བོད་ཀྱི་གཏམ་དཔེ། གཉིས།

文章摘要:དཀའ་མོའི་སྡུག་ཅིག་མ་བརྒྱབ་ན། ཞིམ་པོའི་ཟས་ཤིག་ག་ན་རག།

བོད་ཀྱི་གཏམ་དཔེ།

藏族谚语
 

དཀའ་མོའི་སྡུག་ཅིག་མ་བརྒྱབ་ན།

ཞིམ་པོའི་ཟས་ཤིག་ག་ན་རག།

不付辛勤的劳动,

怎得香甜的食物。
 

སྐྱིད་མི་ཁོམ་མི་ལྕོགས།

སྡུག་རྐང་བརྐྱང་ལག་རིང་།།

忙忙碌碌是幸福,

清闲无聊是痛苦。
 

ཁ་བདེ་བ་ལས།

ལག་བདེ་ན་དགའ།།

与其嘴灵,

不如手巧。
 

ཁ་ཡིས་བཟའ་འདོད་ན།

ལག་པས་ལས་བྱེད་དགོས།།

嘴若想吃,

手应干活。
 

ཁ་བཤད་ཆུའི་ལྦུ་བ།

ལག་ལེན་གསེར་གྱི་ཐིགས་པ།།

口说如水泡,

实践似真金。
 

ཁྱིམ་ཚང་དབུལ་བ་ལ་མི་སྐྲག

ཟ་འདོད་འགུལ་འཚེར་བྱས་ན་སྐྲག

家穷并不可怕,

怕的是好吃懒做。
 

གེ་སར་གྱི་སྡུག་དེ་མ་མྱངས་ན།

གེ་སར་གྱི་སྙིང་སྟོབས་གང་ནས་ཡོང་།།

禁不住格萨尔的苦,

练不成格萨尔的志。
 

རྒྱགས་དུས་ཆོས་དྲན།

ལྟོགས་དུས་རྐུ་དྲན།།

饱足思佛法,

饥饿起盗心。
 

བཟའ་རན་རེས་བགད།

ལས་རན་རེས་ངུ།།

吃饭时笑眯眯,

干活是哭欷欷。
 

གསེར་དངུལ་གསོག་པ་ལས།

ཡོན་ཏན་གསོག་ན་དགའ།།

与其积蓄金银,

莫如积累知识。
 

ཨ་ཕོ་རང་གིས་འཇོན་ན།

དགའ་ལྡན་ཁྲི་ལ་བདག་པོ་མེད།།

只要男儿有本事,

甘丹宝座无主人。
 

སྐྱིད་དུས་མགོ་འཕང་དམའ་དགོས།

སྡུག་དུས་མགོ་འཕང་མཐོ་དགོས།།

走运时应夹紧尾巴,

落难是要挺起胸膛。
 

མཁས་པ་དང་འགྲོགས་ན་མཁས་པ།

རྐུན་མ་དམ་འགྲོགས་ན་རྐུན་མ།།

与学者结交成学者,

与小偷结伴成盗贼。
 

གོས་གསར་པ་དགའ།

མྱི་རྙིང་པ་དགའ།

衣裳新的好,

人是旧的好。

 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4