ཁམས་པའི་ལ་གཞས། གསུམ།

文章摘要:འགྲོ་བསམས་ཏེ་རྒྱ་ལམ་རྒྱུས་མེད་རེད། འདུག་བསམས་ཏེ་གོས་མཐའ་རླུང་གིས་སྐྱོད།།

ཁམས་པའི་ལ་གཞས། གཉིས།

康巴山歌(二)
 

འགྲོ་བསམས་ཏེ་རྒྱ་ལམ་རྒྱུས་མེད་རེད།

འདུག་བསམས་ཏེ་གོས་མཐའ་རླུང་གིས་སྐྱོད།།

想走,却不知路在何方,

欲留:却疾风劲吹衣裳。

 

འགྲོས་མེད་ལེའི་རྐྱང་ཆུང་རྐྱ་ཐང་དང་།

ཤིང་ཙན་དན་བེར་ཀ་བཙུགས་ལེ་དགའ།།

与其骑无走的枣骝骏,

莫如拄檀香棍作步行。

 

ངའི་མིང་པོ་ལ་ཁའི་ལུག་རྫི་རེད།

ལུག་གཡང་དཀར་རིག་རེས་མིང་པོ་དྲན།།

我那玉昆是高山牧羊人,

看见绵羊便想起了玉昆。

 

ངའི་དགའ་མོ་ཡོད་པའི་ས་ཕྱོགས་ལ།

བལྟ་མི་བསམ་ཁྲ་ཆུང་དབང་མེད་ཤོར།།

心上人所在的方向,

禁不住时时作张望。

 

ཆུ་ཆེ་བ་འབྲི་ཆུ་ཟླ་ཆུ་རེད།

དྲིན་ཆེ་བ་ལ་ཁའི་ཆུ་མིག་རེད།།

大江当数金沙与澜沧,

恩深还推山间之清泉。

 

ཆུ་སྔོན་པོ་ཉིན་འགྲོ་མཚན་འགྲོ་རེད།

ངེད་ལོ་ཆུང་འགྲོ་རོགས་མི་ཕན་དོ།།

流水啊,你日夜奔流不息,

却不能,跟青年结伴而行。


 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4