文章摘要:我的寂寞是一条蛇, 静静地没有言语。 你万一梦到它时, 千万啊,不要悚惧!



冯至
 

     我的寂寞是一条蛇,
     静静地没有言语。
     你万一梦到它时,
     千万啊,不要悚惧!
     它是我忠诚的侣伴,
     心里害着热烈的乡思;
     它想那茂盛的草原——
     你头上的、浓郁的乌丝。

     它月影一般轻轻地
     从你那儿轻轻走过;
     它把你的梦境衔来了,
     像一只绯红的花朵。
     1926

 

སྤྲུལ།
ཧྥིན་ཀྲིས།

     
     ངའི་ཁེར་ཆད་ཀྱི་སྣང་བ་ནི་སྤྲུལ་ནག་ཇི་བཞིན།
     ལྷིང་འཇགས་ཀྱི་ཀློང་ན་སྨྲ་བ་དབེན།
     གལ་སྲིད་དེ་ཉིད་ཁྱེད་ཀྱི་རྨི་ལམ་ནས་བྱུང་ཚེ།
     ཁོ་རང་ངའི་བློས་ཐུབ་ཀྱི་ཟླ་བོ་ཡིན་པས།
     ཁྱེད་རང་གཏན་ནས་དངངས་སྐྲག་མི་སྐྱེ་བར་མཚལ།
     སེམས་ཁོང་དུ་ཕ་ཡུལ་དྲན་པའི་གདུང་བ་ཉར་ཡོད།
     ཁོས་ད་དུང་སྔོ་ལྗང་རྩྭ་ཐང་ཡངས་པོ་བརྩེ་བ་དང་།
     ཁྱེད་ཀྱི་དབུ་གཙུག་ན་འཁྲིགས་པའི་ལང་ལོང་གི་སྤྲིན་ནག་དྲན་བཞིན་ཡོད།

     ཁོ་རང་ཟླ་འོད་ཇི་བཞིན་དལ་ལྷོད་ལྷོད་ཀྱིས།
     ཁྱེད་ཀྱི་གམ་ནས་ཞི་འཇམ་ངང་བགྲོད་ལ།
     རྨི་ལམ་གྱི་ཞིང་ཁམས་སྙེག་དུས།
     དམར་མདངས་བཀྲགས་པའི་མེ་ཏོག་རྐང་གཅིག་དང་ཀུན་ནས་མཚུངས།



 

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4