在风中飘荡

文章摘要:一个男人要走多少路 才能称得上男子汉? 一只白鸽要飞越多少片海 才能安歇在沙滩上?

སྐྱི་སེར་རླུང་གིས་ཁྱེར།

རྩོམ་པ་པོ།  བྷོབ་ཌི་ལན།
 

དཀའ་སྡུག་གི་ལམ་བུ་ཇི་ཙམ་ཞིག་བགྲོད་ནས། 

ད་གཟོད་ཁྱོད་ལ་སྐྱེས་པ་ཕོ་ཞེས་འབོད་དམ། 

ཕུག་རོན་དཀར་མོས་རྒྱ་མཚོ་ཇི་ཙམ་ཞིག་བརྒལ་ནས། 

ད་གཟོད་བྱེ་མའི་ཁྲོད་དུ་བདེ་མོར་ཉལ་ཆོག་གམ།

རེད་ཡ། སྒྱོགས་མདེལ་གྱི་འཕུར་ལྡིང་ཇི་ཙམ་ཞིག་བྱས་ནས། 

ད་གཟོད་དེ་དག་གཏན་དུ་མཚམས་འཇོག་བྱེད་ཐུབ་བམ། 

ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར། 

ལན་ནི་སྐྱི་སེར་རླུང་གིས་ཁྱེར། 

 

རེད་ཡ། རི་བོ་རྣམས་ལོ་གྲངས་དུ་ཙམ་གྱི་བར་གནས་ནས། 

ད་གཟོད་རྒྱ་མཚོའི་ནང་དུ་ཐིམ་འགྲོ་འམ། 

རེད་ཡ། མི་འགའ་ཞིག་ལོ་ངོ་ཇི་ཙམ་རིང་གསོན་པོར་གནས་ན། 

ད་གཟོད་ཁོང་རྣམས་ལ་རང་དབང་ཐོབ་ཐུབ་བམ།    

རེད་ཡ། མི་ཞིག་གིས་ཇི་སྲིད་བར་ལྟག་ཁུང་བསྟན་ནས། 

མ་མཐོང་མདོག་མདོག་བྱེད་ཐུབ་བམ། 

ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར། 

ལན་ནི་སྐྱི་སེར་རླུང་གིས་ཁྱེར། 

 

རེད་ཡ། མི་ཞིག་གིས་མགོ་བོ་ཇི་ཙམ་བར་བཏེགས་ནས། 

ད་གཟོད་ཁོས་གནམ་སྔོན་མོ་རིག་ཐུབ་བམ། 

རེད་ཡ། མི་ཞིག་ལ་རྣ་བ་ཇི་ཙམ་ཞིག་ཡོད་ན། 

ད་གཟོད་ཁོས་མི་གཞན་གྱི་ངུ་སྐད་ཐོས་ཐུབ་བམ། 

རེད་ཡ། མི་ཇི་ཙམ་ཞིག་ཤི་ན་ད་གཟོད་ཁོས། 

མི་ཧ་ཅང་མང་པོ་གྲོངས་སོང་བསམ་ཡོང་ངམ། 

ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར། 

ལན་ནི་སྐྱི་སེར་རླུང་གིས་ཁྱེར། 

 

在风中飘荡

鲍勃·迪伦

 

一个男人要走多少路

才能称得上男子汉?

一只白鸽要飞越多少片海

才能安歇在沙滩上?

炮弹要飞多少次

才能将其永远禁止?

朋友,答案在风中飘荡

答案在风中飘荡

 

一座山峰要屹立多久

才能回归到大海?

那些人还要生存多少年

才能最终获得自由?

一个人可以回首多少次

只是假装他没有看到

朋友,答案在风中飘荡

答案在风中飘荡

 

一个人要仰望多少次

才能看见蓝天?

一个人要倾听多少次

才能听到人们的呼喊?

要牺牲多少条生命他才知道

太多的人已经死亡?

朋友,答案在风中飘荡

答案在风中飘荡

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4