你是人间四月天

文章摘要:我说你是人间的四月天 笑声点亮了四面风 轻灵在春的光焰中交舞着变换。

你是人间四月天

林徽因
 

        我说你是人间的四月天

        笑声点亮了四面风

        轻灵在春的光焰中交舞着变换。
 

        你是四月早天里的云烟。

        黄昏吹着风的软,

        星子在无意中闪,

        细雨点洒在花前。
 

        那轻。那娉婷。你是。鲜艳。

        百花的冠冕你戴着,

        你是天真,庄严,

        你是夜夜的月圆
                    

        雪化后那片鹅黄,

        你象新鲜初放的绿。

        你是柔嫩喜悦。

        水光浮动着你梦期待中的白莲。
                    

        你是一树一树的花开,

        是燕在梁间呢喃。

        你是爱,是暖,是希望。

        你是人间的四月天
 

ཁྱེད་ནི་མི་ཡུལ་གྱི་དཔྱིད་ཟླ་བཞི་བའི་ནམ་མཁའ་རེད།
 

        ངས་བཤད་རྒྱུར་ཁྱེད་ནི་མི་ཡུལ་གྱི་དཔྱིད་ཟླ་བཞི་བའི་ནམ་མཁའ་སྟེ།

        དགོད་སྒྲས་ཕྱོགས་བཞིའི་རླུང་བུ་སད་པར་བྱས་ལ།

        བསིལ་རླུང་འཇམ་པོ་དེས་དཔྱིད་དཔལ་གྱི་འོད་མདངས་འོག་ན་སྟངས་སྟབས་བསྒྱུར་བཞིན་མཆིས།
 

        ཁྱེད་ནི་དཔྱིད་ཟླ་བཞི་བའི་ཞོགས་པའི་དུད་སྤྲིན་ཡིན་ལ།

        ས་སྲོད་ཀྱི་དུས་སུ་འཇམ་གཉེན་གྱི་རླུང་བུ་ལྡང་།

        སྐར་ཚོམ་གྱི་བཀྲག་མདངས་རྒྱས།

        སྦྲང་ཆར་ཟིལ་མ་མེ་ཏོག་གི་མདུན་སར་ལྷུང་།
 

        འདི་འདྲ་ཡངས་ཤིང་སྒེག་པའི་ཉམས་དང་ལྡན་པ།

        མཛེས་ལྡན་སྣ་བརྒྱའི་མེ་ཏོག་གི་ཏོག་ཡིན་པས།

        ཁྱེད་ཀྱིས་དེ་དག་གཙུག་རྒྱན་དུ་བཀུར་བ་ན།

        ཇི་འདྲའི་རྣམ་དག་དང་སྒམ་བརླིང་གི་ཉམས་ཞིག་ཤར་ཡོང་འང་།

        ཁྱེད་ནི་ཉ་གང་གི་ཟླ་རྒྱས་མཚན་ལྗོངས་རེ་རེའོ།
 

       ཁ་བ་ཞུ་རྗེས་ངང་སེར་གྱི་སྒྲོ་མདོག་གི་ས་གཞི

       འབུས་མ་ཐག་པའི་ལྗང་མདོག་གི་མྱུ་གུ་གསར་བ་ལ་ཡང་འདྲ།

       དགའ་སྐྱིད་དང་སྤྲོ་དགའི་ངང་།

       ཆུ་ཡི་རྦ་རླབས་ན་འཕྱོ་བཞིན་པའི་པད་མ་དཀར་པོ་ལ་རེ་ཞིང་སྒུག
 

       ཁྱེད་ནི་ལྗོན་ཤིང་གི་རྩེ་མོ་རེ་རེ་ན་བཞད་པའི་མེ་ཏོག་དང་།

       བྱ་འདབ་འོག་དུ་སྐད་སྙན་འབྱིན་པའི་ཁུག་རྟ།

       ཁྱེད་ནི་བརྩེ་བ་དང་དྲོད་ཁོལ་རེ་གཞག་བཅས་ཡིན་ལ།

       ཁྱེད་ནི་མི་ཡུལ་གྱི་དཔྱིད་ཟླ་བཞི་བའི་ནམ་མཁའ་ཡང་ཡིན་ནོ།


 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4