西藏举办首届健身锅庄舞交流展示大赛

文章摘要:锅庄,意为“圆圈歌舞”,是最为藏族人民群众喜闻乐见的一种歌舞形式。田间地头、亲友小聚、节日盛会,到处都有锅庄带来的欢声笑语

  \

  比赛队入场。

  འགྲན་བསྡུར་རུ་ཁག་འཁྲབ་རར་ཞུགས་པ།

  本网拉萨8月7日讯(记者 王惠芳)载歌载舞,共庆美好幸福生活。8月7日上午,西藏2017年“全民健身日”启动仪式暨全区首届健身锅庄舞交流展示大赛在拉萨开幕,龙王潭老年健身队等19支队伍,共398名选手盛装出席比赛。

  ངེད་དྲྭ་བས་ཟླ་བ༨པའི་ཚེས༧ཉིན་ལྷ་ས་ནས་འབྱོར་བའི་གཏམ་གསར།(གསར་འགོད་པ་ཝང་ཧུའེ་ཧྥང་ནས།)གླུ་ལེན་བྲོ་འཁྲབ་ཀྱིས་མཉམ་དུ་བདེ་སྐྱིད་འཚོ་བར་རྟེན་འབྲེལ་ཞུ་བ།ཟླ་བ༨པའི་ཚེས༧ཉིན་གྱི་སྔ་དྲོར།བོད་ལྗོངས་ཀྱི༢༠༡༧ལོའི་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་ཉིན་ཞེས་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་ལྗོངས་ཡོངས་ཀྱི་སྐབས་དང་པོའི་ལུས་ཁམས་བདེ་ཐང་གི་སྒོར་བྲོ་འཁྲབ་པའི་འགྲན་བསྡུར་སྤེལ་རེས་ཆེན་པོ་དེ་ལྷ་སར་སྤེལ་འགོ་ཚུགས་པ།ཀླུ་ཁང་ན་རྒན་ལུས་ཁམས་བདེ་ཐང་རུ་ཁག་སོགས་རུ་ཁག༡༩ཡི་འགྲན་བསྡུར་པ༣༩༨འགྲན་བསྡུར་ནང་ཞུགས་ཡོད།

  锅庄,意为“圆圈歌舞”,是最为藏族人民群众喜闻乐见的一种歌舞形式。田间地头、亲友小聚、节日盛会,到处都有锅庄带来的欢声笑语。在此次比赛中,各支代表队都拿出了看家本领,将各地丰富的歌舞表现形式、民族服饰元素、民风民俗在腾挪跳跃间展现得酣畅淋漓。

  སྒོར་བྲོ་ནི་བོད་རིགས་མི་དམངས་མང་ཚོགས་ཀྱིས་ཆེས་དགའ་བའི་གླུ་གར་ཞིག་ཡིན།ཞིང་ཁ་མུ་ཟུར་དང་ཆུང་གྲོགས་ཚོ་མཉམ་འཛོམ་བྱེད་པ།ཚེས་བཟང་དུས་ཆེན་སོགས་ལ་སྒོར་བྲོ་ནི་མེད་དུ་མི་རུང་བ་ཞིག་ཡིན།ཐེངས་འདིའི་འགྲན་བསྡུར་ནང་།རུ་ཁག་ཚང་མས་རང་རང་གི་འཁྲབ་རྩལ་ཡག་ཤོས་བསྟན་ནས་ས་གནས་ཁག་གི་གླུ་གར་འཁྲབ་སྟངས་ཕུན་སུམ་ཚོགས་པོ་དང་མི་རིགས་ཀྱི་གོས་རྒྱན་རྒྱུ་ཆ།མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་བཅས་དེ་གོམ་འགྲོས་དང་སྡོག་སྒྲ་མཉམ་རྒྱག་ལས་འདོད་པ་གང་ཚིམ་མཚོན་ཡོད།\

  西藏职业技术学院代表队正在表演藏姜锅庄。

  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་འཐུས་ཚབ་རུ་ཁག་གིས་བོད་བྱང་གི་སྒོར་བྲོ་འཁྲབ་བཞིན་པ།

  日喀则市代表队的舞蹈队员措吉很高兴能来参加比赛,她说:“取得什么样的名次不重要,只要能够跟大家在一起跳舞,就特别开心!”

  གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་པ་མཚོ་སྐྱིད་འགྲན་བསྡུར་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་བ།མོས་བཤད་པར།མིང་རིམ་གང་ཐོབ་པ་དེ་གལ་ཆེན་པོ་མ་རེད།ཚང་མ་དང་མཉམ་དུ་བྲོ་འཁྲབ་རྒྱུ་བྱུང་ན་དེ་ནི་ཆེས་ཡག་ཤོས་རེད།

  西藏自治区体育局社体中心书记范振强在接受记者采访时这样说到:“举办此次比赛,旨在推动锅庄舞品种、曲目的融合、交流、发展,激发全区各族群众的健身热情,营造全民健身的浓厚氛围,带动广大人民群众跳起来、舞起来,以健康积极的精神面貌向党的十九大献礼!”

  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ཧྲུའུ་ཅི་ཧྥན་ཀྲེན་ཆང་གིས་གསར་འགོད་པས་བཅར་འདྲི་བྱས་པར་ལན་རྒྱག་དུས་འདི་འདྲ་བཤད་པར།ཐེངས་འདིའི་འགྲན་བསྡུར་གཉེར་བའི་དམིགས་ཡུལ་ནི་སྒོར་བྲོའི་རིགས་སྣ་ཚོགས་དང་གླུ་གཞས་འཆམ་པོ་ཡོང་བ།སྤེལ་རེས།འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་བྱ་རྒྱུའི་སྤྲོ་སེམས་སྐུལ་སློང་དང་དམངས་ཡོངས་ཀྱིས་ལུས་ཁམས་བདེ་སྲུང་བྱེད་པའི་ངང་ཚུལ་ཞིག་བཟོ་བ།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གླུ་གར་འཁྲབ་པ་དང་འཆམ་པར་སྐུལ་ཁྲིད་བཅས་བྱས་ཏེ་ལུས་ཁམས་བདེ་ཐང་གི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ལེགས་སྐྱེས་འབུལ་རྒྱུ་དེ་རེད།

责任编辑:王惠芳
(ཆོས་འཛིན་གྱིས་བསྒྱུར།)

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4