西藏山南:千年“非遗”编织“精准扶贫”新画卷

文章摘要:  合作社社员在进行手工编织མཉམ་ལས་ཁང་གི་ཞིང་པས་ལག་བསླས་བྱེད་བཞིན་ཡོད་པ།  合作社社员

  

合作社社员在进行手工编织

མཉམ་ལས་ཁང་གི་ཞིང་པས་ལག་བསླས་བྱེད་བཞིན་ཡོད་པ།


  

合作社社员在绘制唐卡

མཉམ་ལས་ཁང་གི་ཞིང་པས་ཐང་ག་འབྲི་བཞིན་པ།


  

记者采访红星合作社社长

གསར་འགོད་པས་སྐར་དམར་མཉམ་ལས་ཁང་གི་འགན་ཁུར་ལ་བཅར་འདྲི་ཞུ་བཞིན་པ།

  民族广播网拉萨7月31日消息(记者黎莹)氆氇是加工藏装、藏靴、金花帽的主要材料,在藏族人们日常生活中所占地位如棉布一样普及。氆氇编织是西藏自治区重要的非物质文化遗产。随着精准扶贫的深入推进,这项传承千年的手工艺正在西藏山南焕发出勃勃生机,为藏区人民脱贫致富注入新的动力。

  མི་རིགས་རྒྱང་བསྒྲགས་དྲ་བས་ཟླ་བ༧པའི་ཚེས༣༡ཉིན་ལྷ་ས་ནས་འབྱོར་བའི་གཏམ་གསར།འགོ་སྣམ་ནི་བོད་ཆས་དང་བོད་ལྷམ།ཚེ་རིང་སྐྱིན་ཁེབས་སོགས་ལས་སྣོན་བྱེད་ཡས་ཀྱི་རྒྱུ་ཆ་གཙོ་བོ་ཡིན་པས།བོད་རིགས་མི་དམངས་ཀྱི་ནམ་རྒྱུན་འཚོ་བའི་ནང་རས་ཆ་ནང་བཞིན་མི་དགོས་ས་མེད།འགོ་སྣམ་འཐག་རྒྱུ་ནི་བོད་རང་སྐྱོང་ལྗོངས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན།གནད་འཁེལ་དབུལ་སྐྱོར་གཏིང་ཟབ་ཏུ་སྐུལ་སྤེལ་གཏོང་བ་དང་ཆབས་ཅིག་ལོ་སྟོང་བརྒྱུད་སྤེལ་བྱས་པའི་ལག་རྩལ་རྩེ་གྲ་དེ་བོད་ལྗོངས་ཀྱི་ལྷོ་ཁར་སྐྱེ་སྟོབས་ཀྱི་དཔལ་འབར་བར་གྱུར་ནས་བོད་ཁུལ་མི་དམངས་དབུལ་བྲལ་ཕྱུག་འགྱུར་ཡོང་བར་ནུས་པ་གསར་པ་ཐོན་བཞིན་ཡོད།

  走进琼结县红星农牧民综合专业合作社,咔咔的织布机声络绎不绝,数十种颜色的织线正在社员们的手中变成光鲜亮丽的藏装和氆氇(藏族毛织品,可以做衣服、床毯等)。63岁的合作社农民索朗正认真地将一条彩色边饰缝在氆氇上。“这批氆氇要求的质量很高,我正在学习新的编织技术,这样生产出来的产品质量更好,也能卖出更好的价钱。” 她一边舞动着编织机一边对记者说。

  འཕྱོངས་རྒྱས་རྫོང་སྐར་དམར་ཞིང་འབྲོག་མི་དམངས་ཕྱོགས་བསྡུས་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་དུས།ཁ་ཁྲ་ཁ་ཁྲ་ཞེས་འཁེལ་འཐག་འཁོར་ལོའི་སྒྲ་རྒྱུན་ཆད་མེད་པ།ཁ་མདོག་བཅུ་ཕྲག་ཁ་ཤས་ཀྱི་འཁེལ་འཐག་དེ་འཁེལ་འཐག་པའི་ལག་པ་བརྒྱུད་ནས་ཁ་མདོག་སྣ་ཚོགས་ཀྱི་བོད་ཆས་དང་འགོ་སྣམ་དུ་འགྱུར་བ།ལོ་ན༦༣ལོན་པའི་མཉམ་ལས་ཁང་གི་ཞིང་པ་བསོད་ནམས་ཀྱིས་ནན་ཏན་གྱིས་འགོ་སྣམ་ལ་འཇའ་རིས་ཀྱི་མཐའ་ཤན་རྒྱག་བཞིན་པ།འགོ་སྣམ་དེ་དག་གི་སྤུས་ཚད་མཐོན་པོ་དགོས་པས།ངས་སླ་སྟངས་གསར་པའི་ལག་རྩལ་སྦྱོང་བཞིན་ཡོད།དེ་འདྲ་བསླས་པའི་ཐོན་རྫས་སྤུས་ཚད་སྔར་ལས་ཡག་ཅིང་བཙོངས་ན་རིན་པའམ་ཡག་པོ་རག་ཐུབ་ཀྱི་རེད་ཅེས་མོས་འཁེལ་འཐག་རྒྱག་ཞོར་གསར་འགོད་པར་དེ་འདྲ་བཤད།

  索朗一家老人和小孩比较多,只有从妹妹那里过继来的一个孩子是家里唯一的劳动力,目前在数十公里外的泽当镇打工。家里基本就靠她一个人里外操持,由于没有固定收入来源,一家人的生活颇为拮据。“我还有一个姐姐,体弱多病,需要常年吃药看病,以前都是向银行和亲戚朋友借钱,很多年家里都没有买过一件家具。”

  བསོད་ནམས་ཚང་ལ་མི་རྒན་དང་བྱིས་པ་ཅུང་མང་བ།གཅུང་མོ་ནས་བུ་གཡར་བྱས་པ་དེ་ཁྱིམ་གྱི་མི་ལག་གཙོ་བོ་ཡིན།མིག་སྔར་སྤྱི་ལེ་བཅུ་ཕྲག་ཁ་ཤས་རྒྱང་བའི་རྩེད་ཐང་གྲོང་བརྡལ་དུ་ཞོར་ལས་བྱེད་བཞིན་ཡོད།ཁྱིམ་ནང་གི་ལས་ཀ་ཚང་མ་མོས་ལས་ཀྱི་ཡོད།ཡོང་འབབ་གཏན་འཁེལ་མེད་པས་ཁྱིམ་གྱི་འཚོ་བའི་ཐད་ཅུང་དཀའ་མོ་ཡིན་པ་རེད།ང་ལ་ད་དུང་གཅེན་མོ་ཞིག་ཡོད།ལུས་སྟོབས་ཞན་ལ་ན་ཚ་མང་བས།ལོ་རྟག་པར་སྨན་འཐུང་དགོས་ཤིང་སྔོན་ཆད་དངུལ་ཁང་དང་གཉེན་ཉེ།གྲོགས་པོ་སོགས་ལ་དངུལ་གཡར་དགོས་ཐུག་པས།ལོ་མང་པོ་རིང་ལ་ཁྱིམ་ལ་སྒྲིག་ཆས་གཅིག་ཀྱང་ཉོ་མ་མྱོང་བ།

  两年前,索朗经邻居介绍,来到红星合作社学习氆氇编织。“这里离我家很近,社长告诉我把家里的事情忙完随时可以过来学习,制作的产品合格了就可以挣到钱,而且学习期间不收任何费用。”

  ལོ་གཉིས་སྔོན་ལ་ཁྱིམ་མཚེས་ཀྱིས་ངོ་སྤྲོད་བྱས་པར་བརྒྱུད་བསོད་ནམས་སྐར་དམར་མཉམ་ལས་ཁང་དུ་ཡོང་ནས་འགོ་སྣམ་འཐག་རྒྱུ་སྦྱོང་བ།འདི་ན་ངའི་ཁྱིམ་དང་ཐག་ཉེ་བ།མཉམ་ལས་ཁང་གི་འགན་ཁུར་གྱིས་ང་ལ་ཁྱིམ་ནང་གི་ལས་ཀ་ལས་ཚར་རྗེས་དུས་ནམ་ཡིན་ནའང་འཁེལ་འཐག་སྦྱོང་བར་ཡོང་ན་ཆོག།འཐག་པའི་འགོ་སྣམ་སྤུད་ཚད་དང་མཐུན་ན་འཐག་གླ་ལེན་ཆོག་ལ་སློབ་སྦྱོང་བྱེད་རིང་རིན་པ་གང་ཡང་སྤྲོད་མི་དགོས་ཟེར།

  由于年龄较大,索朗刚开始做起针线活来比较吃力。合作社专门安排了技术成熟的社员,手把手地教他。几个月下来,索朗完全掌握了氆氇的制作技巧。“编织氆氇看上去很难,但他们教得特别好,我这个老人也一听就明白。”索朗说。

  ལོ་ན་ཅུང་ཆེ་བས་བསོད་ནམས་ཀྱིས་དང་ཐོག་འཚེབ་དྲུབ་ལས་ཀར་ཅུང་དཀའ་ངལ་ཡོད་པ།མཉམ་ལས་ཁང་གིས་ཆེད་དུ་ལག་རྩལ་བྱང་ཆུབ་པའི་ཞིང་པ་ཞིག་གིས་མོར་ལག་རྩལ་བསླབས་བཅུག།ཟླ་བ་འགའ་ཕྱིན་རྗེས།བསོད་ནམས་ཀྱིས་འགོ་སྣམ་འཐག་རྒྱུའི་ལག་རྩལ་ཤེས་པ་རེད།འགོ་སྣམ་འཐག་རྒྱུ་དེ་བལྟས་ན་དཀའ་མོ་ཡིན་མོད།ཁོ་ཚོས་སློབ་ལུགས་ཡག་པོ་ཡིན་པས།ང་ལོ་ན་ཆེ་ནའང་བཤད་པ་ཙམ་ལ་ཤེས་སོང་ཞེས་བསོད་ནམས་ཀྱིས་བཤད།

  这个“新手艺”为索朗增加了客观的收入。两年多来,她每月都能挣到一千至两千元,每年年底还能得到六千元的分红。“自从加入合作社,姐姐的医药费再也不用向别人借钱了。”索朗说,不仅如此,家里还买了藏式的床和组合柜,刚刚还购买了新的手扶拖拉机,“家具都是从合作社购买的,不仅价格比市场便宜,还可以分期付款。合作社让我们一家生活变了样,感谢党和政府的好政策!”

  ལག་རྩལ་གསར་པ་དེ་ཤེས་པས་བསོད་ནམས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་རེད།ལོ་གཉིས་ལྷག་ཙམ་རིང་།བསོད་ནམས་ཀྱིས་ཟླ་བ་རེར་སྒོར་སྟོང་གཅིག་ནས་གཉིས་བར་རག་ལ།ལོ་རེའི་ལོ་མཇུག་ལ་ད་དུང་སྒོར་དྲུག་སྟོང་གི་ཁེ་སྤོགས་ཐོབ་ཀྱི་ཡོད།མཉམ་ལས་ཁང་ནང་ཞུགས་པ་ནས་བཟུང་།གཅེན་མོའི་སྨན་རིན་ཡང་གཞན་ནས་གཡར་མི་དགོས་པ་རེད།དེ་ཙམ་མ་ཚད།ཁྱིམ་ལ་ད་དུང་བོད་ཀྱི་ཉལ་ཁྲི་དང་སྡེབ་སྒྲིག་སྒྲིག་ཆས་ཉོ་ཡོད་ལ།ལག་སྐྱོར་འདྲུད་འཐེན་འཁོར་ལོ་གསར་པ་ཞིག་ཀྱང་ཉོ་མ་ཐག་ཡིན།ཁྱིམ་ཆས་ཚང་མ་ནི་མཉམ་ལས་ཁང་ནས་ཉོ་བ་ཡིན།གོང་བདེ་ལ་དུས་ཁག་བགོས་ནས་དངུལ་སྤྲོད་ཆོག་པ་རེད།མཉམ་ལས་ཁང་ཡོད་པས་ང་ཚོའི་ཁྱིམ་གྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་སོང་།ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོར་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་བསོད་ནམས་ཀྱིས་བཤད།

  带领索朗和村民们走上脱贫道路的,是红星合作社的社长桑珠次仁。这位土生土长的琼结人,几年前就已经在山南市做起生意,过上较为富裕的生活。但家乡还有很多家庭困难的父老乡亲,让他时刻牵挂,“那时候就总想回乡创业,带动村里群众一起致富。” 桑珠次仁说。

  བསོད་ནམས་དང་གྲོང་མི་ཚོར་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་འགྲོ་ལམ་ཐོག་སྐྱོད་འཇུག་མཁན་ནི་སྐར་དམར་མཉམ་ལས་ཁང་གི་འགན་ཁུར་བ་བསམ་འགྲུབ་ཚེ་རིང་ཡིན་པ།རང་ས་རང་ཡུལ་དུ་སྐྱེས་པའི་འཕྱོངས་རྒྱས་ཀྱི་མི་དེས་ལོ་འགའི་སྔོན་ནས་ལྷོ་ཁ་གྲོང་ཁྱེར་ལ་ཚོང་བརྒྱབ་ནས་འཚོ་བ་ཅུང་ཕྱུག་འགྱུར་ཡོང་བ།འོན་ཀྱང་ཕ་ཡུལ་ལ་ད་དུང་ཡུལ་མི་སྤུན་ཟླ་མང་པོ་ཡོད་པ་ཁོས་ནམ་དུས་སེམས་ནང་བཟུང་གི་ཡོད།དེ་དུས་ཕ་ཡུལ་དུ་ལོག་ནས་ལས་སྒོ་ཞིག་བསྐྲུན་ནས་གྲོང་མི་ཚོ་དང་མཉམ་དུ་ཕྱུག་འགྱུར་བྱེད་དགོས་དུས་རྟག་ཏུ་བསམ་གྱི་ཡོད་ཅེས་བསམ་འགྲུབ་ཚེ་རིང་གིས་བཤད།

  从2013年开始,西藏自治区推行“双联户”服务管理模式,即“联户平安、联户增收”。这让桑珠次仁看到了机遇,“从自治区到县里都里给了政策上的支持,是我下定了回乡创业的决心。”

  ༢༠༡༣ལོ་ནས་བཟུང་།བོད་རང་སྐྱོང་ལྗོངས་ཀྱིས་མཉམ་འབྲེལ་དུད་ཚང་རིགས་གཉིས་ཏེ་དུད་ཚང་མཉམ་འབྲེལ་གྱིས་བདེ་འཇགས་ཡོང་བ་དང་དུད་ཚང་མཉམ་འབྲེལ་གྱིས་ཡོང་འབབ་འཕར་སྣོན་ཡོང་བའི་ཞབས་ཞུ་དོ་དམ་བྱེད་སྟངས་ཁྱབ་གདལ་གཏོང་བ།དེ་ལས་བསམ་འགྲུབ་ཚེ་རིང་གིས་གོ་སྟབས་མཐོང་ནས་རང་སྐྱོང་ལྗོངས་དང་རྫོང་ཚང་མས་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་པ་ཤེས་རྗེས།དེ་ནས་ངས་ཕ་ཡུལ་དུ་ལོག་ནས་ལས་སྒོ་སྐྲུན་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བསམ་འགྲུབ་ཚེ་རིང་གིས་བཤད།

  2013年桑珠次仁创办琼结县红星农牧民综合专业合作社,带领15名社员走上创业脱贫道路。同时,琼结县也对桑珠次仁这样的 “双联户”带头人提供支持。合作社一成立,就得到20万元的专项资金用于场地建设和设备购买。“大大加快了我们投产的速度,也让社员们很快就看到了收益。” 桑珠次仁说。

  ༢༠༡༣ལོར་བསམ་འགྲུབ་ཚེ་རིང་གིས་འཕྱོངས་རྒྱས་རྫོང་གི་སྐར་དམར་ཞིང་འབྲོག་མི་དམངས་ཕྱོགས་བསྡུས་ཆེད་ལས་མཉམ་ལས་ཁང་གཉེར་ནས་ཞིང་པ༡༥སྣེ་ཁྲིད་དེ་ལས་སྐྲུན་དབུལ་བྲལ་གྱི་ལམ་དུ་སྐྱོད་པ།དུས་མཚུངས་སུ།འཕྱོངས་རྒྱས་རྫོང་གིས་ཀྱང་བསམ་འགྲུབ་ཚེ་རིང་འདྲ་པོའི་མཉམ་འབྲེལ་དུད་ཚང་རིགས་གཉིས་ཀྱི་སྣེ་ཁྲིད་མི་སྣར་རྒྱབ་སྐྱོར་བྱེད་པ་རེད།མཉམ་ལས་ཁང་བཙུགས་རྗེས་ཆེད་སྤྱོད་མ་དངུལ་སྒོར་ཁྲི༢༠སྤྲད་དེ་ར་བ་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་བར་སྤྱོད་རྒྱུ་བྱས་པས།ང་ཚོས་ཐོན་འགོ་ཚུགས་རྒྱུའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཞིང་པ་ཚོས་ཀྱང་སྔར་ཙམ་ཡོང་འབབ་རག་ཐུབ་པ་བྱུང་བ་རེད་ཅེས་བསམ་འགྲུབ་ཚེ་རིང་གིས་བཤད།

  目前,合作社共有社员35名,2016年累计发放工资12万元,并为周边的贫困户提供帮扶资金1.7万元。成为山南地区“联营增收”示范点。“过一阵,我要把外出打工的孩子叫回来,在家里同样可以挣钱,而且不比外面挣得少。”索朗笑着对记者说。

  མིག་སྔར་མཉམ་ལས་ཁང་ནང་ཞིང་པ༣༥ཡོད།༢༠༡༦ལོར་རིམ་བསགས་ཀྱིས་བརྩིས་ན་གླ་ཕོགས་སྒོར་ཁྲི༡༢སྤྲོད་ཡོད་ཅིང་ད་དུང་མཐའ་འཁོར་གྱི་དབུལ་ཕོངས་དུད་ཚང་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི༡.༧འདོན་སྤྲོད་བྱས་ཡོད།མཉམ་ལས་ཁང་དེ་ལྷོ་ཁ་ས་ཁུལ་གྱི་མཉམ་གཉེར་ཡོང་འཕར་གྱི་དཔེ་སྟོན་བྱེད་སར་གྱུར།དུས་ཚོད་ཅུང་ཕྱིན་རྗེས་ངས་ཕྱིར་གླ་རྒྱག་མཁན་བུ་ཆུང་ཕྱིར་བོས་ཏེ་ཁྱིམ་དང་ཉེ་སར་གླ་རྒྱག་ཆོག་ཅིང་གླ་ཆའང་ཕྱི་ལས་མི་ཉུང་བ་རེད་ཅེས་བསོད་ནམས་ཀྱིས་དགའ་འཛོམས་འཛོམས་ཀྱིས་གསར་འགོད་པར་བཤད།

  氆氇好似一条条通向幸福生活的纽带。在山南市乃东区,有一家民族哗叽手工编织专业合作社,这里的社员同样在氆氇编织上尝到了甜头。

  འགོ་སྣམ་རེ་དེ་བདེ་སྐྱིད་ལམ་དུ་སྐྱོད་པའི་སྒྲོག་ཐག་ལྟ་བུར་གྱུར།ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་ས་ཁུལ་ལ་མི་རིགས་ཐེར་མ་འཐག་མཁན་ཆེད་ལས་མཉམ་ལས་ཁང་ཞིག་ཡོད།འདི་ནའི་ཞིང་པ་ཚོས་ཀྱང་འགོ་སྣམ་འཐག་ལས་ཐད་ཡོང་འབབ་ཡག་པོ་རག་པ་རེད།

  “家里4口人,2个孩子都在上学,加入合作社之前连孩子的学费都交不上。”社员扎桑说,“加入合作社以后,不仅学到了画唐卡的技能,还学习了很多管理和销售上的知识,不仅生活不发愁,感觉自己的能力也提高了很多。”

  ཁྱིམ་ལ་མི་བཞི་ཡོད་ཅིང་བྱིས་པ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད།མཉམ་ལས་ཁང་ནང་མ་ཞུགས་སྔོན་བྱིས་པའི་སློབ་ཡོན་སྤྲོད་པ་ལའང་དཀའ་ངལ་ཡོད་འདུག།མཉམ་ལས་ཁང་ནང་ཞུགས་རྗེས།ཐང་ག་འབྲི་རྒྱུའི་ལག་རྩལ་ཤེས་པར་མ་ཟད།ད་དུང་བདག་གཉེར་དང་ཕྱིར་འཚོང་གི་ཤེས་བྱའང་མང་པོ་ཤེས་སྟབས།འཚོ་བའི་ཐད་སེམས་ཁུར་མེད་ལ།རང་ཉིད་ཀྱི་ནུས་པའང་མཐོ་རུ་ཆེན་པོ་ཕྱིན་ཡོད་པའི་འཚོ་སྣང་ཡོད་འདུག་ཅེས་ཞིང་པ་བཀྲ་བཟང་གིས་བཤད།

  目前,这个合作社有122名员工,全部实现脱贫。“办合作社不仅是让居民脱贫致富,更要让哗叽手工编织这个文化遗产传承发展下去。” “泽帖尔”合作社社长巴桑说,为传承这项手工技艺,合作社注册了“泽帖尔”品牌。在山南市的扶持与帮助下,经过不断发展,如今“泽帖尔”已成为乃东县的一张名牌,其商标更成为西藏自治区著名商标。“我希望通过成立合作社,继承和发扬民族优秀文化遗产,同时带动贫困居民再就业,帮助周边农牧民致富。”

  མིག་སྔར།མཉམ་ལས་ཁང་འདིར་ལས་སྒྲུབ་མི་སྣ༡༢༢ཡོད་ཅིང་ཚང་མ་དབུལ་བྲལ་ཡོང་བ།མཉམ་ལས་ཁང་གཉེར་བ་དེས་ཡུལ་མི་དབུལ་བྲལ་ཕྱུག་འགྱུར་ཡོང་བར་མ་ཟད།དེ་ལས་ཐེར་མ་ལག་འཐག་གི་རིག་གནས་ཤུལ་བཞག་དེ་རྒྱུན་འཛིན་གོང་འཕེལ་ཡོང་བ་རེད།རྩེད་ཐེར་མཉམ་ལས་ཁང་གི་འགན་ཁུར་བ་པ་སངས་ཀྱིས་བཤད་པར།ལག་རྩལ་འདི་རྒྱུན་འཛིན་བྱེད་ཆེད།མཉམ་ལས་ཁང་གིས་རྩེད་ཐེར་ཞེས་ཐོ་བཀོད་ཚོང་རྟགས་བྱས་ཚར།ལྷོ་ཁ་གྲོང་ཁྱེར་གྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་འོག་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བས།ད་སང་རྩེད་ཐེར་ཞེས་པ་དེ་སྣེ་གདོང་རྫོང་གི་མིང་བྱང་ཞིག་ཏུ་འགྱུར་ཞིང་།ཚོང་རྟགས་དེ་བོད་རང་སྐྱོང་ལྗོངས་ཀྱི་སྐད་གྲགས་ལྡན་པའི་ཚོང་རྟགས་སུ་འགྱུར་བ།ངའི་རེ་བ་ནི་མཉམ་ལས་ཁང་བཙུགས་པ་བརྒྱུད་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་ཆབས་ཅིག་དབུལ་ཕོངས་ཡུལ་མི་ཡང་བསྐྱར་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་མཐའ་འཁོར་གྱི་ཞིང་འབྲོག་མི་དམངས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་དེ་ཡིན།

  专业合作社是山南精准扶贫工作的一个缩影。近年来,西藏山南市采取易地搬迁、产业扶持、转移就业、技能培训、生态补偿、发展集体经济等综合措施来帮助农牧民群众脱贫。坚持产业脱贫治本,确立了清洁能源、优势矿产、建筑建材、特色农牧、绿色食饮品、民族手工、生物制药、旅游文化、电商物流九大产业,计划实施产业扶贫项目373个,总投资70.92亿元。大力实施“百名能人带动”工程。2016年209名能人已带动3245名贫困群众人均增收5600元,今年上半年164名能人已带动2393名贫困群众人均增收3869元。

  མཉམ་ལས་ཁང་ནི་ལྷོ་ཁའི་གནད་འཁེལ་དབུལ་སྐྱོར་ལས་ཀའི་བསྡུས་རིས་ཤིག་ཡིན་པ།ཉེ་བའི་ལོ་ཤས་རིང་།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་གཞན་ཡུལ་ལ་སྤོ་བ་དང་ཐོན་ལས་རོགས་སྐྱོར།གནས་སྤོས་ལས་ཞུགས།ལག་རྩལ་གསོ་སྐྱོང་སྦྱོང་བརྡར།སྐྱེ་ཁམས་གསོ་བར་གསབ་དངུལ་སྤྲོད་པ།ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་ཞིང་འབྲོག་དམངས་ཚོགས་ལ་དབུལ་བྲལ་བྱ་རྒྱུའི་རོགས་རམ་བྱས་པ།ཐོན་ལས་ལ་བརྟེན་ནས་དབུལ་བྲལ་རྩ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།དྭངས་གཙང་གི་ནུས་ཁུངས་དང་མཐུན་རྐྱེན་གཏེར་ལས།འཛུགས་སྐྲུན་རྒྱུ་ཆས།ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས།ལྷད་མེད་བཟའ་བཏུང་།མི་རིགས་ལག་ཤེས།སྐྱེ་དངོས་སྨན་རྫས།ལྗོངས་རྒྱུ་རིག་གནས།གློག་རྡུལ་ཚོང་དོན་དང་དངོས་ཟོག་འགྲེམས་སྐྱེལ་བཅས་ཐོན་ལས་ཆེན་པོ་དགུ་གཏན་འཁེལ་བྱས་ཏེ་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུའི་རྣམ་གྲངས༣༧༣ལག་བསྟར་བྱ་རྒྱུ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༧༠.༩༢རྒྱག་རྒྱུའི་འཆར་གཞི་བཞག་པ།འཇོན་ཐང་ཅན་མི་བརྒྱ་ཡིས་སྐུལ་ཁྲིད་བྱེད་པའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ།༢༠༡༦ལོར་འཇོན་ཐང་མི་སྣ༢༠༩ཡིས་དབུལ་ཕོངས་མང་ཚོགས༣༢༤༥ལ་སྐུལ་ཁྲིད་བྱས་ཏེ་ཆ་སྙོམས་མི་རེའི་ཡོང་འབབ་སྒོར༥༦༠༠འཕར་སྣོན་ཡོང་བ།ད་ལོའི་ལོ་སྟོད་འཇོན་ཐང་མི་སྣ༡༦༤ཡིས་དབུལ་ཕོངས་མང་ཚོགས༢༣༩༣ལ་སྐུལ་ཁྲིད་བྱས་ཏེ་ཆ་སྙོམས་མི་རེའི་ཡོང་འབབ་སྒོར༣༨༦༩འཕར་སྣོན་ཡོང་བ་རེད།

  “我们将按照中央和自治区领导的指示精神,聚焦全市深度贫困地区和特殊贫困群体,大力发展扶贫主导产业,努力形成攻坚合力,确保如期实现2017年18048名贫困群众脱贫,201个贫困村整村退出,洛扎、曲松、错那、桑日、琼结,加查6县摘帽的年度脱贫攻坚目标。”山南市扶贫办公室副主任次仁达瓦说。

  ང་ཚོས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་སློབ་སྟོན་སྙིང་དོན་ལྟར།ནུས་ཤུགས་གང་ཡོད་ཀྱིས་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་བཏང་ནས་དུས་བཀག་ལྟར༢༠༡༧ལོར་དབུལ་ཕོངས་མང་ཚོགས་མི་སྣ༡༨༠༤༨དབུལ་བྲལ་ཕྱུག་འགྱུར་ཡོང་བ་དང་དབུལ་ཕོངས་སྡེ་ཚོ༢༠༡དབུལ་བྲལ་ཡོང་བ།ལྷོ་བྲག་དང་ཆུ་གསུམ།མཚོ་སྣ།ཟངས་རི།འཕྱོངས་རྒྱས།རྒྱ་ཚ་རྫོང་དྲུག་གི་དབུལ་བྲལ་གཏོར་རྒལ་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ལྷོ་ཁ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་ཟླ་བས་བཤད་པ་རེད།

  (ཆོས་འཛིན་གྱིས་བསྒྱུར།)

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4