མཚན་མོ་དེར།

文章摘要:མཚན་མོ་དེར།ལོ་མ་ཟུར་གསུམ།ཆང་རག་མེད་ཀྱང་། བཟི་ཁ་དེས།དུངས་སེམས་ཀྱི

མཚན་མོ་དེར།

ལོ་མ་ཟུར་གསུམ།
 

ཆང་རག་མེད་ཀྱང་།    བཟི་ཁ་དེས།

དུངས་སེམས་ཀྱི་ལོ་མས་གོས་དཀར་གྱོན་བཞིན།  ཁྱོད་རང་བཙལ།

ཁྱོོད་ནི།  གཟུགས་མེད་ཀྱི་འཁོར་བའི་སྟོང་སྣང་དུ་གྲུབ་ཅིང་།

སྤྱི་གཙིག་གི་ཕུང་བོའི་རྣམ་ཤེས་ལ་བརྫུས་ནས།

ངའི་རྩ་ལམ་དང་རུས་རྐང་བརྒྱུད།   རྐང་མཐིལ་དུ་བྱིང་།
 

སྲོད་དུས་སུ།     ངས།

ད་དུང་རྨིས་མ་མྱོང་བའི་རྨི་ལམ་རལ་བོ་ཞིག

ཁྱོད་ཀྱི།     ཀུ་ཤུ་ལྟ་བུའི་བཞིན་མདངས་དེར་དཔྱངས་ནས།

མུན་པའི་བཀབ་པའི་རྡོ་ཁང་གྲུ་བཞིའི་ནང་འོད་ཀྱིས་སྤར་འདོད།
 

མཚན་སྨག་གི་འགྱུར་ཚུལ་འདི།  མུན་ནག་གི་འཐབ་རར་ལུས་པའི་དུར་ཁུང་དེར།

རྣམ་ཤེས་གྲངས་མེད་ཀྱི་གཟུགས་མེད་ཀྱི་ཆོམ་སྒྲ་སྒྲོག

ཁྱོད།      མུན་ནག་གི་སྟོང་ཆེན་མོས་ཁྱིར་མིད་དུ་མ་བཏང་བར།

ང་ཡང་དངངས་འདར་རྒྱག་པའི་རྒྱང་རིང་གི་སྐར་ཚོགས་ལ་དབང་བའང་།

ཚོར་བ་རབ་རུབ་ཀྱི་སྣང་བ་ཞིག
 

ངའི་མིག་ཟུང་ཡང་།     ཁྱོད་ཀྱི།

ཤོག་དཀར་ལྟ་བུའི་འཇམ་མཉེན་གྱི་གཤིན་ས་རུ།

ཕུགས་འདུན་གྱི་མནའ་ཚིག་ཅིག་བོར་ཡོད་པས།

ནམ་མཁའ་འདི།     ཁྱོད་ཀྱི་བློ་ཁོག་ཡང་ཡིན་ངེས།
 

མཚན་མོ་འདིར།   ཆང་རག་མེད་ཀྱང་།

ང་ནི།    ཟླ་འོད་ཀྱི་སྣང་བར་བཟི་ཞིང་འཁྱོར།

 

那一夜

 

那一夜

他乡中秋

你从月后彩云飘来

夜空弥漫幽兰

温声细语

黏住了我漂泊的脚步
 

那一夜

翠竹阁楼

风撩动琴弦

高山流水遇知音

美眸含情

把我引入恬美心境
 

那一夜

忧伤的泪水清洗着伤口

失落被菊花煮酒慢慢蒸发

香腮微晕

破碎的心在丝滑中愈合

梦里一片彩虹

 

         ————最美诗歌。

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4