远行人

文章摘要:如果忘却了 那么 你还没有真正走进我的生命......

 

远行人

 贡卜扎西 

 

如果忘却了

那么  你还没有真正走进我的生命

如果那也只是一次平淡的相遇

我也不会仰望着远方而莫名流浪

 

害怕的不是长度

而是高度

如果一切 只能象风飘来飘去

那么  我情愿离去

做一片凝固的大海

或者是荒漠和沙洲

我的路注定只有起点而没有终点

 

等候吧

只因是艰辛的跋涉

远行的路上

才会有温暖的灯火

 

 

རྒྱང་བཞུད་པ།

མགོན་པོ་བཀྲ་ཤིས་ཀྱིས་བརྩམས།

 

གལ་ཏེ་བརྗེད་པར་གྱུར་ཚེ།

ཁྱེད་རང་གཞི་ནས་བདག་གི་སྲོག་རྩ་རུ་སིམ་འཛུལ་བྱེད་མེད་ཅིང་།

གལ་ཏེ་དེ་ཉིད་ཆེས་སྦྱིར་བཏང་གི་ཐུག་འཕྲད་ཅིག་ཡིན་ཚེ།

ངས་ཀྱང་མིག་ཟུང་རྒྱང་ལ་གཏད་ནས།

རྨོངས་བའི་ཚུལ་གྱིས་ས་མཐར་མྱུལ་ཅི་དགོས།

 

དངངས་དགོས་ས་ནི་རིང་ཚད་མིན་ཞིང་མཐོ་ཚད་ཡིན།

གལ་ཏེ་ཡོད་ཚད་རླུང་བུ་བཞིན་དུ་ཕར་རྒྱུ་ཚུར་རྒྱུ་བྱེད་གྱུར་ཚེ།

བདག་གིས་བློ་མོས་ཡིད་དགའི་ཚུལ་གྱིས་གྱེས་ཕྱག་ཕུལ་ནས།

རླབས་ཀྱི་གཡོ་སྐྱོམ་འཇགས་པའི་ཆུ་གཏེར་ཞིག་དང་།

ཐང་རྒོད་དང་བྱེ་གླིང་སོགས་ལས།

གང་རུང་གི་གཟུགས་སུ་སྤྲུལ་ན་བསམ།

མི་འདོད་ལས་སྐལ་བཙན་པོའི་དབང་གིས།

ང་ཡི་བགྲོད་ལམ་འགོ་རྩོམ་ས་ལས་ཕ་མཐའ་མེད།

 

སྒུག་རོགས་མཛོད་ཅིག

དཀའ་སྡུག་རྒྱབ་ཏུ་བསྐྱུར་ནས་གོམ་སྟབས་བསྒྱུར་བའི་ཚེ།

རྒྱང་བཞུད་ཀྱི་ལམ་ག་ཡངས་པོ་རུ།

དྲོད་སྐྱིད་འཛོམས་པའི་གློག་ཞུའི་འོད་ཟེར་འཚེར།

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4