秋草黄了

文章摘要:说话时 秋草已经黄了

秋草黄了
叶舟

   说话时 秋草已经黄了
 

   我带着一根木头 从祁连山

   下来 寺院颓圮 鸟巢危急

   草原深处的一顶帐篷 以及

   一个还俗的醉鬼 需要我接引
 

   说话时 秋草全部黄了
 

   其实 我只是一把钉子 带着

   广漠的疼痛 来把天空扶起

   让羔羊回家 在暴风雪之前

   挂起一盏灯 要找见春天这个人

 

སྟོན་རྩྭ་སེར་པོ་གྱུར་སོང་།

ཡེའུ་ཀྲོའུ་ཡིས་བརྩམས།

   སྐད་ཆ་གློད་སྐབས། སྟོན་རྩྭ་སྔ་མོ་ནས་སེར་པོ་གྱུར།
 

   ངས་ལག་ལ་ཤིང་དུམ་ཞིག་ཐོགས་ནས། ཆི་ལིན་རི་བོ་ནས་མར་བབས་ཤིང་།

   དགོན་པ་ཞིག་རལ་དུ་ལུས།

   བྱེའུ་ཚང་ཉེན་ཁར་བཅར་ཡོད།

   རྩྭ་ཐང་གི་ཕ་མཐའི་རས་གུར་ཞིག་དང་།

   སྐྱ་སར་བུད་པའི་ཆང་སྐྱལ་ཞིག་ལ་ངས་སྣེ་ལེན་བྱེད་དགོས་བྱུང་།
 

   སྐད་ཆ་གློད་སྐབས།

   སྟོན་རྩྭ་ཡོངས་རྫོགས་སེར་པོ་གྱུར།
 

   དོན་དམ་དུ།ང་ནི་འཛེར་མ་རྐང་གཅིག་ཡིན་པས།

   མྱ་ངམ་ཐང་གི་ན་ཟུག་ཁྱེར་ནས།

   མཁའ་དབྱིངས་ཤུགས་ཀྱིས་བཏེགས་ཤིང་།

   ལུ་གུ་ཁྱིམ་ལ་ལོག་ཏུ་བཅུག

   རླུང་སེར་བུ་ཡུག་མ་འཚུབ་པའི་གོང་རོལ་དུ།

   སྒྲོན་མེ་རྐང་གཅིག་སྒྲོན་ནས།

   དཔྱིད་ཀ་ཟེར་བའི་མི་བུ་དེ་འཚོལ་དགོས་བྱུང་།

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4