黄金草原

文章摘要:草原上的羊群 在水泊上照亮了自己 像白色温柔的灯 睡在男人怀抱中

黄金草原

海子

草原上的羊群
在水泊上照亮了自己
像白色温柔的灯
睡在男人怀抱中

而牧羊人来自黄金草原
头颅像一颗树根
把羊抱进谷仓里
然后面对黄金和酒杯
称呼你为女人

女人,我知心的朋友
风吹来风吹去
你如星的名字
或者羊肉的腥

你在山崖下睡眠
七只绵羊七颗星辰
你含在我口中似雪未化
你是天空上的羊群

 

གསེར་མདོག་གི་རྩྭ་ཐང་།

ཧེ་ཙིས་བརྩམས།


རྩྭ་ཐང་གི་གཡང་དཀར་ལུག་ཁྱུས།
རང་གི་གཟུགས་བརྙན་མཚེའུ་ནས་བསྟན།
དཀར་གཙང་དང་ཞི་འཇམ་གྱི་གློག་འོད་དེ།
སྐྱེས་པའི་པང་དུ་ཉལ་བར་ཀུན་ནས་མཚུངས།

ལུག་རྫི་གསེར་མདོག་གི་རྩྭ་ཐང་ནས་སླེབས།
མགོ་བོ་ལྗོན་ཤིང་གི་རྩད་པ་དང་འདྲ་ལ།
གཡང་དཀར་འབྲུ་མཛོད་དུ་ཁྱེར་ཞིང་།
གསེར་ནག་དང་ཆང་ཕོར་ལ་ཁ་གཏད་ནས།
ཁྱེད་ཀྱི་མིང་ལ་བུད་མེད་དུ་འབོད།

བུད་མེད། ངའི་མཛའ་གཅུགས་ཀྱི་གྲོགས་པོ།
བསིལ་རླུང་ཕར་རྒྱུ་ཚུར་རྒྱུའི་ཀློང་ནས།
ཁྱེད་ནི་སྐར་ཕྲན་གྱི་མིང་དང་།
ཡང་ན་ལུག་ཤའི་དམར་དྲི་དང་མཚུངས།

ཁྱེད་རང་བྲག་རིའི་འདབས་ནས་བདེ་བར་ཉལ།
གཡང་དཀར་བདུན་དང་སྐར་ཕྲན་བདུན།
ཁྱེད་རང་ངའི་ཁ་རུ་འཇུབ་ཀྱང་ཁ་བ་བཞིན་ཞུ་མ་ནུས།
ཁྱེད་ནི་མཁའ་དབྱིངས་ཀྱི་གཡང་དཀར་ལུག་ཁྱུ་དེའོ།




 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4