川藏铁路,一条史诗级铁路,造价2000亿的超级工程

文章摘要:  在进入高铁时代后,恐怕已经没有哪条普通铁路能如此引人瞩目了。  མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་...

  在进入高铁时代后,恐怕已经没有哪条普通铁路能如此引人瞩目了。

  མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་འབྱོར་རྗེས།སྤྱིར་བཏང་གི་ལྕགས་ལམ་གང་ལའང་དེ་ནང་བཞིན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་མ་རེད།

  还记得那条唱进了千家万户的天路青藏铁路吗?它是中国五条进藏铁路之一,也是目前唯一完工的一条。青藏铁路克服了千里冻土、高寒缺氧、生态脆弱三大世界级难题,至今都是世界铁路史的骄傲。

  མཚོ་བོད་ལྕགས་ལམ་ནི་བོད་དུ་སྐྱོད་པའི་ལྕགས་ལམ་ལྔའི་ཡ་གྱལ་ཞིག་ཡིན་ལ།མིག་སྔར་ལས་ཚར་བའི་ལམ་ཉག་གཅིག་ཀྱང་ཡིན་པ།མཚོ་བོད་ལྕགས་ལམ་ལས་དུས་ལེ་དབར་སྟོང་གི་འཁྱགས་ས་དང་མཐོ་སྒང་ལ་གྲང་ཞིང་དབྱང་རླུང་ཉུང་བ།སྐྱེ་ཁམས་ཉམས་ཞན་བཅས་འཛམ་གླིང་རིམ་པའི་དཀའ་གནད་ཆེན་པོ་གསུམ་ཁྱད་བསད་བྱས་པས།མཐའ་ད་རུང་དེ་ནི་འཛམ་གླིང་ལྕགས་ལམ་ལོ་རྒྱུས་ཐོག་གི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་པའི་ལས་གྲྭ་ཞིག་ཡིན།
\

  然而,即使是里程碑级别的天路,其难度跟接下来这条铁路相比,恐怕也只是热热身罢了。

  འོན་ཀྱང་།ལམ་ཚད་རྡོ་རིང་གི་རིམ་པ་ལྡན་པའི་མཚོ་བོད་ལྕགས་ལམ་ལས་པའི་དཀའ་ཚད་དེ་ཁྲོན་བོད་ལྕགས་ལམ་དང་བསྡུར་ན།གྲ་སྒྲིག་ལས་སྦྱོང་ཙམ་ཞིག་ཡིན་པ།

  川藏铁路-从四川盆地到青藏高原

  ཁྲོན་བོད་ལྕགས་ལམ་དེ་སི་ཁྲོན་གཞོང་དབྱིབས་ས་ཁུལ་ནས་མཚོ་བོད་མཐོ་སྒང་དུ་སྐྱོད་པ།

  川藏铁路起于四川成都,经蒲江、雅安、康定、理塘、左贡、林芝、山南,最终到达到西藏首府拉萨,全长1629千米,设计时速200千米(限制区段时速160千米)。工程投资预估算约2166亿元,于2014年12月底动工。建成后,从成都到拉萨坐火车仅需13小时左右。

  ཁྲོན་བོད་ལྕགས་ལམ་དེ་སི་ཁྲོན་གྱི་ཁྲེང་ཏུའུ་ནས་ཕུའུ་ཅང་དང་གཡག་རྔ།དར་མདོ།ལི་ཐང་།མཛོ་སྒང་།ཉིང་ཁྲི།ལྷོ་ཁ་བཅས་བརྒྱུད་ནས་མཐར་བོད་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་སར་འབྱོར་བ།སྤྱིའི་རིང་ཚད་སྤྱི་ལེ༡༦༢༩ཡོད་ཅིང་ཇུས་འགོད་ཆུ་ཚོད་རེར་སྤྱི་ལེ༢༠༠(ཚོད་འཛིན་ས་ཁུལ་ལ་ཆུ་ཚོད་རེར་སྤྱི་ལེ༡༦༠)ཡིན་པ།ལས་གྲྭར་མ་དངུལ་འཇོག་ཚད་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར༢༡༦༦ཙམ་ཡིན་ཞིང་༢༠༡༤ལོའི་ཟླ་བ༡༢པའི་ཟླ་མཇུག་ནས་ལས་འགོ་ཚུགས་པ།ལས་ཚར་རྗེས།ཁྲེང་ཏུའུ་ནས་ལྷ་ས་ལ་མེ་འཁོར་ལ་སྡོད་ན་ཆུ་ཚོད༡༣ཙམ་ལས་མི་འགོར་བ།
\

  现在人们想要从四川进藏,从成都到拉萨除了飞机,可选的方案通常有两种。

  ད་ལྟར་སི་ཁྲོན་ནས་བོད་དུ་སྐྱོད་ན།གནམ་གྲུ་ཕུད་ཁ་ད་དུང་ལམ་གཉིས་ཡོད་པ།

  一是开车走川藏公路,大约需要3天。公路分北线和南线。北线是317国道,南线就是自驾和骑行圈鼎鼎大名的318川藏线(318国道)。二是坐火车,然而还是需要绕行青藏铁路,需要43小时。可见川藏铁路一旦开通,将会给人们带来多大的方便!

  དང་པོ་ནི་རླངས་འཁོར་བཏང་ནས་ཁྲོན་བོད་གཞུང་ལམ་དུ་སྐྱོད་ན།ཉི་མ་གསུམ་ཙམ་འགོར་བ།གཉིས་པ་ནི་མེ་འཁོར་ནང་སྡོད་ན་མཚོ་བོད་ལྕགས་ལམ་སྐོར་ནས་སྐྱོད་དགོས་པ་དང་ཆུ་ཚོད༤༣འགོར་བ།ཁྲོན་བོད་ལྕགས་ལམ་ལས་ཚར་ན།སྐྱེ་བོ་རྣམས་ལ་སྟབས་བདེ་ཆེན་པོ་ཡོང་གི་རེད།
\

  川藏铁路从建国初期就开始勘察,上世纪90年代就着手选线,但直到2014年才真正开始建设,承载了几代人的梦想。它被称作“最难建的铁路”,线路台阶式八起八伏,累计爬升高度超14000米。难怪外国媒体称之为“一个巨大的过山车”。

  ཁྲོན་བོད་ལྕགས་ལམ་དེ་རྒྱལ་ཁབ་གསར་པ་འཛུགས་པའི་ཐོག་མའི་དུས་ནས་རྩད་ཞིབ་བྱེད་འགོ་ཚུགས་ཤིང་དུས་རབས་གོང་མའི་ལོ་རབས༩༠པ་ནས་ལམ་ཐིག་འདེམས་པ་དང་༢༠༡༤ལོར་གཞི་ནས་ལས་འགོ་ཚུགས།དེ་ནི་ལས་ཀྱི་དཀའ་ཚད་ཆེས་ཆེ་བའི་ལྕགས་ལམ་ཞིག་ཡིན་པ།
\

  川藏铁路的长度小于青藏铁路,但修建却要花费更多时间。由东向西,从成都起步,一路弯弯曲曲、忽高忽低,爬坡上坎、又陡然直下,最后到达拉萨。川藏铁路穿越了五大地形区,这也是世界上地形最难、最复杂的地区。

  ཁྲོན་བོད་ལྕགས་ལམ་དེ་མཚོ་བོད་ལྕགས་ལམ་ལས་ཐུང་རུང་།འོན་ཀྱང་ལས་པར་དུས་ཚོད་དེ་ལས་མང་བ་རྒྱག་དགོས་པ་རེད།ཁྲེང་ཏུའུ་ནས་འགོ་ཚུགས་ཏེ་ལམ་རྒྱུད་དུ་ཀྱག་གེ་ཀྱོག་གེ་སྐབས་རེར་གྱེན་ལ་འགྲོ་བ་དང་སྐབས་རེར་ཐུར་ལ་སྐྱོད་པ།ཁྲོན་བོད་ལྕགས་ལམ་དེ་ས་བབ་ཆེན་པོ་ལྔའི་ས་ཁུལ་བརྒྱུད་དགོས་ཤིང་།དེའང་འཛམ་གླིང་ཐོག་ས་བབ་ཆགས་ཚུལ་དཀའ་ངལ་ཆེས་ཆེ་བ་དང་རྙོག་དྲ་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པ།

  天堂地狱山

  横断山脉是全世界最复杂、险峻、庞大的山系。顾名思义,横阻断路,这条中国最长最宽的南北向山脉群,威武霸气的将东西交通拦腰斩断。即使通了公路,也是中国公认路况最险峻、通行难度最大的公路,在这里发生的事故数不胜数。

  འཕྲེད་རྒྱུག་རི་རྒྱུད་ནི་འཛམ་གླིང་ཡོངས་སུ་ཆེས་རྙོག་དྲ་ཆེ་བ་དང་གཡང་གཟར།གཏོས་ཆེ་བའི་རི་རྒྱུད་ཅིག་ཡིན།འདི་ནི་ཀྲུང་གོའི་ཆེས་རིང་ལ་ཞེང་ཁ་ཆེ་བའི་ལྷོ་བྱང་བརྒྱུད་པའི་རི་རྒྱུད་གཏོས་ཆེ་ཞིག་ཡིན་པས།ཤར་ནུབ་བརྒྱུད་པའི་འགྲིམ་འགྲུལ་འཕྲེད་བཀག་བྱས་པ།འདི་ནར་སྐྱོད་ན་དཀའ་ཚད་ཆེ་ལ་བུད་པའི་འགྲིམ་འགྲུལ་གྱི་ཆག་སྒོའང་གྲངས་ཀྱི་མི་ལང་བ།
\

  但即使如此,横断山脉间的美景仍然吸引无数游人前赴后继,一些司机和骑行者也把通过318国道视为对自己的车辆以及自身耐力的终极考验。走这段路,被称为“心灵在天堂,身体在地狱”。

  འདི་འདྲ་ཡིན་ནའང་།འཕྲེད་རྒྱུག་རི་རྒྱུད་བར་གྱི་མཛེས་ལྗོངས་ཀྱིས་གྲངས་ལས་འདས་པའི་ལྗོངས་རྒྱུ་བ་འདིར་འགུགས་པ་རེད།ཁ་ལོ་བ་དང་ལྕགས་རྟ་སྐྱ་མཁན་འགའ་ཞིག་གིས་རྒྱལ་སྲུང་གཞུང་ལམ༣༡༨དུ་སྐྱོད་པ་དེ་རང་གི་རླངས་འཁོར་དང་རང་ཉིད་ཀྱི་ཐེག་ཤུགས་ལ་མཐའ་མའི་ཉམས་ཞིབ་བྱེད་སར་རྩིས་པ།ལམ་རྒྱུད་དེ་སེམས་ཁམས་ལྷ་ཡུལ་ལ་ཕྱོགས་པ་དང་ལུས་པོ་དམྱེལ་བ་དང་ཉེ་བའི་ས་ཞེས་པ།
\

  在各条山脉之间,依次镶嵌着大渡河、鲜水河、雅砻江、金沙江、澜沧江、怒江等亚洲知名的大江大河,山重水复,岭谷之间的高差达两三千米。半个世纪之前,修筑成昆铁路,仅仅是从横断山区的边缘侧面擦过,就付出了巨大的心力。

  རི་རྒྱུད་བར་ལ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་གཤིས་ཆུ།ཉག་ཆུ།འབྲི་ཆུ།ཟླ་ཆུ།རྒྱ་མོ་རྔུལ་ཆུ་སོགས་ཡ་གླིང་གི་སྐད་གྲགས་ལྡན་པའི་གཙང་པོ་དང་ཆུ་བོ་ཆེན་པོ་ཡོད་ཅིང་རི་རྒྱུད་འབྲེལ་ཞིང་ཆུ་རྒྱུན་མང་བ།རི་མཐོ་གཡང་གཟར་དང་གྲོག་རོང་བར་ལ་མཐོ་དམའ་སྨི་ཉིས་སྟོང་སུམ་སྟོང་ཙམ་གྱི་ཁྱད་པར་ཡོད།དུས་རབས་ཕྱེད་ཀ་ཙམ་གྱི་སྔོན།ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་ལས་དུས།འཕྲེད་རྒྱུག་རི་རྒྱུད་ས་ཁུལ་གྱི་ཟུར་ཁ་ནས་ལས་པ་ཙམ་ཡིན་ནའང་དཀའ་ལས་ཆེན་པོ་དང་སེམས་ཤུགས་ཆེན་པོ་རྒྱག་དགོས་ཐུག་ཡོད་པ་རེད།
\

  是的,现在川藏铁路就是要开着火车,穿过这里。从雅安到康定,就开始进入横断山区的核心地带,正面穿越1000多公里,一直抵达林芝、拉萨。这是肉眼可见的地狱级难度。没办法,谁让我国地大物博,拥有世界上最多样最复杂的地形地貌呢,这是我们宝贵的自然资源,但也确实加大了交通方面的难度。

  ད་ལྟར་ཁྲོན་བོད་ལྕགས་ལམ་ཐོག་མེ་འཁོར་བཏང་ནས་འཕྲེད་རྒྱུག་རི་རྒྱུད་དེ་རྒལ་དགོས་པ་རེད།གཡག་རྔ་དང་དར་མདོ་ནས་འཕྲེད་རྒྱུག་རི་རྒྱུད་ས་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་སླེབས་འགོ་ཚུགས་ཤིང་ཐད་ཀར་སྤྱི་ལེ༡༠༠༠ལྷག་བརྒྱུད་དེ་ཉིང་ཁྲི་དང་ལྷ་སར་འབྱོར་དགོས་པ་རེད།དེ་ནི་མིག་དངོས་ཀྱིས་མཐོང་བའི་འགྲིལ་འགྲུལ་ཐད་ཀྱི་དཀའ་ངལ་རེད།
\

  中国“基建狂魔”的属性可以追溯到秦朝了。比修路,我们不是针对谁……

  开始爬坡

  首先成都-雅安段143公里基本位于川西平原,这都不叫事。

  དང་ཐོག་ཁྲེང་ཏུའུ་ནས་གཡག་རྔ་བར་ལ་སྤྱི་ལེ༡༤༣ཡོད་ཅིང་ཕལ་ཆེར་སི་ཁྲོན་ནུབ་ཕྱོགས་ཀྱི་བདེ་ཐང་ལ་ཡིན་པས་དཀའ་ངལ་ཅི་མེད།
\

  然后从海拔700米的雅安往西,穿越二郎山并爬坡600多米,来到海拔1330米的泸定县。直奔康定,在直线距离30公里内,海拔骤升到2530米,增加了1200米。这第一段爬升,不过是小小的热身而已。

  དེ་ནས་ས་ཁད་སྨི༧༠༠ཡི་གཡག་རྔ་ནས་ནུབ་ཕྱོགས་སུ་ཨེར་ལང་རི་བོ་བརྒྱུད་པ་དང་གྱེན་ལ་སྨི༦༠༠ལྷག་ཕྱིན་རྗེས་ས་ཁད་སྨི༡༣༣༠ལྷག་ཡོད་པའི་ལྕགས་ཟམ་རྫོང་ལ་སླེབས་ཤིང་དར་མདོར་སྐྱོད།ཐད་ཀའི་རྒྱང་ཐག་སྤྱི་ལེ༣༠ཙམ་གྱི་ནང་ས་ཁད་སྨི༢༥༣༠ཡི་མཐོ་སར་བསྐྱོད་ནས་སྨི༡༢༠༠འཕར་བ།ཐེངས་མ་དང་པོའི་གྱེན་ལ་སྐྱོད་པ་དེ་གྲ་སྒྲིག་ལས་སྦྱོང་ཙམ་ཞིག་ཡིན་པ།
\

  从康定往西继续爬升1800米,经过海拔4300米的“康巴第一关”折多山,就进入了真正意义上的藏区。再下降近千米到3450米,一路并行318国道,抵达新都桥镇。

  དར་མདོ་ནས་ནུབ་ཕྱོགས་སུ་མཐར་མཐུད་དེ་གྱེན་ལ་སྨི༡༨༠༠བསྐྱོད་དེ་ས་ཁད་སྨི༤༣༠༠ཡོད་པའི་ཁམས་པའི་འགག་དང་པོ་ཞེས་པའི་རྒྱུ་ལ་བརྒྱུད་ནས་ཡང་བསྐྱར་ཐུར་ལ་སྨི་ཆིག་སྟོང་ཙམ་བསྐྱོད་དེ་ས་ཁད་སྨི༣༤༥༠ཡོད་པའི་ར་རྔ་ཁ་གྲོང་བརྡལ་དུ་སླེབས་པ་རེད།

  往西紧接着爬升1000米,爬上4400米的高尔寺山,再沿河谷直下到海拔2600米的雅江县。雅江县城西行不远,就是短短3公里跃升600米的剪子弯山和卡子拉山,进入海拔4200米的沙鲁里山脉地带。这样的短距离高差,只能修筑一个长隧道,爬坡绕过剪子弯山。

  དེ་ནས་ནུབ་ཕྱོགས་སུ་གྱེན་ལ་སྨི༡༠༠༠བསྐྱོད་ནས་ས་ཁད་སྨི༤༤༠༠ཡོད་པའི་བཀའ་བཞི་ལ་ཐོག་སླེབས་པ།དེ་ནས་ཆུ་འགྲམ་རྒྱུད་ཀྱི་ལུང་པ་དེད་དེ་ས་ཁད་སྨི༢༦༠༠ཡོད་པའི་ཉག་ཆུ་རྫོང་ལ་སླེབས།ཉག་ཆུ་རྫོང་གྲོང་ཁུལ་ནས་ནུབ་ཕྱོགས་སུ་ཐད་ཀ་སྤྱི་ལེ༣ཙམ་ལས་མ་སྐྱོད་པ་ས་ཁད་སྨི༦༠༠གྱེན་ལ་བསྐྱོད་དེ་ར་དམར་ལ་དང་ཁ་རྩེ་ལ་ཐོག་སྐྱོད་པ་དང་ས་ཁད་སྨི༤༢༠༠ཡོད་པའི་ས་ལུའུ་ལི་རི་རྒྱུད་ཀྱི་ས་ཁུལ་དུ་སླེབས།འདི་འདྲ་ཐག་ཐུང་ལ་ས་ཁད་མཐོ་དམའ་ཡི་ཁྱད་པར་ཆེན་པོ་ཡོད་སར་ཕུག་ལམ་རིང་པོ་ཞིག་ཕུག་ནས་ར་དམར་ལ་སྐོར་དགོས་པ་རེད།
\

  然后前行到海拔3950米的理塘县。再爬升到海拔4300米的毛娅坝草原。铁路至此就此要告别318国道,向北大转弯了。因为如果接着沿着G318继续往西,在一路都是海拔4000米的地方,要跨越天险金沙江,再跨澜沧江,沿着峭壁爬升800米,正面杠怒江,再爬上地质破碎的他念他翁山,施工难度实简直无法描述。

  དེ་ནས་ས་ཁད་སྨི༣༩༥༠ཡོདུཔའི་ལི་ཐང་རྫོང་དུ་སླེབས་པ།ཡང་བསྐྱར་ས་ཁད་སྨི༤༣༠༠ཡོད་པའི་འབུམ་ཡག་རྩྭ་ཐང་དུ་སླེབས་པ།ལྕགས་ལམ་དེ་དེ་ནས་རྒྱལ་སྲུང་གཞུང་ལམ༣༡༨དང་ཁ་གྱེས་ཏེ་བྱང་ཕྱོགས་སུ་སྐོར་བ་ཆེན་པོ་ཞིག་རྒྱག་དགོས་པ་རེད།དེ་ནི་གལ་ཏེ་མཐར་མཐུད་དེ་རྒྱལ་སྲུང་གཞུང་ལམ༣༡༨དེད་ནས་ནུབ་ཕྱོགས་སུ་བསྐྱོད་ན།ལམ་རྒྱུད་ལ་ས་ཁད་སྨི༤༠༠༠ཡོད་པ་རྐྱང་རྐྱང་ཡིན་ཞིང་གཡང་གཟར་ཅན་གྱི་འབྲི་ཆུ་དང་ཟླ་ཆུ་རྒལ་དགོས་ལ།རི་གཟར་བརྒྱུད་ནས་སྨི༨༠༠གྱེན་ལ་ཕྱིན་ནས་རྒྱ་མོ་རྔུལ་ཆུ་རྒལ་དགོས་པས།དེ་དག་གི་ཨར་ལས་བྱེད་པའི་དཀའ་ཚད་དེ་བཤད་ཐབས་མེད་པ་རེད།
\

\

  因此,只能向北绕行转向G317(川藏北线)。虽然避开了一些可怕的河谷和陡坡,但依然是非常艰巨的工程,金沙江和澜沧江还是要过,并穿越大片无人山区,来到海拔4400米的邦达草原。

  དེར་བརྟེན།བྱང་ཕྱོགས་སུ་རྒྱལ་སྲུང་གཞུང་ལམ༣༡༧ལ་ཁ་སྐོར་དགོས་པ་རེད།དེ་འདྲ་བྱས་ན་གྲོག་རོང་དང་གཡང་གཟར་ཆེན་པོ་འགའ་གཡོལ་ཐུབ་མོད།ཨར་ལས་སྔར་བཞིན་དཀའ་ཚེགས་ཆེ་བ།འབྲི་ཆུ་དང་ཟླ་ཆུ་ད་དུང་རྒལ་དགོས་ལ།མི་མེད་ལུང་སྟོང་མང་པོ་བརྒལ་ནས་ས་ཁད་སྨི༤༤༠༠ཡོད་པའི་སྤང་མདའ་རྩྭ་ཐང་ལ་སླེབས་པ་རེད།
\

  最难路段

  接下来,就是全线最艰难、令所有人都瞠目结舌、不可思议的昌都-林芝段了。

  དེའི་རྗེས་ལ་ནི་ལམ་ཧྲིལ་པོའི་ཆེས་དཀའ་ངལ་ཆེ་ཞིང་སྐྱེ་བོ་ཚང་མའི་བསམ་ཡུལ་ལས་འདས་པའི་ཆབ་མདོ་ནས་ཉིང་ཁྲི་བར་གྱི་ལམ་དུམ་བུ་དེ་ཡིན།

  这段路要经过著名的怒江72道拐,在直线2公里的范围海拔急剧下降,进入令人胆战心惊的怒江峡谷,这里是没有到过的人难以想象的。在宽不过百米的河谷底抬头望去,两边都是海拔4400米以上的荒山,海拔落差1700米,峭壁千仞、危岩嶙峋,寸草不生。不少江岸都是垂直的石壁,更有大面积的碎石滑坡。

  ལམ་དུམ་བུ་དེ་སྐད་གྲགས་ཡོད་པའི་རྒྱ་མོ་རྔུལ་ཆུའི་ཁུག་ཀྱོག༧༢པའི་ལམ་བརྒྱུད་དགོས།ཐད་ཀའི་རྒྱང་ཐག་སྤྱི་ལེ་གཉིས་ལྷག་ནང་མྱུར་དུ་ཐུར་ལ་སྐྱོད་དགོས།འགྲམ་གཉིས་ལ་ས་ཁད་སྨི༤༤༠༠ཡོད་པའི་རི་རྒོད་ཡིན་ཞིང་ས་ཁད་ཀྱི་ཁྱད་པར་སྨི༡༧༠༠ཡོད་པ་རེད།

  怒江大桥横跨最窄处,全长仅74米,武警看守,禁止停车禁止拍照,可见有多么危险。

  རྒྱ་མོ་རྔུལ་ཆུའི་ཟམ་ཆེན་བར་རྒལ་བྱེད་སའི་ཆེས་དོག་སར་རིང་ཚད་སྨི༧༤ལས་མེད་པ།
\

  就是这样一段路况,这回是怎么也绕不开了。公路还可以盘山,铁路可不行。那么,川藏铁路怎么过江?

  དེ་འདྲའི་ལམ་དུམ་བུ་གང་འདྲ་བྱས་ཀྱང་གཡོལ་ཐབས་མེད་པ།གཞུང་ལམ་ཡིན་ན་རི་སྐོར་ཆོག་མོད།ལྕགས་ལམ་གྱིས་དེ་འདྲ་བྱེད་ཐབས་མེད་པ།འོ་ན།ཁྲོན་བོད་ལྕགས་ལམ་གྱིས་གང་འདྲ་བྱས་ཏེ་རྒྱ་མོ་རྔུལ་ཆུ་རྒལ་བ་ཡིན་ཟེར་ན།
\

  对此,只能采用抬升桥位高度、衔接隧道出口以降低线路落差的办法。这一抬可不得了,一抬就是700米!

  这是什么概念?

  དེའི་སྐོར་ཟམ་པ་མཐོན་པོར་བརྒྱབ་ནས་དུང་ལམ་དང་ཁ་མཐུད་དེ་ས་ཁད་མཐོ་དམའི་ཁྱད་པར་ཆུང་དུ་གཏོང་བའི་བྱེད་ཐབས་ལས་གཞན་མེད་པ།ཟམ་པ་མཐོན་པོ་ལས་པ་དེ་སྨི༧༠༠ཙམ་མཐོ་རུ་གཏོང་དགོས་པ་རེད།དེ་གོ་དོན་གང་ཞིག་ཡིན་ཟེར་ན།

  目前世界上从桥面至谷底的垂直高度最高的桥,是湖北恩施的G50沪渝高速上的四渡河特大桥,桥面距谷底496米。(云南尼珠河大桥高564米,9月10日合龙,暂未通车)

  མིག་སྔར་འཛམ་གླིང་ཐོག་ཟམ་ངོས་ནས་གྲོག་རོང་གཏིང་བར་ཐད་ཀའི་མཐོ་ཚད་ཆེས་མཐོ་བ་ནི་ཧུའུ་པེ་ཞིང་ཆེན་ཨེན་སིའི་རྒྱལ་སྲུང་གཞུང་ལམ༥༠པའི་ཧྲང་ཧའེ་ནས་ཁྲུང་ཆིང་བར་མྱུར་བགྲོད་གཞུང་ལམ་གྱི་སི་ཏུའུ་ཧོ་ཆུ་བོའི་ཟམ་ཆེན་དེ་ཟམ་ངོས་ནས་གྲོག་རོང་གཏིང་བར་སྨི༤༩༦ཡོད་པ།

  世界第二、中国第一的高楼上海中心大厦的尖顶是632米。

  等于说,未来要修建的川藏铁路怒江特大桥,高度比世界第二高楼还要高70米。嗯,修铁路修出一座摩天大楼,可以,这很中国。

  འཛམ་གླིང་གི་ཨང་གཉིས་པ་དང་ཀྲུང་གོའི་ཨང་དང་པོའི་ཐོག་བརྩེགས་ཁང་ཆེན་ཧྲང་ཧའེ་ལྟེ་བའི་ཁང་ཆེན་གྱི་མཐོ་ཚད་དེ་སྨི༦༣༢ཡོད།
\

  དེ་ལས་འབྱུང་འགྱུར་བསྐྲུན་རྒྱུའི་ཁྲོན་བོད་ལྕགས་ལམ་གྱི་རྒྱ་མོ་རྔུལ་ཆུ་ཟམ་ཆེན་གྱི་མཐོ་ཚད་དེ་འཛམ་གླིང་གི་ཨང་གཉིས་པ་ཡིན་པའི་ཐོག་བརྩེགས་ཁང་ཆེན་ལས་ད་དུང་སྨི༧༠མཐོ་བ།

  想象一下总长1300多米的万吨钢铁桥梁,飞跃在怒江峡谷700米高的空中的视觉效果,这绝对是人类空前绝后、震古烁今的终极工程。

  不过,这不是炫技,这是唯一可行的办法。

  བསམ་བློ་ཞིག་ཐོང་དང་།ཁྱོན་བསྡོམས་སྨི༡༣༠༠ལྷག་ཡོད་པའི་ཏུན་ཁྲི་ལྡན་པའི་ངར་ལྕགས་ཅན་གྱི་ཟམ་པ་དེ་རྒྱ་མོ་རྔུལ་ཆུའི་གྲོག་རོང་གི་སྨི༧༠༠མཐོ་བའི་བར་སྣང་ནང་མཐོང་ཚོར་གྱི་སྣང་བ་ཅི་འདྲ་ཞིག་ཡིན་ནམ།འདི་ནི་མིའི་རིགས་ཀྱི་སྔར་མེད་ལ་རྗེས་སུའང་ཡོང་མི་སྲིད་པའི་ལས་གྲྭ་ཞིག་ཡིན་ཤག་རེད།འོན་ཀྱང་འདི་ནི་ངོམ་ངོམ་བྱེད་པའི་ལག་རྩལ་མིན་པར།འདི་ནི་ལག་བསྟར་བྱས་འཐུས་ཀྱི་བྱེད་ཐབས་ཉག་ཅིག་ཡིན་པ།
\

  

        终于,大桥怒跨怒江,随后穿越对岸海拔4400米的山体,又继续下坡,抵达海拔3200米的八宿县城。再以长隧道打穿念青唐古拉山,绕过然乌湖、通麦天险,到达林芝。

  མཐར།ཟམ་ཆེན་རྒྱ་མོ་རྔུལ་ཆུ་བརྒལ་རྗེས་ས་ཁད་སྨི༤༤ཡོད་པའི་རི་བོ་བརྒྱུད་དེ་མཐར་མཐུད་ནས་ཐུར་དུ་ཕྱིན་ནས་ས་ཁད་སྨི༣༢༠༠ཡོད་པའི་དཔའ་ཤོད་རྫོང་གྲོང་ཁུལ་དུ་སླེབས།དེ་ནས་གཉན་ཆེན་ཐང་ལྷ་ལ་ཕུག་ལམ་རིང་པོ་བརྒྱབ་ནས་ར་འོག་མཚོ་དང་རང་གྲུབ་འགག་བཙན་ཐོག་མེད་བརྒལ་ནས་ཉིང་ཁྲི་ལ་སླེབས།
\

  而后从林芝到拉萨的435公里,则是已经开工的拉林铁路。其中要沿着山高谷深的雅鲁藏布江峡谷修建,八次跨越雅鲁藏布江,不过……这已经不算什么了。

  དེ་ནས་ཉིང་ཁྲི་ནས་ལྷ་ས་བར་གྱི་སྤྱི་ལེ༤༣༥ནི་ལས་འགོ་ཚུགས་ཚར་བའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཡིན་པ།དེའི་ནང་རི་མཐོ་གཡང་གཟར་ལྡན་པའི་ཡར་ཀླུངས་གཙང་པོ་གྲོག་རོང་བརྒྱུད་ནས་ལས་དགོས་ཤིང་ཡར་ཀླུངས་གཙང་པོ་ཐེངས་མ་བརྒྱད་རྒལ་དགོས་པ།འོན་ཀྱང་དེ་དག་དཀའ་ལས་ཆེན་པོ་ཅི་རྩིས་རིན་མེད་པ།
\

  川藏铁路拉萨到林芝段定测工作进入收尾阶段。图为中国中铁二院工程集团有限责任公司的工作人员在林芝县布久乡进行定测工作。

  ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ཚད་འཇལ་གཏན་འཁེལ་ལས་ཀ་དེ་མཇུག་རིམ་དུ་སླེབས།པར་འདིི་ནི་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཡོའན་གཉིས་པའི་ལས་སྒྲུབ་མི་སྣས་ཉིང་ཁྲི་རྫོང་དཔུང་འཇུག་ཤང་དུ་ཚད་འཇལ་གཏན་འཁེལ་གྱི་ལས་ཀ་སྒྲུབ་བཞིན་པ།
\

  由中铁五局成都工程公司施工的明则特大桥水中墩全部完工,拉林铁路由此率先跨越雅鲁藏布江。李维康摄。

  沿途风景

  ཀྲུང་གོའི་ལྕགས་ལམ་ཅུས་ལྔ་པའི་ཁྲེང་ཏུའུ་ཨར་ལས་སྤྱི་གཉེར་ཁང་གིས་ལས་པའི་མིང་རྩེ་ཟམ་པ་ཆེན་པོའི་ཟམ་གདན་ཚང་མ་ལས་ཚར་བས།ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དེ་ནས་ཡར་ཀླུངས་གཙང་པོ་རྒལ་འགོ་ཚུགས་པ།

  虽然说这个穿越天堑的工程看起来是如此艰难,但沿途的风景是真美。事实上318国道正是国内最著名的景观大道之一,穿越在复杂的高山峡谷间,沿途风景千变万化,可以体验“隔山不同天,一天有四季”的奇妙感觉。从天府之国出发,沿途康定、林芝,再到拉萨,中间哪个不是赫赫有名的旅游胜地。

  རང་བྱུང་འོབས་ཆེན་རྒལ་བའི་ཨར་ལས་དེ་བལྟས་ན་འདི་འདྲ་དཀའ་ཚེགས་ཆེ་མོད།འོན་ཀྱང་ལམ་རྒྱུད་ཀྱི་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡིན་པ།དོན་དངོས་ཐོག་རྒྱལ་སྲུང་གཞུང་ལམ༣༡༨ནི་རྒྱལ་ནང་གི་ཆེས་སྐད་གྲགས་ལྡན་པའི་མཛེས་ལྗོངས་ལམ་ཆེན་ཞིག་ཡིན་པ།ལམ་རྒྱུད་དེར་འགྲོ་ན།རི་གཅིག་བརྒལ་ན་གནམ་གཤིས་མི་འདྲ་བ་དང་ཉིན་གཅིག་ལ་དུས་ཚིགས་བཞིའི་མྱོང་ཚོར་ཡོད་པ་མྱོང་ཆོག་པ་རེད།ས་གཤིན་ཐོན་ལེགས་ཞིང་ཁམས་ཀྱི་ཁྲེང་ཏུའུ་ནས་སྐྱོད་དེ་ལམ་བརྒྱུད་དུ་དར་མདོ་དང་ཉིང་ཁྲི།དེ་ནས་ལྷ་སར་འབྱོར་བ།བར་བརྒྱུད་དུ་ལྗོངས་རྒྱུའི་མཛེས་ལྗོངས་མིན་པ་གཅིག་ཀྱང་མེད་པ།
\

  天府之国,美食之都

  ས་གཤིན་ཐོན་ལེགས་ཞིང་ཁམས་ཀྱི་ཟས་མཆོག་ཡུལ་ཁམས།
\

  青城山与都江堰

  ཆིང་ཁྲེང་རི་བོ་དང་ཏུའུ་ཅང་ཡན་ཆུ་བེད་ཀྱི་ལྟེ་གནས།
\

  甘孜——康定情歌

  དཀར་མཛེས་ཁུལ་གྱི་དར་མདོའི་མཛའ་གཞས།
\

  摄影家的天堂——新都桥镇

  པར་རྒྱག་མཁན་གྱི་ལྷ་ཡུལ།ར་རྔ་ཁའི་གྲོང་བརྡལ།
\

  毛垭草原

  འབུམ་ཡག་རྩྭ་ཐང་།\
 

  稻城亚丁——香格里拉之魂

  འདབ་པའི་ཉིན་སྟེན།ཤམ་བྷ་ལའི་བླ་སྲོག་ལྟ་བུའི་གནས།
\

  金沙江虎跳峡

  འབྲུ་ཆུའི་སྟག་མཆོང་འགག་ཀླུང་།
\

  澜沧江——东方多瑙河

  ཟླ་ཆུ་ནི་ཤར་ཕྱོགས་ཀྱི་ཏུའོ་ནའོ་ཧོ་ཆུ་བོ་རེད།
\

  怒江72拐

  རྒྱ་མོ་རྔུལ་ཆུའི་ཁུག་ཀྱོག༧༢པའི་ལམ།
\

  邦达草原

  སྤང་མདའ་རྩྭ་ཐང་།
\

  然乌湖

  ར་འོག་མཚོ།
\

  通麦天险,号称“通麦坟场”,是川藏线最险的一段路和“世界第二大泥石流群”。

  ཐོག་མེད་རང་གྲུབ་འགག་བཙན་ལ་ཐོག་མེད་དུར་ས་ཟེར་གྱི་ཡོད།དེ་ནི་ཁྲོན་བོད་ལམ་གྱི་ཆེས་བཙན་སའི་ལམ་ཞིག་དང་འཛམ་གླིང་གི་ཤྭ་ལོག་ཆེན་པོ་ཡོང་ས་ཨང་གཉིས་པ་ཡིན་པ་རེད།
\

  米堆冰川——世界级奇观

  སྨན་སྟོད་འཁྱགས་ཀླུང་འཛམ་གླིང་རིམ་པའི་ཡུལ་ལྗོངས་ངོ་མཚར་ཅན།
\

  林芝——西藏江南

  ཉིང་ཁྲི་བོད་ལྗོངས་ཀྱི་ཐོན་སྣ་ཕུན་སུམ་ཚོགས་པའི་ས་ཁུལ།
\

  南迦巴瓦峰——直冲苍穹

  གནམ་ལྕགས་འབར་བ་མཁའ་ལ་ཀེར་རེ་ལངས་པ།
\

  布达拉宫

  རྩེ་པོ་ཏ་ལ།

  可见排除万难修这第二条“天路”是完全值得的,不说旅游这种表面的好处,川藏铁路在西部发展和军事国防方面也有重要的意义。

  དཀའ་ཁྲི་ཁྱད་བསད་ཀྱིས་མཁའ་ལམ་གཉིས་པ་དེ་ལས་པ་ནི་རྦད་དེ་ལས་རིན་ཡོད་པ་ཞིག་ཡིན་པ་མཐོང་ཐུབ་ཀྱི་རེད།ཕྱི་ངོས་ཀྱི་ལྗོངས་རྒྱུའི་དགེ་མཚན་བཤད་མི་དགོས་པར།ཁྲོན་བོད་ལྕགས་ལམ་གྱིས་ནུབ་ཕྱོགས་འཕེལ་རྒྱས་དང་དམག་དོན་རྒྱལ་སྲུང་ཐད་ལའང་དོན་སྙིང་གལ་ཆེན་ལྡན་པ་རེད།

  如果一切顺利的话,这条全线穿越全世界地质最复杂地区但又美不胜收的铁路全线建成至少要等到2025年。

  我们能做的,只有期待。

  གལ་ཏེ་ཚང་མ་བདེ་བླག་ཡོང་ན།འཛམ་གླིང་ཡོངས་ཀྱི་ས་བབ་ཆེས་རྙོག་དྲ་བརྒྱུད་པའི་ལམ་ཡིན་ལ་མཛེས་སྡུག་ལྟ་བས་མི་ངོམ་པའི་ལྕགས་ལམ་ཧྲིལ་པོ་དེ་བསྐྲུན་པར་མ་མཐའ་ཡང༢༠༢༥ལོ་ལ་སྒུག་དགོས་པ་རེད།ང་ཚོས་སྒུག་གྱིས།
\

  中国5条进藏铁路

  ཀྲུང་གོའི་བོད་དུ་སྐྱོད་པའི་ལྕགས་ལམ་ལྔ་སྟེ།

  青藏铁路(已完工)

  མཚོ་བོད་ལྕགས་ལམ།(ལས་ཚར་བ།)

  川藏铁路(在建)

  ཁྲོན་བོད་ལྕགས་ལམ།(ལས་བཞིན་ཡོད།)

  滇藏铁路(在建)

  ཡུན་བོད་ལྕགས་ལམ།(ལས་བཞིན་ཡོད།)

  甘藏铁路(待建)

  ཀན་བོད་ལྕགས་ལམ།(ལས་རྒྱུ།)

  新藏铁路(待建)

  ཞིན་བོད་ལྕགས་ལམ།(ལས་རྒྱུ།)

  (ཆོས་འཛིན་གྱིས་བསྒྱུར།)

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4