希望在这里升腾

文章摘要:在灾后重建办帮助下,村民协科开起了一家小卖部。

 

  ——康定“11·22”地震道孚县灾后重建两周年纪实

  ——དར་མདོའི་ཟླ་བ༡༡པའི་ཚེས༢༢ཉིན་གྱི་ས་འགུལ་བྱུང་རྗེས་རྟའུ་རྫོང་གིས་གནོད་ཐེབས་བསྐྱར་འཛུགས་བྱས་ནས་ལོ་གཉིས་འཁོར་བའི་གནས་ཚུལ་ངོ་མ་བཀོད་པ།


 

  在灾后重建办帮助下,村民协科开起了一家小卖部。

  གནོད་ཐེབས་བསྐྱར་འཛུགས་གཞུང་ལས་ཁང་གིས་རོགས་རམ་བྱས་འོག་སྡེ་མི་སྐྱིད་འཁོར་ཚང་གིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ།

  雪山见证,高原铭记。

  གངས་རིས་དཔང་པོ་བྱེད་ཅིང་མཐོ་སྒང་གིས་བློ་ལ་འཛིན་ངེས།

  两年前,突如其来的康定“11·22”和“11·25”地震接踵而至,受灾害影响,道孚县八美镇中古村一队、五队、协德乡先锋村受灾严重,全县直接经济损失3.4亿元。

  ལོ་གཉིས་ཀྱི་སྔོན།གློ་བུར་དུ་བྱུང་བའི་དར་མདོའི་ཟླ་བ༡༡པའི་ཚེས༢༢ཉིན་དང་ཟླ་བ༡༡པའི་ཚེས༢༥ཉིན་གཉིས་ཀྱི་ས་འགུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས།གནོད་སྐྱོན་ཁྱབ་ཡུལ་རྟའུ་རྫོང་དཔལ་སྨད་གྲོང་བརྡལ་གྲོང་འགོ་གྲོང་གི་རུ་ཁག་དང་པོ་དང་ལྔ་པ།ཞི་བདེ་ཤང་གི་གདོང་ལེན་གྲོང་ལ་གནོད་སྐྱོན་ཐེབས་ཚུལ་ཚབས་ཆེན་ཡིན་ཞིང་རྫོང་ཡོངས་ལ་ཐད་ཀའི་དཔལ་འབྱོར་གྱི་གྱོང་ཁ་སྒོར་དུང་ཕྱུར༣.༤ཐེབས་པ།

  2015年4月20日,估算总投资为5.97亿的灾后重建全面开工建设。

  ༢༠༡༥ལོའི་ཟླ་བ༤པའི་ཚེས༢༠ཉིན།ཚོད་རྩིས་བྱས་ན་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར༥.༩༧ཡིན་པའི་གནོད་ཐེབས་བསྐྱར་འཛུགས་དེ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཏེ་འཛུགས་སྐྲུན་བྱེད་པ།

  两周年之际,当记者再次走进灾区,希望在这里升腾——

  ལོ་གཉིས་འཁོར་བའི་དུས་སུ།གསར་འགོད་པ་ཡང་བསྐྱར་གནོད་ཐེབས་ས་ཁུལ་ལ་སྐྱོད་དུས།བདེ་སྐྱིད་ཀྱི་རེ་བ་དེ་འདི་ནར་འཕུར་འགྱུར་བྱུང་བཞིན་ཡོད།

  一栋栋独具民族特色的藏房,一条条连接致富的宽敞道路,一个个极具旅游特色的美丽村寨……摧不垮的灾区人民正满怀勇气和信心步入新生活。

  མི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་པའི་བོད་ཁང་རེ་རེ་དང་ཕྱུག་འགྱུར་གྱི་འབྲེལ་ལམ་རྒྱ་ཆེན་པོ་རེ་རེ།ལྗོངས་རྒྱུའི་ཁྱད་ཆོས་ལྡན་པའི་མཛེས་སྡུག་གི་སྡེ་ཚོ་རེ་རེ།གཏོར་ཀྱང་མི་ཐོར་བའི་གནོད་ཐེབས་ས་ཁུལ་གྱི་མི་དམངས་ཚོས་བློ་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་པའི་ངང་ནས་འཚོ་བ་གསར་པར་སྐྱོད་བཞིན་ཡོད་པ།

  两年来,在党中央、国务院和省、州党委政府的亲切关怀和坚强领导下,道孚县团结和带领全县各族干部群众克服灾后重建的艰巨性、复杂性,万众一心、争分夺秒重建家园。

  ལོ་གཉིས་རིང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་དང་ཁུལ་ཏང་ཨུའི་བྱམས་བརྩེའི་ཐུགས་ཁུར་དང་འགོ་ཁྲིད་སྲ་བརྟན་འོག རྟའུ་རྫོང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས་ཀྱི་དཀའ་ཚེགས་ཆེ་བའི་རང་བཞིན་དང་རྙོག་འཛིང་ཆེ་བའི་རང་བཞིན་ཁྱད་བསད་བྱས་ནས་མི་ཁྲི་སེམས་གཅིག་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ་རེད།

  截至10月底,全县91个灾后恢复重建项目全部开工建设,开工率为100%。完工项目55个,完工率60.4%,在建累计完成投资4.665亿元,占规划总投资的80.5%。

  ཟླ་བ༡༠པའི་ཟླ་མཇུག་ཏུ་སླེབས་དུས།རྫོང་ཡོངས་ཀྱི་གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས་ཀྱི་རྣམ་གྲངས༩༡ཡོད་པ་ཚང་མ་ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད།ལས་འགོ་ཚུགས་ཚད་བརྒྱ་ཆ༡༠༠ཐོག་སླེབས་ཡོད།རྣམ་གྲངས༥༥ལས་ཚར་བས་ལས་ཚར་ཚད་བརྒྱ་ཆ༦༠.༤ཐོག་སླེབས་ཡོད།འཛུགས་སྐྲུན་བྱས་དང་བྱེད་བཞིན་ཡོད་པར་མ་དངུལ་འཇོག་ཚད་རིམ་བསགས་ཀྱིས་བརྩིས་ན་སྒོར་དུང་ཕྱུར༤.༦༦༥གྲུབ་ཡོད་པས་འཆར་འགོད་མ་དངུལ་འཇོག་གྲངས་བསྡོམས་འབོར་གྱི་བརྒྱ་ཆ༨༠.༥ཟིན་ཡོད།

  民生重建:废墟上崛起新家园

  དམངས་འཚོའི་བསྐྱར་འཛུགས་བྱས་ནས་ཞིབ་རོའི་ཐོག་ཁྱིམ་གཞིས་གསར་པ་ཆགས་པ།

  初冬的暖阳沐浴着八美草原,在中古五队集中安置点,30栋新修的藏民居错落有致,一条条宽阔的柏油路连接各家各户,一条小溪穿寨而过,潺潺溪水在冬日的映射下,闪闪发光。

  དགུན་སྟོད་ཀྱི་ཉི་མ་དྲོད་པོས་དཔལ་སྨད་རྩྭ་ཐང་སྲོ་བ།གྲོང་འགོའི་རུ་ཁག་ལྔ་པའི་གཅིག་བསྡུས་བཀོད་སྒྲིག་ས་ཚུགས་ལ་གསར་དུ་བརྒྱབ་པའི་བོད་ཁང༣༠ཚང་མ་ཆགས་ལུགས་ཕན་ཚུན་སྣོལ་བ་ཡིན་རུང་ལྟ་འདོད་པོ་ཡོད་པ།བདེ་ཞིང་རྒྱ་ཆེའི་སྣུམ་སྙིགས་ལམ་རེ་རེས་ཁྱིམ་ཚང་ཚང་མ་འབྲེལ་ཡོད་ཅིང་ཆུ་ཕྲན་ཞིག་སྡེ་ཚོ་བརྒྱུད་ནས་རྒྱུ་བ་དང་ཆུ་ཕྲན་ལྷུང་ལྷུང་འབབ་པ་དེར་དགུན་ཉིའི་འོད་འཕྲོ་བ་འོག་འོད་ཆེམ་ཆེམ་དུ་འཕྲོ་བ།

  29岁的村民白玛正忙着家务,见到记者一行的到来,他热情邀请我们参观他的新家。

  ལོ་ན༢༩ལོན་པའི་གྲོང་མི་པད་མས་ཁྱིམ་ལས་བྱེད་བཞིན་ཡོད་པ།གསར་འགོད་པ་དང་བཅས་པ་ཡོང་བ་མཐོང་དུས།ཁོས་སྤྲོ་སེམས་ཆེན་པོས་ང་ཚོར་ཁོ་ཚང་གི་ཁྱིམ་གསར་ལ་ལྟ་སྐོར་བྱས་བཅུག

  白玛的新房政府补贴了6万元,自筹了10来万,300多平米民居分上下两层,楼上还有一个露天的阳台,新家放满了各种生产、生活用具,3岁多女儿玩着电动汽车不时向我们展示她的驾驶技术。

  པད་མ་ཚང་གི་ཁང་པ་གསར་པ་ལས་པར་སྲིད་གཞུང་གིས་སྒོར་ཁྲི༦ཁ་གསབ་བརྒྱབ་པ་དང་དེའི་ཐོག་རང་གྲབས་སྒོར་ཁྲི༡༠ལྷག་བྱས་ཏེ་སྨི་གྲུ་བཞི༣༠༠ལྷག་ཡོད་པའི་ཁང་པ་ཉིས་ཐོག་ཅན་ཞིག་བཀབ།ཁང་ཐོག་ལ་ད་དུང་ཉི་ར་ཡོད་པ།ཁང་པ་གསར་པའི་ནང་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་སྣ་ཚོགས་བྱུར་བུར་གང་བ་བཞག་ཡོད།ལོ་གསུམ་ལྷག་གི་བུ་མོས་གློག་སྒུལ་འཁོར་ལོ་ལ་རྩེད་མོ་རྩེ་བཞིན་ང་ཚོར་ཁོའི་རླངས་འཁོར་གཏོང་བའི་ལག་རྩལ་ངོམ།

  “做梦都没想到能住上这么漂亮的新房子,宽敞明亮,平整的马路也修到了家门口,相比以前,这里水电都通了,电更加稳定,水质也比以前好,生活很便利。共产党,亚姆热!”白玛激动地说。

  འདི་འདྲ་ཁང་པ་ཡག་པོར་སྡོད་ཐུབ་རྒྱུ་དེ་དྲན་པའི་རྨི་ལམ་ནང་ཡང་བསམ་མ་མྱོང་།རྒྱ་ཆེ་ཞིང་གསལ་ཆ་ཆེ་བ།རྒྱ་ལམ་བདེ་མོ་ཡང་སྒོ་ཁར་ལས་ཚར།སྔོན་ཆད་དང་བསྡུར་ན།འདི་ནར་ཆུ་དང་གློག་ཤར་གཏོང་ཐུབ་ཅིང་གློག་དེ་བས་བརྟན་པོ་ཡིན་ལ་ཆུའི་སྤུས་ཚད་ཀྱང་སྔོན་ཆད་ལས་ཡག་པོ་ཡིན་པས་འཚོ་བ་དེ་བས་སྟབས་བདེ་མོ་རེད།གུང་ཁྲན་ཏང་དངོས་གནས་ཡག་མོ་རེད་ཅེས་པད་མས་སྤྲོ་སེམས་འཁོལ་བའི་ངང་ནས་དེ་འདྲ་བཤད།

  据了解,地震前,白玛一家居住在60多平米的土石结构的民房,地震时,房子被震毁。去年,跟随灾后重建的“号角”,在华西集团的援建下,夫妻俩每天都在加紧建房,在地震一周年之际,白玛一家成为集中安置点首批搬进新居的村民。

  ཤེས་རྟོགས་བྱས་པར་གཞིགས་ན།ས་འགུལ་མ་ཡོང་སྔོན།པད་མ་ཚང་སྨི་གྲུ་བཞི༦༠ལྷག་ཡོད་པའི་རྩིག་ཁང་ནང་བསྡད་པ།ས་འགུལ་ཡོང་བས་ཁང་པ་ལོག་སོང་།ན་ལོར་གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ་ཧྭ་ཞི་ཚོགས་པས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་འོག་བཟའ་ཟླ་གཉིས་ཀྱིས་ཉིན་རྟག་པར་ཁང་པ་ལས་པར་བྲེལ་བ་བྱེད།ས་འགུལ་ཡོང་ནས་ལོ་གཅིག་འཁོར་བའི་དུས་སུ།པད་མ་ཚང་དེ་གཅིག་བསྡུས་བཀོད་སྒྲིག་བྱེད་ས་གསར་པར་སྤོ་མཁན་ཁག་དང་པོའི་གྲོང་མིར་གྱུར།

  “明年将努力挣钱,将楼上好好地装修下,搞民居接待,游客来了,今后的收入也更多了。”白玛向我们谋划着未来的发展。

  སང་ལོར་དངུལ་རག་གང་ཐུབ་གསོག་གང་ཐུབ་བྱས་ཏེ་ཁང་ཐོག་དེ་ཡག་པོ་ཞིག་ལས་ནས་ཡུལ་མིའི་སྣེ་ལེན་ཁང་ཡག་པོ་ཞིག་ལས་ཏེ་ལྗོངས་རྒྱུ་བ་ཡོང་ན་ཕྱིན་ཆད་ཀྱི་ཡོང་འབབ་ཀྱང་དེ་ལས་མང་བ་རེད་ཅེས་པད་མས་ང་ཚོར་ཁོའི་འཆར་གཞི་དང་འབྱུང་འགྱུར་གྱི་འཕེལ་རྒྱས་གཏང་རྒྱུ་བཤད།

  像他一样,中古五队集中安置点的30多户牧民群众去年也陆续搬进新家,过上了新生活。

  ཁོ་ཚང་དང་འདྲ་བར་གྲོང་འགོའི་རུ་ཁག་ལྔ་པའི་གཅིག་བསྡུས་བཀོད་སྒྲིག་ས་ཚུགས་ལ་འབྲོག་པ་མང་ཚོགས་དུད་ཚང༣༠ལྷག་ཙམ་ཚང་མའང་ན་ལོར་གཅིག་རྗེས་གཉིས་མཐུད་དུ་ཁྱིམ་གསར་པར་སྤོས་ནས་འཚོ་བ་གསར་པ་རོལ་བ།

  在协德乡先锋村集中安置点,27户受灾群众也于去年全部住进新房。

  ཞི་བདེ་ཤང་གི་གདོང་ལེན་གྲོང་གི་གཅིག་བསྡུས་བཀོད་སྒྲིག་ས་ཚུགས་ལ་གནོད་ཐེབས་མང་ཚོགས་དུད་ཚང༢༧ཀྱང་ན་ལོར་ཁྱིམ་གསར་པར་སྤོས་པ།

  在贫困户阿都家中,60多岁的她不停指着新房门前挂着的“感恩党,爱祖国,奔小康”新旧房屋图片的对比照,口中不断向我们念着,感激之情溢于言表。

  དབུལ་ཕོངས་དུད་ཚང་ཨ་སྡུག་གི་ཁྱིམ་ནང་ལོ་ན༦༠ལྷག་ལོན་པའི་མོས་རྒྱུན་མི་ཆད་ནས་ཁང་པ་གསར་པའི་སྒོ་ཁར་སྦྱར་བའི་ཏང་ལ་བཀའ་དྲིན་ཞུ་ཞིང་མེས་རྒྱལ་ལ་དགའ་བ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་ཞེས་པའི་སྦྱར་ཡིག་དང་ཁང་པ་གསར་རྙིང་གི་པར་ལ་མཛུབ་མོ་བཙུགས་ཏེ་ང་ཚོར་ཨ་བཤད་ཡང་བཤད་བྱེད་ཅིང་བཀའ་དྲིན་བསམ་པ་རང་བཞིན་གྱིས་སྐད་ཆ་དང་ངོ་གདོང་ལས་མཚོན་པ།

  据了解,由于阿都长期生病,导致精神恍惚,家庭贫困,地震前母子二人长期居住在50多平米破旧不堪的老房子中,地震时房子震毁。

  ཤེས་རྟོགས་བྱས་པར་གཞིགས་ན།ཨ་སྡུག་ཡུན་རིང་ནད་ན་པས་དྲན་ཤེས་མི་གསལ་བར་གྱུར་ནས་ཁྱིམ་ཚང་དབུལ་པོ་ཡིན་པ།ས་འགུལ་མ་ཡོང་སྔོན་མ་བུ་གཉིས་དུས་ཡུན་རིང་པོར་སྨི་གྲུ་བཞི༥༠ལྷག་ཡོད་པའི་ཁང་རྒན་རྙིང་ཧྲལ་ནང་བསྡད་པ།ས་འགུལ་ཡོང་བས་ཁང་རྒན་ལོག་སོང་།

  像她这样的贫困程度,依靠自身住上新房,几乎是不可能。

  ཁོ་མོ་ནང་བཞིན་གྱི་དབུལ་ཕོངས་གྱུར་པ་ལ།རང་ཉིད་ལ་བརྟེན་ནས་ཁང་པ་གསར་པར་སྡོད་ཐུབ་པ་བྱ་རྒྱུ་ནི་རྩ་བ་ནས་འགྲུབ་ཐབས་མེད་པ་རེད།

  灾后住房重建中,道孚县结合扶贫攻坚,因户施策,在政府补助6万元的基础上,积极动员当地村民义务投工投劳,同时在华西集团大力支持下,去年两层200多平米的新房修建完成并入住。

  གནོད་སྐྱོན་ཐེབས་རྗེས་སྡོད་ཁང་བསྐྱར་འཛུགས་བྱེད་རིང་།རྟའུ་རྫོང་གིས་དབུལ་སྐྱོར་འགག་གཏོར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དུད་ཚང་གི་གནས་ཚུལ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་པ།སྲིད་གཞུང་གིས་སྒོར་ཁྲི༦ཁ་གསབ་བརྒྱབ་ཐོག་ཡུལ་དེའི་གྲོང་མི་སྐུལ་སློང་གང་ཐུབ་བྱས་ཏེ་འོས་འགན་གྱི་གེ་དང་མི་ལག་བརྒྱབ་པ།དུས་མཚུངས་སུ་ཧྭ་ཞི་ཚོགས་པས་རོགས་སྐྱོར་ཤུགས་ཆེན་བྱས་འོག་ན་ལོར་སྨི་གྲུ་བཞི༢༠༠ལྷག་ཡོད་པའི་ཁང་པ་ཉིས་ཐོག་ཅན་གསར་པ་ཞིག་ལས་ཚར་ནས་དེའི་ནང་དུ་སྤོས་པ་རེད།

  “住上好房子,还要过上好日子,早日让她们脱贫致富!”道孚县灾后重建领导小组副组长、县委宣传部部长彭位琼说,通过村集体经济组织分红,介绍她儿子务工等多种方式增加收入,确保她家今年全面脱贫。

  ཁང་པ་ཡག་པོར་བསྡད་རྗེས་འཚོ་བ་ཡག་པོ་རོལ་བ་དང་སྔར་ཙམ་ཁོ་ཚོ་དབུལ་བྲལ་ཕྱུག་འགྱུར་ཡོང་བ་བྱེད་འཇུག་དགོས་ཞེས་རྟའུ་རྫོང་གི་གནོད་སྐྱོན་ཐེབས་རྗེས་ཁྱིམ་གཞིས་བསྐྱར་འཛུགས་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་དང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཕེང་ཝེ་ཆུན་གྱིས་དེ་ལྟར་བཤད།སྡེ་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ལས་ཀ་བགོ་བ་དང་ཁོ་མོའི་བུ་ལ་ལས་ཀ་ངོ་སྤྲོད་སོགས་བྱེད་ཐབས་མང་པོ་སྤྱད་དེ་ཡོང་འབབ་འཕར་ཐབས་བྱས་ནས་ཁོ་མོ་ཚང་ད་ལོར་ཁྱོན་ཡོངས་ནས་དབུལ་བྲལ་ཡོང་བར་ཁག་ཐེག་བྱེད་པ་རེད།

  以人为本,民生优先。灾后重建中,道孚优先解决受灾群众最关心、最迫切的住房建设问题;同时,按照宜居、宜业、宜游目标,道孚灾后民生重建围绕路、水、电、绿化、活动中心、停车场、垃圾处理等基础设施建设,整合资金建成设施完善、规模适度、功能配套、环境优美、管理有序的示范新村寨。

  མི་གཙོ་བོར་འཛིན་པ་དང་དམངས་འཚོ་སྔོན་དུ་བཀོད་སྒྲིག་བྱེད་པ།གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱེད་རིང་།རྟའུ་རྫོང་གིས་སྔོན་དུ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་དང་ཆེས་དགོས་གཏུག་ཆེ་བའི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུའི་གནད་དོན་ཐག་གཅོད་བྱེད་པ་དང་དུས་མཚུངས་སུ།བསྡད་ན་བདེ་ཞིང་ལས་རིགས་སྤེལ་བདེ་བ།ལྗོངས་རྒྱུ་ཡོང་བར་འཕྲོད་པ་བཅས་ཀྱི་དམིགས་འབེན་ལྟར་རྟའུ་རྫོང་གི་གནོད་སྐྱོན་ཐེབས་རྗེས་དམངས་འཚོ་སྐོར་གྱི་བསྐྱར་འཛུགས་བྱ་རྒྱུའི་ཐད།ལམ་དང་ཆུ།གློག སྔོ་ལྗང་ཅན་དུ་འགྱུར་བ།བྱེད་སྒོ་སྤེལ་སའི་ལྟེ་གནས།རླངས་འཁོར་བཞག་ས།གད་སྙིགས་ཐག་གཅོད་བྱ་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་མ་དངུལ་སྡེབ་སྒྲིག་བྱས་ཏེ་སྒྲིག་བཀོད་འཐུས་ཚང་དང་གཞི་ཁྱོན་འོས་འཚམས།ནུས་པ་ཆ་ཚང་སྒྲིག་པ།འཁོར་ཡུག་མཛེས་སྡུག་ལྡན་པ།དོ་དམ་གོ་རིམ་ལྡན་པ་བཅས་ཀྱི་དཔེ་སྟོན་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུ་བྱས་པ་རེད།

  据了解,道孚县灾后城乡住房重建5个项目,总投资1.87亿元,农村居民住房恢复重建为359户。目前,城乡住房重建项目已完成投资1.67亿元,完工项目3个;农村住房维修加固1300户,已全面完工;农村住房推倒重建已开工359户,开工率为100%,完工329户,完工率为91.6%,完成投资1.17亿元。据统计,抗震救灾和灾后恢复重建工作累计完成投资3.16亿元,占规划总投资的51%。

  ཤེས་རྟོགས་བྱས་པར་གཞིགས་ན།རྟའུ་རྫོང་གི་གནོད་སྐྱོན་ཐེབས་རྗེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་འཛུགས་ཀྱི་རྣམ་གྲངས༥ཡོད་ཅིིང་སྤྱིའི་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར༡.༨༧ཡིན་ཞིང་།ཞིང་སྡེའི་ཡུལ་དམངས་ཀྱི་སྡོད་ཁང་བསྐྱར་འཛུགས་བྱེད་དགོས་པའི་དུད་ཚང༣༥༩ཡོད།མིག་སྔར།་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་འཛུགས་ཀྱི་རྣམ་གྲངས་ལ་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར༡.༦༧གྲུབ་པ་དང་རྣམ་གྲངས༣གྲུབ་ཚར།ཞིང་སྡེའི་སྡོད་ཁང་ཉམས་གསོ་དང་སྲ་བརྟན་གཏོང་རྒྱུའི་དུད་ཚང༡༣༠༠ཡོད་པ་དེ་ཚང་མ་གྲུབ་ཚར།ཞིང་སྡེའི་སྡོད་ཁང་མར་བསློགས་ནས་བསྐྱར་འཛུགས་ཀྱི་ལས་འགོ་ཚུགས་པའི་དུད་ཚང༣༥༩ཡོད་པས་ལས་འགོ་ཚུགས་ཚད་བརྒྱ་ཆ༡༠༠ཐོག་སླེབས་ཡོད།ལས་ཚར་བའི་དུད་ཚང༣༢༩ཡོད་པས་ལས་ཚར་ཚད་བརྒྱ་ཆ༩༡.༦ཡོད་ཅིང་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར༡.༡༧༧གྲུབ་པ།སྡོམ་རྩིས་བྱས་པར་གཞིགས་ན།གནོད་འགོག་གནོད་སྐྱོབ་དང་གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས་ལས་ཀས་རིམ་བསགས་ཀྱིས་བརྩིས་ན་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར༣.༡༦༧གྲུབ་པས་འཆར་འགོད་མ་དངུལ་འཇོག་རྒྱུའི་བསྡོམས་གྲངས་ཀྱི་བརྒྱ་ཆ༥༠ཟིན་པ།(ཆོས་འཛིན་གྱིས་བསྒྱུར།)

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4