་མདུན་དུ་གླུ་ལེན་རྒྱུར་མི་དགའ་བ།དེ་འདྲ་བྱས་ཏེ་སྐད་གདངས་ཡག་པོ་ཞིག་དེ་མོས་འདེབས་པའི་ལོ་ཏོག་ལྟར་ས་འོག་ལ་སྦས་སོང་ཞེས་ཨ་ཁུས་བཤད།

  阿妈的歌应该是什么样子的歌,欢快?忧伤?搜索一切尽可能的因素时,我突然意识到,我记忆里,并没有一个角落搁放着阿妈唱过的歌。作为女儿,愧疚之余,更多的是尴尬。

  ཨ་མས་བླངས་པའི་གླུ་དབྱངས་དེ་ཅི་འདྲ་ཞིག་ཡིན་ནམ།དགའ་སྤྲོ་ཁེངས་པ་ཡིན་ནམ་སེམས་སྐྱོ་ཁེངས་པ་ཡིན།དྲན་ཤེས་ཚང་མ་འཁོར་འཁོར་བྱེད་དུས།གློ་བུར་དུ་ངའི་འདུ་ཤེས་ནང་ཨ་མས་གླུ་ལེན་པའི་དྲན་ཤེས་གཅིག་ཀྱང་མེད་འདུག།བུ་མོ་ང་ལ་བཤད་ན་དེ་ནི་ངོ་གནོང་ཞིང་ཅི་བྱ་གཏོལ་མེད་དུ་གྱུར་པ་ཞིག་རེད།

  阿妈喜欢清静,我们的家也从村子最热闹的地方搬到了一处安静的土地上,房屋是用石头修砌而成,院坝很是宽敞,并在上方种上了几株葡萄树,每到八月份,紫色的葡萄挂满整个枝头,调皮的我们经常站在小板凳上,仰头,用嘴去选择那些又大又红的葡萄吃。院坝上方还有一个不足10平方的小阳台,别小瞧了这小阳台,它可以一览村子脚下的整个小城镇,天气热的时候,我们还会把下午饭的地点安排到这个小阳台上,边吃边观风景。房屋的四周种满了樱桃树、核桃树、橘树……生活在这里,就像生活一个果园里,每个季节都有新鲜的水果可以品尝。

  ཨ་མ་འཇམ་ཐིང་ངེར་སྡོད་རྒྱུར་དགའ་བ།ང་ཚོའི་ཁྱིམ་དེའང་འདུ་འཛི་ཆེ་བའི་སྡེ་ཚོ་ནས་འཇམ་ཐིང་ཐིང་ཞིག་རྩར་སྤོས།ཁང་པ་ནི་རྡོས་བརྩིགས་ཁང་པ་ཡིན།སྒོ་ར་རྒྱ་ཆེ་ལ་རྒུན་ཕུང་འགའ་ཞིག་བཙུགས་ཡོད།ནམ་དུས་ཟླ་བ་བརྒྱད་པ་ཚེས་དུས།སྨུག་མདོག་གི་རྒུན་འབྲུམ་ཡན་ལག་ལ་ཁྱུར་པོ་ཁྱུར་པོ་བཏགས་པ་ན།བྱ་ལག་ཆེ་བའི་ང་ཚོ་ནམ་རྒྱུན་རྐུབ་ཀྱག་ཆུང་ཆུང་ཐོག་ལངས་ནས་གྱེན་ལྟ་བྱེད་ཅིང་ཁ་ཡིས་ཐད་ཀར་ཆེ་ཞིང་དམར་བའི་རྒུན་འབྲུམ་བདམས་ནས་ཟ་བཞིན་ཡོད།སྒོ་རའི་ཐོག་ད་དུང་སྨི་གྲུ་བཞི་མ་བཅུ་ཙམ་གྱི་ཉི་ར་ཆུང་ཆུང་ཞིག་ཡོད།ཉི་ར་དེ་ཆུང་ཆུང་རེད་བསམ་སྣང་ཆུང་མ་བྱེད་དང་།དེའི་ཐོག་ནས་སྡེ་ཚོ་འོག་གི་གྲོང་རྡལ་ཆུང་ཆུང་ཧྲིལ་པོ་མ་ལུས་ཀུན་མཐོང་བྱེད་ཐུབ།ཚ་བ་ཆེ་དུས།ང་ཚོས་ད་དུང་དགོང་དྲོའི་ཟ་མ་ཟ་ས་དེ་ཉི་ར་ཆུང་ཆུང་དེར་བྱེད་ཀྱི་ཡོད།ཟ་མ་ཟ་ཞོར་ཡུལ་ལྗོངས་ལ་ལྟད་མོ་ལྟ་གི་ཆོག་པ།ཁང་པའི་ཕྱོགས་བཞི་ལ་སྲེའུ་ཤིང་དང་སྟར་ཀ་ཤིང་།ཚ་ལུ་མ་ཤིང་སོགས་གང་མང་བཙུགས་ཡོད།……འདི་ན་འཚོ་བ་སྐྱེལ་བ་ནི་འབྲས་ཤིང་ལྡུམ་རའི་ནང་འཚོ་བ་སྐྱེལ་བ་ནང་བཞིན་དུས་ཚིགས་གང་ལ་ཤིང་ཐོག་གསར་པ་ཟ་རྒྱུ་རག་པ།

  深深的爱着这个家,一刻都不想离开。可随着房前屋后的果树开花又结果、落叶又生根,时间改变着很多东西,我们三姊妹也像蒲公英一样为了各自的生活四处奔波,最后离开了家。家中只留下了阿妈还有那依然开花又结果的果树林。

  ཁྱིམ་འདི་ལ་དགའ་ཞེན་ཆེན་པོ་ཡོད་པས།ཡུད་ཙམ་ཡང་གྱེས་འདོད་མེད།འོན་ཀྱང་ཁང་པ་མདུན་རྒྱབ་ཀྱི་འབྲས་ཤིང་ལ་མེ་ཏོག་བཞད་ཅིང་འབྲས་བུ་བཏགས་པ་དང་ཤིང་ལོ་གྲུགས་ཤིང་རྩ་འདྲད་རྒྱས་པ་དང་བཅས།དུས་ཚོད་ཀྱིས་བྱ་བ་མང་པོ་ཞིག་འཕོ་འགྱུར་གཏོང་གི་ཡོད།ང་ཚོ་གཅེན་གཅུང་གསུམ་ཡང་ཁུར་མོང་མེ་ཏོག་བཞིན་གང་སར་འཐོར་ནས་རང་རང་གི་འཚོ་བའི་ཆེད་དུ་གང་སར་རྒྱུ་ཞིང་མཐར་ཁྱིམ་དང་བྲལ་ནས་ཕྱིར་སོང་།ཁྱིམ་ལ་ཨ་མ་དང་ད་དུང་ལོ་རེ་བཞིན་མེ་ཏོག་བཞད་ཅིང་འབྲས་བུ་བཏགས་པའི་འབྲས་ཤིང་ལྡུམ་ར་མ་གཏོགས་ལུས་མེད།

  阿妈说,除了思念远方的我们之外,她并不孤单。

  ཨ་མས་རྒྱང་རིང་གི་ཁྱོད་ཚོ་དྲན་པ་ཕུད།ཁོང་ཁེར་རྐྱང་ཡིན་སྣང་མི་འདུག་ཅེས་བཤད།

  生活是一张纸,每个人都在这张纸上勾勒着自己的一生,或潦草或工整。我能够想象阿妈所要勾勒出来的生活只是一幅简单、平稳的波浪线,波浪线的源头到结尾都和她身旁的土地有关。

  མི་ཚེའི་འཚོ་བ་ནི་ཤོག་བུ་དཀར་པོ་ཞིག་དང་འདྲ།མི་ཚང་མས་ཤོག་བུ་དེའི་ཐོག་རང་ཉིད་ཚེ་གང་གི་རི་མོ་ཞིག་འབྲི་གི་ཡོད།འགའ་ཞིག་ཨ་ལ་པ་ལ་དང་འགའ་ཞིག་ཚུལ་དང་ལྡན་པ།ངས་བསམ་ཚོད་བྱེད་ཐུབ་རྒྱུ་ནི་ཨ་མས་རི་མོ་འབྲི་བསམ་རྒྱུའི་འཚོ་བ་ནི་སྟབས་བདེ་དང་བརྟན་བརླིང་ཡིན་པའི་རླབས་ཕྲེང་གཟུགས་ལྟ་བུའི་རི་མོ་ཞིག་ཡིན།རླབས་ཕྲེང་གཟུགས་ལྟ་བུའི་རི་མོའི་མགོ་དང་མཇུག་ཚང་མ་ནི་ཁོང་གི་ལུས་འགྲམ་གྱི་ས་ཞིང་དང་འབྲེལ་བ་ཡོད།

  土地是孕育生命的地方,阿妈却把自己的生命奉献给了土地。浇水、施肥、播种,像母亲呵护子女一样哺育着土地上的树木、粮食。每年春天,阿妈都会在一些老去的树木旁重新栽种一些小树苗,日积月累,田地葱葱郁郁,各类水果个大味鲜,这和很多村人的土地形成了鲜明的对比。阿妈动作有些缓慢,但这不影响她聪慧灵巧的双手,初春,是她最忙碌的时候,六十多岁的她是个嫁接树苗的好手,这段时间,她经常穿梭的在果林里,对于哪棵树结不结果,哪棵树的果子不够优良,阿妈一清二楚,背上工具,爬上果树,小心翼翼的锯掉枝

  丫,把优良的新苗嫁接到锯掉的枝丫上。在嫁接这方面,阿妈还喜欢上了创新,比如把苹果新苗嫁接到琵琶枇杷树上、把板栗新苗嫁接到樱桃树上……当然是创新就会面临失败,阿妈的实验失败的很多,但是有一样却成了村里人津津乐道的话题,就是阿妈在核桃树上嫁接橘子竟然奇迹般的成功了,这在村子里是前所未有的事情。

  ས་ཞིང་ནི་ཚེ་སྲོག་གསོ་སྐྱོང་བྱེད་ས་ཡིན་ནའང་།ཨ་མ་རང་ཉིད་ཀྱི་ཚེ་སྲོག་དེ་ས་ཞིང་ལ་འབུལ།ཆུ་གཏོང་བ་དང་ལུད་བླུག་པ།ས་བོན་འདེབས་པ་སོགས་མ་ཡུམ་གྱིས་བུ་རྒྱུད་གསོ་བ་ནང་བཞིན་ས་ཞིང་དེའི་ཐོག་གི་ཤིང་སྡོང་དང་ལོ་ཐོག་གཡོག་སྐྱོང་བྱེད།ལོ་དུས་ཀྱི་དཔྱིད་ཀར་ཨ་མས་ཤིང་སྡོང་རྒས་པོ་འགའ་ཞིག་གི་འགྲམ་ལ་ཤིང་ཕྲུག་གསར་པ་འགའ་ཞིག་བཙུགས།ལོ་ཟླ་འདས་པ་དང་མཉམ་དུ་ས་ཞིང་ལ་སྔོ་ལྗང་ལོ་འདབ་རྒྱས་ཤིང་ཤིང་ཐོག་རིགས་སྣ་ཚོགས་ཆེ་ལ་བྲོ་བ་ཞིམ་པོ་ཡིན།དེ་སྡེ་མི་མང་པོའི་ས་ཞིང་གཞན་དང་ཁྱད་པར་མངོན་གསལ་ཡོད་པ།ཨ་མ་ལག་ཅུང་དལ་རུང་དེས་ཁོང་གི་སྤྱངས་གྲུང་འཛོམས་ཤིང་མ་ལག་བདེ་པོ་གཉིས་ལ་ཤུགས་རྐྱེན་ཐེབས་ཀྱི་མེད།དཔྱིད་འགོ་ཚུགས་དུས་ནི་ཁོང་བྲེལ་བ་ཆེ་བའི་དུས་ཡིན།ལོ་ན་དྲུག་ཅུ་ལྷག་ལོན་པའི་ཁོང་ནི་ཤིང་ཕྲུག་མཐུད་སྦྱོར་བྱེད་མཁས་པ་ཞིག་ཡིན།དུས་ཚོད་དེའི་རིང་ཁོང་རྒྱུན་དུ་འབྲས་ཤིང་ལྡུམ་རར་བསྐོར་ནས་ཤིང་སྡོང་གང་ལ་འབྲས་བུ་མི་བཏགས་པ་དང་ཤིང་སྡོང་གང་གི་འབྲས་བུ་རྒྱུད་བཟང་མིན་པ་ཚང་མ་ཨ་མའི་སེམས་ནང་གསལ་པོ་ཡིན་ཞིང་ལག་ཆས་ཁུར་ནས་ཤིང་སྡོང་ཐོག་ལ་འཛེགས་ཏེ་ཞིབ་ཚགས་ཀྱིས་ཤིང་ལག་བྲེགས་རྗེས་རྒྱུད་བཟང་གི་ཤིང་ཕྲུག་དེའི་ཐོག་ལ་མཐུད་སྦྱོར་བྱས།ཤིང་ཕྲུག་མཐུད་སྦྱོར་བྱ་རྒྱུའི་ཐད་ཨ་མས་གསར་གཏོད་བྱ་རྒྱུར་དགའ་བ།དཔེར་ན་ཀུ་ཤུའི་ཤིང་ཕྲུག་དེ་ཞུ་མཁན་ཤིང་སྡོང་ལ་མཐུད་སྦྱོར་བྱེད་པ་དང་པན་ལིའི་ཤིང་ཕྲུག་སྲེའུ་ཤིང་ལ་མཐུད་སྦྱོར་བྱེད།……གསར་གཏོད་བྱེད་པ་ཡིན་ཕྱིན་ལེགས་འགྲུབ་མི་ཡོང་བ་ནི་ཡོད་ཤག་ཤག།ཨ་མས་ཚོད་ལྟ་བྱེད་པར་ལེགས་འགྲུབ་མི་ཡོང་བ་མང་རུང་།འོན་ཀྱང་སྡེ་མི་ཚོས་དགའ་ངང་དུ་གླེང་བ་ཞིག་ཡོད་པ་ནི་ཨ་མས་སྟར་ཀ་ཤིང་ཐོག་ཚ་ལུ་མ་མཐུད་སྦྱོར་བྱས་ནས་ལེགས་འགྲུབ་ཡོང་བ་དེ་རེད།དེ་ནི་སྡེ་ཚོའི་ནང་སྔོན་ལ་མེད་པའི་བྱ་བ་ཞིག་རེད།

  社会发展的步伐,使得很多农村里的人舍弃了土地,去外面找副业挣钱,很多土地也就荒芜了下来。阿妈没有停息下来,看着村里一大片杂草疯长的土地,她变得优柔起来,也对自家的土地加倍的照顾着。冬天,阿妈的双手被冰凉的泥土浸泡得皲裂开来,伤口经常会冒出血珠子,血珠子夹杂着泥土,让阿妈的双手无论用多滋润的护手霜都无济于事。看着这一切,我们姊妹花费了很多口舌让年近斑白的阿妈放弃土地,到我们身旁生活,她拒绝了,原因是她的根在这片土地,离开这片土地,就相当于把她的根拔掉了。

  སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཀྱི་རྐྱེན་གྱིས།ཞིང་སྡེའི་ནང་གི་མི་མང་པོ་ཞིག་ས་ཞིང་དོར་ནས་ཕྱིར་ཞོར་ལས་འཚོལ་སར་ཕྱིན་པས།ས་ཞིང་མང་པོ་ཞིག་རྒོད་ནས་བཞག་པ།ཨ་མས་ལས་མཚམས་མི་བཞག་པར།སྡེ་ཚོའི་ས་ཞིང་མང་པོར་རྩྭ་ཡན་ས་རྒྱས་གནམ་རྒྱས་སྐྱེས་པར་མཐོང་བས།ཁོང་དེ་བས་བག་ཡངས་པོར་གྱུར་ཏེ་རང་ཁྱིམ་གྱི་ས་ཞིང་ལ་ལེགས་སྐྱོང་བྱེད།དགུན་ཁར།ཨ་མའི་ལག་པ་གཉིས་ས་གྲང་མོའི་ནང་ས་རྐོ་རྡོ་ལེན་བྱས་སྟབས་སེར་ཀ་གས་པ།གས་སྲུབས་ནས་ནམ་རྒྱུན་ཁྲག་རིལ་ཡོང་བ།ལག་པ་གཉིས་ཁྲག་དང་འཇིམ་པ་ཧྲལ་ཧྲལ་ཡིན་པས་ལག་པ་འཚོ་སྐྱོང་བྱུག་རྫས་ཡག་པོ་ཅི་འདྲ་སྤྱོད་རུང་ཐབས་མེད་པ།དེ་དག་མཐོང་རྗེས་ང་ཚོ་གཅེན་གཅུང་ཚོས་དབུ་སྐྲ་དཀར་པོར་གྱུར་པའི་ཨ་མར་ས་ཞིང་བསྐྱུར་ནས་ང་ཚོའི་ལུས་འགྲམ་ལ་འཚོ་བ་སྐྱེལ་བར་ཤོག་ཅེས་ཐེངས་མང་པོ་བཤད་རུང་ཁོང་གིས་ཁས་མི་བླངས།དེའི་རྒྱུ་མཚན་ནི་ཁོང་གི་རྩ་བ་དེ་ས་གཞི་དེར་ཟུག་ཡོད་པའི་རྐྱེན་གྱིས་རེད།ས་གཞི་དེ་དང་བྲལ་སོང་ན།ཁོང་གི་རྩ་བ་བཀོག་པ་དང་ཁྱད་མེད་རེད།

  远方的我时时牵挂着阿妈的身体,只要做梦,梦中总会有阿妈的影子,有时是开心,有时却梦见阿妈摔倒或生病,这种担心把我的生活搅得一团糟,于是,在一个落雨的夜晚,我谎编了一封信给阿妈寄去,信中的内容大概是我工作得如何不顺利、生活如何不能自理等,也许我真是自私的人,为了让自己安心,费尽心思想把阿妈接到身边。

  རྒྱང་རིང་དུ་ཡོད་པའི་ངས་དུས་རྟག་ཏུ་ཨ་མའི་སྐུ་ཁམས་ལ་སེམས་ཁྲལ་བྱེད་ཀྱི་ཡོད།གཉིད་ལམ་ནམ་རྨི་ན།གཉིད་ལམ་ནང་ཨ་མའི་གཟུགས་བརྙན་ཡོད་ཅིང་སྐབས་འགར་སྣང་བ་སྐྱིད་པོ་ཡིན་པ་དང་སྐབས་འགར་ཨ་མ་འགྱེལ་བའམ་ནད་ན་བར་རྨིས།དེ་འདྲ་སེམས་ཁྲལ་བྱས་སྟབས།ངའི་འཚོ་བ་དེ་རྙོག་དྲ་ལུང་པ་གང་དུ་གྱུར།དེ་ནས་ཆར་པ་འབབ་པའི་མཚན་མོ་ཞིག་ལ།ངས་ཡི་གེ་རྫུན་མ་ཞིག་བྲིས་ཏེ་ཨ་མར་སྐུར་བ་ཡིན།ནང་དོན་ནི་ངའི་ལས་ཀ་གང་འདྲ་བདེ་བླག་མིན་ཞིང་འཚོ་བའི་ཐད་རང་དོན་རང་སྒྲུབ་གང་འདྲ་བྱེད་དཀའ་བ་སོགས་རེད།གཅིག་བྱས་ན་ང་ངོ་མ་སྒེར་སེམས་ཆེ་བ་འདྲ།རང་ཉིད་བློ་བདེ་མོ་ཡོང་ཆེད།སེམས་ཤུགས་ཡོད་ཚད་བཏོན་ནས་ཨ་མ་རང་ཉིད་ཀྱི་འགྲམ་དུ་བསུ་ཐབས་བྱེད།

  我工作的地方除了离县城远点、没有电话网络外,其实,就像世外桃源。

  ངས་ལས་ཀ་སྒྲུབ་ས་དེ་རྫོང་གྲོང་ཁུལ་དང་ཅུང་རིང་ཞིང་ཁ་པར་དང་དྲ་བ་མེད་པ་ཕུད།དོན་དངོས་སུ་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་འདྲ་པོ་ཞིག་ཡོད།

  寄出的信我不抱希望,我知道土地对阿妈的重要性。

  བསྐུར་བའི་ཡི་གེས་གོ་ཆོད་རྒྱུར་ངས་རེ་བ་ཆེན་པོ་བྱེད་ཀྱི་མེད།ས་ཞིང་དེ་ཨ་མར་བཤད་ན་གལ་ཆེན་པོ་ཡིན་པ་ངས་ཤེས་ཀྱི་ཡོད།

  可是阿妈来了,就在我把信寄出去的第二个星期!看着风尘仆仆站在校门口的阿妈,我惊讶得不知所措。阿妈是第一次来到高原,我无法想象她在翻越那一座座高海拔的雪山、穿越那一片片无垠的草原时的情景,我也无法想象阿妈是怎样只身一人在这个多雨的季节包车来到离县城108公里的偏远学校,但是我能肯定的是,阿妈沿途的心里没有装下一丝她所喜欢的高原美景。

  ཡིན་ནའང་ངས་ཡི་གེ་བསྐུར་ནས་གཟའ་འཁོར་གཉིས་པར་ཨ་མ་སླེབས་བྱུང་།ཐལ་བ་འཚུབ་འཚུབ་ཀྱིས་སློབ་གྲྭའི་སྒོ་ཁར་ལངས་པའི་ཨ་མ་མཐོང་དུས།ང་ཧ་ལས་ནས་ཅི་ལས་དགོས་མི་ཤེས་པར་གྱུར་སོང་།ཨ་མ་ནི་ཐེངས་དང་པོར་མཐོ་སྒང་དུ་ཡོང་བ་ཡིན།ཁོང་ས་ཁ་མཐོ་བའི་གངས་རི་དང་མཐའ་ཡས་ཀྱི་རྩྭ་ཐང་རེ་རེ་བཞིན་བརྒལ་ནས་ཡོང་དུས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པ་ངས་བསམ་ཚོད་བྱེད་ཐབས་མི་འདུག་ལ།ཨ་མ་རང་ཁེར་རྐྱང་ཆར་པ་འབེལ་བའི་དུས་ཚིགས་འདིར་བོགས་བླངས་རླངས་འཁོར་ནང་བསྡད་དེ་རྫོང་གྲོང་ཁུལ་དང་སྤྱི་ལེ༡༠༨རྒྱང་བའི་མཐའ་འཁོབ་ཀྱི་སློབ་གྲྭར་གང་འདྲ་བྱས་ཏེ་ཡོང་བའང་ངས་བསམ་ཚོད་བྱེད་ཐབས་མི་འདུག།འོན་ཀྱང་ངས་བསམ་ཚོད་བྱེད་ཐུབ་རྒྱུ་ནི་ལམ་རྒྱུད་དུ་ཨ་མའི་སེམས་ནང་ལ་ཁོང་དགའ་པོ་ཡོད་པའི་མཐོ་སྒང་གི་མཛེས་ལྗོངས་སྤུ་ཙམ་ཡང་བཞག་མེད་པ་ཐག་གིས་ཆོད།

  那一刻,我觉得自己是一个罪人,犯了一个自身都无法原谅自己的错;那一刻,我也懂得了在阿妈心中最重要的东西是子女,然后才是她的土地!

  དེའི་སྐབས་སུ་ངས་རང་ཉིད་ནི་ཉེས་པ་ཅན་ཞིག་ཡིན་ཞིང་རང་གིས་རང་ལ་བསམ་ཤེས་བྱེད་དཀའ་བའི་ནོར་འཁྲུལ་ཞིག་ཤོར་བ་བསམ་གྱི་འདུག།དེའི་དུས་སུ་ངས་ཀྱང་ཨ་མའི་སེམས་ནང་ཆེས་གལ་ཆེ་བའི་བྱ་བ་དེ་བུ་མོ་ཡིན་ཞིང་དེའི་རྗེས་ལ་གཞི་ནས་ཁོང་གི་ས་ཞིང་ཡིན་པ་དེ་ཤེས་བྱུང་།

  阿妈和我在那遥远的高原呆了2年,后有幸我调回了故乡。阿妈又回到了那片土地,回到了那座秋天挂满葡萄的老屋。阿妈不愿和我一起居住,她说多双筷子就得多个用钱的地方,她回家在菜园里种些小菜,照顾好果园,不仅能让我吃上新鲜蔬菜,也能挣些小钱贴补平常的开支。

  ཨ་མ་དང་ང་གཉིས་མཉམ་དུ་རྒྱང་རིང་གི་མཐོ་སྒང་ལ་ལོ་གཉིས་བསྡད་པ་ཡིན།རྗེས་སུ་སྟབས་ལེགས་པར་ང་ཕ་ཡུལ་དུ་ལས་སྤོ་བྱས་པ་ཡིན།དེ་ནས་ཨ་མ་ཡང་དུ་ས་གཞི་དེའི་ཐོག་ཕྱིར་ལོག་པ་དང་སྟོན་དུས་ཤིང་ཐོག་དང་རྒུན་འབྲུམ་ཁྱུར་པོ་ཁྱུར་པོས་གང་བའི་ཁང་རྒན་ལ་ལོག་སོང་། ཨ་མ་ང་དང་མཉམ་དུ་སྡོད་འདོད་མེད་པར་ཁོང་གིས་བཤད་པར།ཁ་ཐུར་ཞིག་མང་ན་དངུལ་སྤྱོད་ས་ཞིག་མང་བས།ཁོང་ཁྱིམ་དུ་ལོག་ནས་ཚལ་ཞིང་ལ་ཚལ་འདེབས་པ་དང་འབྲས་ཤིང་ལྡུམ་རར་ལྟ་སྐྱོང་ཡག་པོ་བྱས་ན།ང་ལ་ཚལ་གསར་པ་ཟ་རྒྱུ་ཡོད་པར་མ་ཟད།ད་དུང་དངུལ་རྩག་རྩིག་ཀྱང་རག་ནས་ནམ་རྒྱུན་གྱི་སྤྱོད་སྒོ་ལ་ཁ་གསབ་བྱེད་ཆོག་གི་རེད་ཟེར།

  这一次,我没有劝阻阿妈,我知道阿妈的根牢牢的扎在那片土地上,如果挪移,只会给她增添忧伤。

  ཐེངས་འདིར་ངས་ཨ་མར་བཀག་འགོག་མ་བྱས།ཨ་མའི་སེམས་དེ་ས་གཞི་དེར་ཟུག་ཡོད་པ་ངས་གསལ་པོར་ཤེས་ཀྱི་ཡོད།གལ་ཏེ་ཨུ་ཚུགས་བྱས་ན།ཁོང་ལ་སེམས་སྐྱོ་བྱེད་འཇུག་གི་རེད།

  工作的地方离家30公里,我每天都会电话问问阿妈在做些什么,每周都会回去看望她。回到家中,阿妈总会问些我工作上的事情,然后总会语重心长叮嘱我要和同事处好关系,自己能做的就要多做。阿妈只读过一年级,但是奇怪的是除了不会写字外,大部分字她都能认识。出于工作原因,我经常会把一些书籍带回家,有空的时候坐在葡萄架下看看书。我看书的时候,阿妈也看书。阿妈喜欢看州内作者的书,时间一长,竟然还崇拜上一名州内资深作家的书籍,理由很简单,阿妈去过那地方,而作家写作的背景题材基本也取源于那片土地。阿妈是个怀旧的人!

  ལས་ཀ་སྒྲུབ་ས་དེ་ཁྱིམ་དང་སྤྱི་ལེ༣༠རྒྱང་བ།ངས་ཉིན་རེར་ཁ་པར་ཐོག་ནས་ཨ་མར་ཅི་ལས་བཞིན་ཡོད་ཅེས་དྲི་བ་དང་གཟའ་འཁོར་རེར་ཁྱིམ་དུ་ལོག་ནས་ཁོང་ལྟ་སར་སོང་བ་ཡིན།ཁྱིམ་དུ་ལོག་དུས་ཨ་མས་རྟག་པར་ངའི་ལས་དོན་ཐོག་གི་བྱ་བ་ཅི་འདྲ་ཡིན་པ་འདྲི་བ་དང་དེ་ནས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་སྒོ་ནས་ང་ལ་ལས་གྲོགས་ཚོ་དང་འབྲེལ་བ་ཡག་པོ་བྱེད་དགོས་པ་དང་རང་གིས་ཐུབ་པའི་ལས་ཀ་དེ་མང་ཙམ་སྒྲུབ་དགོས་ཞེས་ཁ་བརྡ་བསླབ་བྱ་བྱས།ཨ་མས་ལོ་རིམ་དང་པོའི་སློབ་སྦྱོང་ལས་བྱས་མ་མྱོང་།ཡིན་ནའང་ཡ་མཚན་པ་ནི་ཡི་གེ་འབྲི་མི་ཤེས་པ་མ་གཏོགས།ཡི་གེ་མང་པོ་ཞིག་ཁོང་གིས་ངོ་ཤེས་ཀྱི་འདུག།ལས་ཀའི་རྐྱེན་གྱིས།ངས་ནམ་རྒྱུན་དཔེ་ཆ་འགའ་ཞིག་ཁྱིམ་དུ་ཁྱེར་ཡོང་ནས་ཁོམ་དུས་རྒུན་ཁྲི་འོག་ལ་དཔེ་ཆ་ལྟ་བ་ཡིན།ངས་དཔེ་ཆ་ལྟ་དུས་ཨ་མས་ཀྱང་དཔེ་ཆ་ལྟ་བ།ཨ་མས་ཁུལ་ནང་གི་རྩོམ་པ་པོས་བརྩམས་པའི་དཔེ་ཆ་ལྟ་རྒྱུར་དགའ་བ།དུས་ཡུན་རིང་པ་ན།ཇི་མི་སྙམ་པ་ད་དུང་ཁུལ་ནང་གི་ཉམས་མྱོང་ཆེ་བའི་རྩོམ་པ་པོ་ཞིག་གི་དཔེ་ཆར་དད་གུས་བྱེད་སོང་།རྒྱུ་མཚན་ནི་ཧ་ཅང་སྟབས་བདེ་རེད།ཨ་མ་ས་དེར་འགྲོ་མྱོང་བ་དང་རྩོམ་པ་པོས་བྲིས་པའི་འབྱུང་རྐྱེན་དེད་ཁུངས་ཀྱི་ནང་དོན་ཕལ་ཆེར་ས་ཁུལ་དེ་ནས་ཡོང་བ་ཡིན་ཞིང་ཨ་མ་ནི་སྔར་སོང་རྗེས་དྲན་བྱེད་མཁན་ཞིག་ཡིན་པ་རེད།

  回家的饭菜非常可口,不止是因为农村用柴火做饭,更因为那是我和阿妈团聚的日子。阿妈会把好吃的东西留着等我回家一起吃,她说只有一起吃的时候,才能感觉到食物的香味。饭桌上,阿妈不停的往我碗里夹着菜,自己却更多的说着话。平时,阿妈的嘴像门闩紧扣着的木门,没地方说话,这会儿的话题丰富却也无头无序。有些事情,阿妈给我说过好几次,依然重复着。我没有厌倦,更多的却是酸楚,时间改变了阿妈年轻的面容,记忆的神经也在慢慢衰退。静静听着阿妈的话,哪怕就是不说一句话,心里的幸福感油然而生。

  ཁྱིམ་ནང་གི་ཟ་མ་ཧ་ཅང་ཞིམ་པོ་རེད།དེ་ནི་ཞིང་སྡེར་མེ་བུད་ནས་ཟ་མ་བཟོ་བ་ཡིན་པས་མ་ཟད། དེ་ལས་དེ་ནི་ང་དང་ཨ་མ་མཉམ་འཛོམས་ཀྱི་ཉིན་ཡིན་པའི་རྐྱེན་གྱིས་རེད།ཨ་མས་ཟས་ཞིམ་པོ་ཡོད་ན་བཞག་ནས་ང་ཁྱིམ་དུ་འགྲོ་དུས་མཉམ་དུ་ཟ་བ།ཁོང་གིས་མཉམ་དུ་ཟ་དུས་ད་གཟོད་ཟས་ཞིམ་པོ་ཡིན་པ་ཤེས་འདུག་ཅེས་བཤད།གསོལ་ལྕོག་ཐོག་ཨ་མས་རྒྱུན་མི་ཆད་པར་ངའི་ཕོར་པའི་ནང་ཚལ་བཞག་ཅིང་རང་ཉིད་ཀྱིས་སྐད་ཆ་བཤད་རྐྱང་བྱས་ཏེ་སྡོད།ནམ་དུས་ཨ་མའི་ཁ་ནི་སྒོ་ལ་ཨ་ཤིང་རྒྱག་པ་བཞིན་སྐད་ཆ་བཤད་ས་མེད།སྐབས་འདིར་སྐད་ཆའི་གླེང་གཞི་ཕུན་སུམ་ཚོགས་པོ་ཡིན་ལ་མགོ་མཇུག་དང་གོ་རིམ་མེད་པའང་ཡིན།བྱ་བ་འགའ་ཞིག་ཨ་མས་ང་ལ་ཐེངས་མང་བཤད་མྱོང་རུང་སྔར་བཞིན་ཨ་བཤད་ཡང་བཤད་བྱེད་ཀྱི་ཡོད།ངས་སུན་སྣང་སྐྱེ་བ་མི་བྱེད་རུང་མང་ཆེ་བ་ནི་སྐྱོ་སྡུག་རེད།དུས་ཚོད་ཀྱིས་ཨ་མའི་ན་གཞོན་གྱི་ཞལ་རས་བསྒྱུར་ལ་དྲན་ཤེས་ཀྱི་དབང་རྩའང་རིམ་བཞིན་རིམ་བཞིན་ཉམས་འཇུག་སོང་།འཇམ་ཐིང་ངེར་གྱིས་ཨ་མའི་སྐད་ཆ་ཉན་ཞིང་རང་གིས་སྐད་ཆ་ཚིག་གཅིག་མི་བཤད་ནའང་སེམས་ནང་བདེ་སྐྱིད་ཀྱི་ཚོར་སྣང་རང་ཤུགས་སུ་སྐྱེ་བ།

  家里有张大床,旧时称为高低床,所谓高低就是一边高一边低,人睡觉一般睡在高的那方,能使人喘气和消化都很顺畅。床成浅绿色,年代久远的原因,涂抹在上面的漆色渐渐脱落,露出木材原有的颜色。

  ཁྱིམ་ལ་མལ་ཁྲི་ཆེན་པོ་ཞིག་ཡོད།སྔོན་མ་དེར་མཐོ་དམན་ཅན་གྱི་མལ་ཁྲི་ཟེར།མི་ཉལ་དུས་མཐོ་ས་ཕྱོགས་ལ་སྔས་མགོ་བྱས་པས་ན།དབུགས་གཏོང་ལེན་དང་ཟས་འཇུ་རྒྱུ་ཚང་མ་བདེ་བླག་ཡིན་པ།མལ་ཁྲི་དེ་སྔོ་སྐྱ་མདོག་ཡིན་ཞིང་ལོ་རབས་རིང་བའི་རྐྱེན་གྱིས།ཐོག་ལ་བྱུག་པའི་ཚོན་རྩི་རིམ་བཞིན་གོག་རྗེས་ཤིང་ཆ་མ་གཞིའི་ཁ་མདོག་བུད་པ།

  这张床是阿妈的床,也是我的床。在家中,我有一间自己单独的房间,房间设计得很别致,但是我很少住在自己的房间里,只是偶尔打扫一下卫生。我喜欢和阿妈一起睡,尽管我已经长大成了大姑娘。阿妈有时会责备我说,哪有这么大的姑娘还一直跟着阿妈睡同一张床的?我反问阿妈:谁说长大的姑娘就不能和阿妈一起睡?”阿妈摇着头,无奈的对着我说:“哎,你什么时候才能长大呀!”

  མལ་ཁྲི་འདི་ནི་ཨ་མའི་མལ་ཁྲི་ཡིན་ལ་ངའི་མལ་ཁྲིའང་ཡིན།ཁྱིམ་དུ་ང་ལ་རང་ཉིད་ཁེར་རྐྱང་གི་ཁང་མིག་གཅིག་ཡོད།ཁང་པའི་སྒྲིག་བཀོད་ཐུན་མོང་མ་ཡིན་པ་ཞིག་ཡིན།འོན་ཀྱང་སྐབས་འགར་གད་བདར་གཙང་སྦྲ་བྱེད་པ་མ་གཏོགས།ང་རང་ཉིད་ཀྱི་ཁང་པའི་ནང་སྡོད་རྒྱུ་ཉུང་བ།ང་བུ་མོ་ཆེན་པོར་སྐྱེས་ཚར་ནའང་ཨ་མ་དང་མཉམ་དུ་ཉལ་རྒྱུར་དགའ།བུ་མོ་དེ་འདྲ་ཆེན་པོ་རེད་ནའང་ད་དུང་ཨ་མ་དང་མཉམ་དུ་ཉལ་མཁན་སུ་ཡོད་ཅེས་ཨ་མས་སྐབས་འགར་ང་ལ་སྐྱོན་འཛུགས་བྱས།བུ་མོ་ཆེན་པོར་སྐྱེས་ཚར་རྗེས་ཨ་མ་དང་མཉམ་དུ་ཉལ་མི་ཆོག་ཟེར་མཁན་སུ་རེད་ཅེས་ངས་ཨ་མར་ལྡོག་འདྲི་བྱས།ཨ་མས་མགོ་གཡུག་གཡུག་བྱས་ཏེ་བྱ་ཐབས་བྲལ་བའི་ངང་ནས་ང་ལ་ཁྱོད་ནམ་ཙམ་བསམ་བློ་ཟིན་པར་འགྱུར་གྱི་རེད་ཟེར།

  其实我已经长大,只是贪婪的眷念着阿妈温暖的怀抱。睡觉的时候,阿妈喜欢用手抚摸我的手腕,有时她手上的老茧划在我皮肤上,让我很痛,这种痛是一种心疼!阿妈通过抚摸来辨别我是否长胖,希望我长胖是她的心愿!她说有几次都梦见我胖了,那高兴劲儿,足以让她放下手头几天的农活!

  དྲོ་སྐྱིད་ལྡན་པའི་ཨ་མའི་རུམ་ནང་སེམས་ཆགས་པ་མ་གཏོགས།དོན་དུ་ང་ནི་ཆེན་པོར་སྐྱེས་ཚར་བ།ཉལ་དུས་ཨ་མས་ངའི་ལག་པར་བྱིལ་བྱིལ་བྱ་རྒྱུར་དགའ་བ།སྐབས་འགར་ཁོང་གི་ཤ་དྲེག་ཅན་གྱི་ལག་པས་ང་ལ་བྱིལ་བྱིལ་བྱེད་དུས་ཚ་པོ་ཡོད་པ་དེ་ནི་ཕྱི་པགས་མ་ཟད།སེམས་གཏིང་ནས་ན་བ་ཞིག་རེད།ཨ་མས་ང་ལ་བྱིལ་བྱིལ་བྱས་ཏེ་ང་ཤ་རྒྱགས་ཡོད་མེད་ལྟ་གི་ཡོད།ཁོང་གི་རེ་འདོད་ནི་ང་ཤ་རྒྱགས་པར་སྐྱེ་ན་བསམ།གཉིད་ལམ་ཐེངས་འགའ་ཞིག་ལ་ང་ཤ་རྒྱགས་པར་སྐྱེ་བ་རྨིས་ཞེས་ཁོང་གིས་བཤད།དེའི་དགའ་སྤྲོ་དེས་ཁོང་གིས་ཉིན་འགའི་ཞིང་ལས་བཞག་ནའང་འགྱོད་པ་མེད།

  又到上班时间了,阿妈早早起床,为我准备早饭,我在吃饭的时候,她又忙碌着给我装水果、蔬菜,每次,我回家的包空空的,上班去时却装得满满的。阿妈会一直陪着我在路边等车,不管春夏秋冬,都会!离别变得越来越常见,阿妈站在家门口目送我的身影在后车镜中显得越来越渺小.......

  ཡང་དུ་ལས་ཀར་འགྲོ་བའི་དུས་ཚོད་ལ་སླེབས་སོང་།ཨ་མ་སྔ་མོ་ནས་ཡར་ལངས་ཏེ་ང་ལ་ཞོགས་ཟས་གྲ་སྒྲིག་བྱས།ངས་ཞོགས་ཟས་ཟ་དུས།ཁོང་གིས་ཡང་བྲེལ་འཚུབ་ཀྱིས་ང་ལ་ཤིང་ཐོག་དང་སྔོ་ཚལ་ཁུར་རྒྱུ་བཟོ།ནམ་ཡིན་ན་ང་ཁྱིམ་དུ་ལོག་དུས་ཀྱི་ཁུག་མ་སྟོང་པ་དེ་ལས་ཀར་འགྲོ་དུས་བྱུར་བུར་གང་བར་གྱུར།དབྱར་དགུན་སྟོན་དཔྱིད་མེད་པར་ཨ་མས་ནམ་དུས་ལམ་ཁར་ང་དང་མཉམ་དུ་རླངས་འཁོར་སྒུག་གི་ཡོད།དེ་ནས་ཁ་གྱེས་པ་དེ་རིམ་བཞིན་རྒྱུན་ལྡན་དུ་གྱུར།ཨ་མས་སྒོ་ཁར་ང་མིག་སྐྱེལ་བྱེད་པའི་གཟུགས་བརྙན་དེ་རླངས་འཁོར་གྱི་རྒྱབ་ལྟས་ཤེལ་སྒོ་ནས་རིམ་བཞིན་རིམ་བཞིན་ཆུང་ངུ་རུ་གྱུར།.......

  分别的时候,我不再回头去看阿妈,我怕我模糊的双眼再也看不见那渺小的身影!

  ཁ་གྱེས་དུས།ངས་ཡང་བསྐྱར་ཨ་མར་ཕྱིར་ལྟ་བྱེད་ཀྱི་མེད།དེ་ནི་ངས་ངའི་མིག་ལམ་རབ་རིབ་ཀྱིས་རིམ་བཞིན་རིམ་བཞིན་ཆུང་ངུ་རུ་འགྱུར་བའི་ཨ་མའི་གཟུགས་བརྙན་མཐོང་མི་ཐུབ་པར་སྐྲག་གི་ཡོད།

  现在,我终于明白在我记忆匣子为什么没有存储一首阿妈的歌,阿妈是不会用嘴唱歌的人,她只会把美丽的歌声埋藏心底。

  ད་ལྟར།ངས་ངའི་དྲན་པའི་ནང་ཨ་མས་བླངས་པའི་གླུ་དབྱངས་གཅིག་ཀྱང་མེད་པ་གང་ཡིན་པ་གཞི་ནས་ཤེས་བྱུང་། ཨ་མས་མཛེས་ཉམས་ལྡན་པའི་གླུ་དབྱངས་དེ་སེམས་གཏིང་ལ་སྦས་པ་མ་གཏོགས།ཁ་ཐོག་ནས་གླུ་ལེན་གྱི་མེད་པས་རེད།

  阿妈的歌是用时间沉淀的歌,是唱给女儿和土地的歌,歌声质朴、悠扬!

  ཨ་མའི་གླུ་དབྱངས་ནི་དུས་ཚོད་རིང་པོའི་ནང་དིམ་བསགས་ཐེབས་པ་ཞིག་ཡིན།དེ་ནི་བུ་མོ་དང་ས་ཞིང་ལ་འབུལ་བའི་གླུ་དབྱངས་ཡིན་ཞིང་གླུ་སྒྲ་བབ་ཆགས་ལྡན་ལ་སྙན་འཇེབས་ལྡན་པ་ཞིག་ཡིན།

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4