西藏纪念登山队登顶14座海拔8000米以上高峰10周年

文章摘要:“纪念中国西藏登山队成功登顶世界14座海拔8000米以上高峰(以下简称‘14座’)10周年”庆祝活动12日在西藏登山学校举行。

  图为1999年中国西藏登山队登顶珠穆朗玛峰 西藏登山学校供图

  པར་འདི་ནི་༡༩༩༩ལོར་ཀྲུང་གོའི་བོད་ལྗོངས་ཀྱི་རིར་འཛེག་རུ་ཁག་གིས་ཇོ་མོ་གླང་མའི་ཡང་རྩེར་འཛེགས་པ།བོད་ལྗོངས་ཀྱི་རིར་འཛེག་སློབ་གྲྭས་པར་འདོན།

  “纪念中国西藏登山队成功登顶世界14座海拔8000米以上高峰(以下简称‘14座’)10周年”庆祝活动12日在西藏登山学校举行。这是世界上唯一一支以团体形式成功登顶“14座”高峰的登山队。

  ཀྲུང་གོའི་བོད་ལྗོངས་ཀྱི་རིར་འཛེག་རུ་ཁག་གིས་ལེགས་འགྲུབ་ངང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༨༠༠༠ལྷག་ཡོད་པའི་ཡང་རྩེ༡༤ལ་འཛེགས་ནས་(འོག་ལ་ཡང་རྩེ་༡༤ཞེས་བསྡུས་པ།)ལོ་༡༠འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དེ་ཚེས༡༢ཉིན་བོད་ལྗོངས་ཀྱི་རིར་འཛེག་སློབ་གྲྭར་སྤེལ་བ།འདི་ནི་འཛམ་གླིང་ཐོག་ཐུན་མོང་གི་རྣམ་པའི་ཐོག་ནས་ལེགས་འགྲུབ་ངང་ཡངརྩེ༡༤ལ་འཛེག་ཐུབ་པའི་རིར་འཛེག་རུ་ཁག་ཉག་གཅིག་རེད།

 

 

图为7月12日,纪念活动现场 何蓬磊 摄

  པར་འདི་ནི་ཟླ་བ༧པའི་ཚེས༡༢ཉིན་དྲན་གསོ་བྱེད་སྒོ་སྤེལ་ཡུལ་རེད།ཧོ་ཧྥུང་ལུའི་ཡིས་པར་བརྒྱབ།

  据介绍,从1993年到2007年,中国西藏登山队历时14年,成功攀登世界14座海拔8000米以上高峰,创造了集体登顶“14座”的世界登山纪录。2016年12月25日,西藏登山队年轻一代队员次仁旦达、德庆欧珠完成徒步攀登世界七大洲最高峰和徒步南北极点(7+2)探险任务,实现了西藏登山队在世界登山领域的“大满贯”。

  ངོ་སྤྲོད་བྱས་པར་གཞིགས་ན།༡༩༩༣ལོ་ནས༢༠༠༧ལོའི་བར།ཀྲུང་གོའི་བོད་ལྗོངས་ཀྱི་རིར་འཛེག་རུ་ཁག་གིས་ལོ༡༤ཡི་ནང་ལེགས་འགྲུབ་ངང་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༨༠༠༠ལྷག་ཡོད་པའི་ཡང་རྩེ༡༤ལ་འཛེགས་ནས་ཐུན་མོང་གིས་ཡང་རྩེ༡༤ལ་འཛེགས་པའི་འཛམ་གླིང་གི་རིར་འཛེག་ཟིན་ཐོ་བསྐྲུན་པ།༢༠༡༦ལོའི་ཟླ་བ༡༢པའི་ཚེས༢༥ཉིན།བོད་ལྗོངས་རིར་འཛེག་རུ་ཁག་གི་ན་གཞོན་མི་རབས་ཀྱི་རུ་མི་ཚེ་རིང་བསྟན་དར་དང་སྡེ་ཆེན་དངོས་གྲུབ་གཉིས་ཀྱིས་རྐང་ཐང་གིས་འཛམ་གླིང་གི་གླིང་ཆེན་བདུན་གྱི་ཆེས་མཐོ་བའི་ཡང་རྩེར་འཛེགས་པ་དང་རྐང་ཐང་གིས་ལྷོ་བྱང་གླིང་སྣེ་གཉིས་ལ་འགྲོ་བའི(བདུན་ཐོག་གཉིས་སྣོན)གྱི་མྱུལ་དཔྱད་ལས་འགན་བསྒྲུབས་ནས་བོད་ལྗོངས་ཀྱི་རིར་འཛེག་རུ་ཁག་གི་འཛམ་གླིང་གི་རིར་འཛེག་ཁྱབ་ཁོངས་ནང་ལེགས་འགྲུབ་ཆེན་པོ་མངོན་འགྱུར་བྱུང་བ་རེད།

  “2002年,雪山脚下长大的我进入西藏登山学校,自此踏上登山之路。登山没有捷径,我们要踏着前辈的足迹一步一步向上攀登,永远以赤子之心对待热爱的登山事业。”西藏登山队教练次仁旦达说。

  ༢༠༠༢ལོར།གངས་རི་འོག་འཚར་ལོངས་བྱུང་བའི་ང་བོད་ལྗོངས་ཀྱི་རིར་འཛེག་སློབ་གྲྭར་ཞུགས་པ་ནས་བཟུང་རིར་འཛེག་པའི་ལམ་དུ་ཞུགས་པ་ཡིན།རིར་འཛེག་པར་མགྱོགས་ལམ་མེད་པས།ང་ཚོས་སྔོན་རབས་པའི་རྐང་རྗེས་དེད་ནས་གོམ་པ་གང་རེ་གང་རེ་གོང་ལ་འཛེག་དགོས་པ་དང་དུས་ནམ་ཡང་ལྷད་མེད་སེམས་དཀར་གྱིས་དགའ་བའི་རིར་འཛེག་བྱ་བར་རྣམ་འགྱུར་འཛིན་དགོས་ཀྱི་རེད་ཅེས་བོད་ལྗོངས་རིར་འཛེག་རུ་ཁག་གི་རྩལ་སློབ་དགེ་རྒན་ཚེ་རིང་བསྟན་དར་གྱིས་དེ་ལྟར་བཤད།

  

图为7月12日,“中国西藏攀登世界14座海拔8000米以上高峰探险队”队员展示纪念奖杯 何蓬磊 摄

  པར་འདི་ནི་ཟླ་བ༧པའི་ཚེས༡༢ཉིན།ཀྲུང་གོའི་བོད་ལྗོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༨༠༠༠ལྷག་ཡོད་པའི་ཡང་རྩེ༡༤ལ་འཛེག་མཁན་མྱུལ་དཔྱད་རུ་ཁག་གི་རུ་མི་ཚོས་དྲན་གསོའི་བྱ་དགའི་བུམ་པ་སྟོན་བཞིན་པ།ཧོ་ཧྥུང་ལུའི་ཡིས་པར་བརྒྱབ།

  “中国西藏攀登世界14座海拔8000米以上高峰探险队”队员边巴扎西告诉中新网记者,登山不仅需要对山的热爱,更需要具备一定的文化素养,同时要掌握一些专业技术,也希望西藏登山队队员能够把前辈的登山精神传承下去。

  ཀྲུང་གོའི་བོད་ལྗོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༨༠༠༠ལྷག་ཡོད་པའི་ཡང་རྩེ༡༤ལ་འཛེག་མཁན་མྱུལ་དཔྱད་རུ་ཁག་གི་རུ་མི་དཔལ་འབར་བཀྲ་ཤིས་ཀྱིས་ཀྲུང་གོའི་གསར་འགྱུར་དྲྭ་བའི་གསར་འགོད་པར་བཤད་དོན།རིར་འཛེག་བྱ་བ་དེ་རིར་དགའ་བ་མ་ཟད།ད་དུང་རིག་གནས་བྱང་ཆ་ངེས་ཅན་ཞིག་ཀྱང་ཡོད་དགོས།དུས་མཚུངས་སུ་ཆེད་ལས་ཀྱི་ལག་རྩལ་འགའ་ཞིག་ཁུང་དུ་ཆུད་པ་བྱེད་དགོས་པས།བོད་ལྗོངས་ཀྱི་རིར་འཛེག་རུ་ཁག་གི་རུ་མི་ཚོར་སྔོན་རབས་པའི་རིར་འཛེག་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཞུས་པ་ཡིན།

 

 图为7月12日,西藏自治区政府副秘书长刘萱(左一)为西藏登山队攀登七大洲最高峰和徒步南北极点探险活动队员德庆欧珠颁发纪念奖杯何蓬磊 摄

  པར་འདི་ནི་ཟླ་བ༧པའི་ཚེས༡༢ཉིན།བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཞོན(གཡོན་གྱི་དང་པོ།)གྱིས་བོད་ལྗོངས་རིར་འཛེག་རུ་ཁག་འཛམ་གླིང་གི་གླིང་ཆེན་བདུན་གྱི་ཆེས་མཐོ་བའི་ཡང་རྩེར་འཛེགས་པ་དང་རྐང་ཐང་གིས་ལྷོ་བྱང་གླིང་སྣེ་གཉིས་ལ་འགྲོ་བའི་མྱུལ་དཔྱད་པ་སྡེ་ཆེན་དངོས་གྲུབ་ལ་དྲན་གསོའི་བྱ་དགའི་བུམ་པ་གནང་བ།ཧོ་ཧྥུང་ལུའི་ཡིས་པར་བརྒྱབ།

  西藏体育局副局长尼玛次仁表示,西藏登山正处于从专业登山向社会登山转型的关键时期,我们将进一步推动专业登山向大众登山、普及登山、商业登山转变,不断提升登山户外运动产业发展水平。

  བོད་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བཤད་པར།བོད་ལྗོངས་ཀྱི་རིར་འཛེག་བྱ་བ་དེ་ཆེད་ལས་པས་རིར་འཛེག་ནས་སྤྱི་ཚོགས་ཀྱི་མི་སྣ་རིར་འཛེག་ཏུ་འགྱུར་བའི་གནད་འགག་གི་དུས་རིམ་ལ་གནས་ཡོད་པས།ང་ཚོས་སྔར་ལྷག་གིས་ཆེད་ལས་པས་རིར་འཛེག་ནས་མང་ཚོགས་རིར་འཛེག་དང་རིར་འཛེག་ཁྱབ་གདལ།ཚོང་ལས་ཅན་གྱི་རིར་འཛེག་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས་རིར་འཛེག་ཕྱི་རོལ་ལུས་རྩལ་འགུལ་སྐྱོད་ཀྱི་ཐོན་ལས་གོང་འཕེལ་ཡོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་ཡིན།

 

 图为7月12日,“西藏喜马拉雅高山环境保护基金会”启动 何蓬磊 摄

  པར་འདི་ནི་ཟླ་བ༧པའི་ཚེས༡༢ཉིན།བོད་ལྗོངས་ཀྱི་ཇོ་མོ་གླང་མའི་རི་མཐོན་པོའི་འཁོར་ཡུག་སྲུང་སྐྱོང་གི་ཐེབས་རྩ་ལྷན་ཚོགས་སྤེལ་འགོ་ཚུགས་པ།ཧོ་ཧྥུང་ལུའི་ཡིས་པར་བརྒྱབ།

  活动当天,西藏自治区登山运动管理中心(西藏登山协会)和西藏圣山登山探险服务公司共同发起“西藏喜马拉雅高山环境保护基金会”,用于支持西藏喜马拉雅山峰所在地环境保护事业。

  བྱེད་སྒོ་སྤེལ་བའི་ཉིན་དེར།བོད་རང་སྐྱོང་ལྗོངས་རིར་འཛེག་ལས་འགུལ་དོ་དམ་ལྟེ་གནས(བོད་ལྗོངས་རིར་འཛེག་ལྷན་ཚོགས)དང་བོད་ལྗོངས་གནས་རིར་འཛེགས་ནས་མྱུལ་དཔྱད་བྱེད་པར་ཞབས་ཞུ་བྱེད་མཁན་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་པོར་བོད་ལྗོངས་ཀྱི་ཇོ་མོ་གླང་མའི་རི་མཐོན་པོའི་འཁོར་ཡུག་སྲུང་སྐྱོང་གི་ཐེབས་རྩ་ལྷན་ཚོགས་སྤེལ་འགོ་ཚུགས་ནས་ཇོ་མོ་གླང་མའི་ཡང་རྩེ་གནས་ཡུལ་གྱི་འཁོར་ཡུག་སྲུང་སྐྱོང་བྱ་བར་རྒྱབ་སྐྱོར་བྱ་རྒྱུ་བྱེད་པ་རེད།(ཆོས་འཛིན་གྱིས་བསྒྱུར།)

双语阅读排行榜

特色视频教学

更多>>

藏汉双语网版权所有 copyright@zanghansy.com

京ICP备05053385号-4