戏子

文章摘要:请不要相信我的美丽 也不要相信我的爱情 在涂满了油彩的面容之下 我有的是颗戏子的心

戏子

席慕容

 

请不要相信我的美丽

也不要相信我的爱情

在涂满了油彩的面容之下

我有的是颗戏子的心

所以 请千万不要

不要把我的悲哀当真

也别随着我的表演心碎

亲爱的朋友 今生今世

我只是个戏子

永远在别人的故事里

流着自己的泪

 

གར་མཁན།

ཞུས་མོ་རུང་གིས་བརྩམས།

 

ངའི་མཛེས་སྡུག་ལ་ཡིད་ཆེས་མ་གནང་།

ངའི་བརྩེ་གདུང་ལའང་ཡིད་ཆེས་མ་གནང་།

སྣུམ་ཚོན་གྱིས་བྱུག་པའི་ཞལ་རས་འོག་ཏུ།

ང་ལ་དབང་བ་ནི་གར་མཁན་གྱི་སེམས་པ་དེ་ཙམ་མོ།

 

དེ་བས་ཅིས་ཀྱང་།

ང་ཡི་སྐྱོ་གདུང་བདེན་པར་མ་རློམ།

ད་དུང་ངའི་འཁྲབ་སྟོན་ལས་བློ་ཕམ་མ་གནང་།

སྙིང་སྡུག་གྲོགས་མཆོག  མི་ཚེ་ཧྲིལ་བོར།

ང་ནི་གར་མཁན་ཞིག་སྟེ།

ནམ་རྒྱུན་མི་གཞན་པའི་གཏམ་རྒྱུད་ཁྲོད།

རང་ཉིད་ཀྱི་མིག་ཆུ་འདོན་བཞིན་ཡོད།

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4